གངས་གནོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གངས་གནོད།
གངས་གནོད་ནི་དུས་ཡུན་རིང་བོར་ཁ་བའི་འབབ་ཚད་མང་བས་གཞི་རྒྱ་ཆེན་པོར་གངས་གནོད་བྱུང་བའི་རང་བྱུང་གི་སྣང་ཚུལ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
雪灾
ཕྱི་ཡིག་གི་མིང་།
snow disaster
རིགས་དབྱེ།
རང་བྱུང་གནོད་འཚེ།
འབྱུང་རྐྱེན།
ཁ་བ་འབབ་ཚད་མང་བ།
1 ངོ་སྤྲོད།

གངས་གནོད་ནི་དུས་ཡུན་རིང་བོར་ཁ་བའི་འབབ་ཚད་མང་བས་གཞི་རྒྱ་ཆེན་པོར་གངས་གནོད་བྱུང་བའི་རང་བྱུང་གི་སྣང་ཚུལ་ཞིག་ཡིན།   དེ་ནི་རང་རྒྱལ་གྱི་ཕྱུགས་ལས་ས་ཁུལ་དུ་མང་དུ་བྱུང་བའི་ཕྱུགས་ལས་ཀྱི་གནམ་གཤིས་གནོད་འཚེ་ཞིག་ཡིན།   གཙོ་བོ་མཐའ་ཡས་པའི་རྩྭ་ཐང་ན་འཚོ་བ་རོལ་བཞིན་པའི་འབྲོག་ཁུལ་དུ་དགུན་ཁར་ཁ་བ་འབབ་ཚད་ཆེ་བ་དང་དུས་ཡུན་རིང་བའི་རྐྱེན་གྱིས་བྱུང་བ་ཡིན།   གངས་གནོད་ཀྱིས་འབྲོག་པ་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་པ་རེད།  རྒྱུ་མཚན་ནི་འབྲོག་པ་མང་ཚོགས་ཀྱིས་རྟ་ནོར་ལུག་གསུམ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད།   གངས་གནོད་བྱུང་ནས་ཁ་བ་འབབ་ཚད་ཧ་ཅང་མཐུག་པས་མུ་མཐའ་མེད་པའི་རྩ་ཐང་ལ་ཁ་བས་གཡོགས་ནས་སྲོག་ཆགས་རྣམས་ལ་རྩྭ་ཟ་རྒྱུ་མེད་པ་དང་ལྟོག་སྐོམ་བྱུང་ནས་ན་བ། ཤི་བའི་གནས་ཚུལ་ཧ་ཅང་མང་བ་དང་།    འགྲིམ་འགྲུལ་ཡང་སྟབས་མི་བདེ་བར་གྱུར་འདུག   རང་རྒྱལ་གྱི་གངས་གནོད་བྱུང་སའི་ས་ཁུལ་གཙོ་བོ་དག་ནི་ནང་སོག་རྩྭ་ཐང་དང་ནུབ་བྱང་ས་ཁུལ།   མཚོ་བོད་མཐོ་སྒང་སོགས་རེད།  

2 འབྱུང་རྐྱེན།

རང་རྒྱལ་གྱི་གངས་གནོད་འབྱུང་རྐྱེན་རྣམ་པ་ལྔ་རུ་དབྱེ་བ་ཡིན།  

གཅིག   དུས་གཏན་དུ་གངས་གསོག་ཐེབས་པ།   མཚོ་ངོས་ལས་མཐོ་ཚད་ཧ་ཅང་མཐོ་བའི་རི་མགོར་དུས་གཏན་དུ་གངས་གསོག་ཐེབས་པ་དང་ལོ་ཧྲིལ་བོར་མི་ཞུ་བ་རེད།  

གཉིས།   གཏན་འཇགས་རང་བཞིན་གྱི་ཁ་བས་གཡོགས་པ་དང་ཉིན་དྲུག་བཅུ་ལྷག་གི་རིང་ལ་ཁ་བས་གཡོགས་འདུག་པ། 

གསུམ།    གཏན་འཇགས་མིན་པའི་གངས་གསོག་ཐེབས་པ།    ལོ་རེར་ཁ་བ་འབབ་པ་ཡིན་མོད།  འོན་ཀྱང་ཁ་དབུགས་དྲོ་བ་དང་མཚམས་རེར་འབབ་པ།  མཚམས་རེར་མི་འབབ་པ་སོགས་ཀྱི་གནས་ཚུལ་བྱུང་ངེས།   དུས་ཚོད་ཀྱི་ཐོག་ནས་ཀྱང་ཉིན10ནས60བར་ཡིན།  དུས་རྒྱུན་དུ་མི་འབབ་པ། 

བཞི།   གློ་བུར་དུ་གངས་གསོག་ཐེབས་པ།    གཙོ་བོ་ཀྲུང་ཧྭ་ལྷོ་རྒྱུད་ས་ཁུལ་དང་ལྷོ་ནུབ་ས་ཁུལ་སོགས་ཀྱི་ཆ་སྙོམས་ཀྱི་དྲོད་ཚད་ཧ་ཅང་མཐོ་བས་ཁ་བ་མྱུར་དུ་ཞུ་འགྲོ་བ་ཡིན།   ས་ངོས་སུ་དུས་ཡུན་ཅུང་ཐུང་བའི་ཁ་བ་གསོག་པ་དེ་ཡིན།  

གནོད་འཚེ་བྱུང་བའི་ཞིང་ཆེན། 

གངས་གནོད་ནི་གཙོ་བོ་སྤྱི་ལོ2008ལོའི་ཟླ1བའི་ཚེས10ནས་བཟུང་བའི་རང་རྒྱལ་གྱི་ས་ཁུལ་དག་ཏུ་བྱུང་བའི་གངས་གནོད་དེ་ལ་ཟེར།   གཙོ་བོ་ཧྲེང་ཧེ་དང་ཀྲེ་ཅང་།  ཅང་ཞི།   ཧུའུ་ནན།  སི་ཁྲོན།   ཡུན་ནན།  ཧྲན་ཞི།   ཀན་སུའུ།  མཚོ་སྔོན།   ཞིན་ཅང་སོགས་ཞིང་ཆེན་ཉི་ཤུ་ལྷག་ལ་ཚད་རིམ་མི་གཅིག་པའི་གངས་གནོད་ཆེན་པོ་བྱུང་བ་རེད།   


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-29

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།