ཐན་ཙན་ནི་ཡའི་མི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐན་ཙན་ནི་ཡའི་མི།
སྤྱི་ལོ1995ལོར་ཐན་ཙན་ནི་ཡའི་གཞིས་སྡོད་གྲོང་མིའི་མི་གྲངས་ཧ་ལམ་ཁྲི2970ལྷག་ལ་བུད། དེའི་མི་རྒྱུད་དང་མི་རིགས་། སྐད་རིགས་བཅས་ཀྱི་གྲུབ་ཚུལ་ཧ་ཅང་རྙོག་འཛིང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
坦桑尼亚人
ཕྱི་ཡིག་གི་མིང་།
Tanzanian
དད་མོས།
གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་གསར་བ། དབྱི་སི་ལན་ཆོས་ལུགས།
1 ངོ་སྤྲོད།

སྤྱི་ལོ1995ལོར་ཐན་ཙན་ནི་ཡའི་གཞིས་སྡོད་གྲོང་མིའི་མི་གྲངས་ཧ་ལམ་ཁྲི2970ལྷག་ལ་བུད། དེའི་མི་རྒྱུད་དང་མི་རིགས་། སྐད་རིགས་བཅས་ཀྱི་གྲུབ་ཚུལ་ཧ་ཅང་རྙོག་འཛིང་ཡིན། མི་རྒྱུད་ལྟར་དབྱེ་ན། བརྒྱ་ཆའི་དགུ་བཅུ་གོ་བཞི་ནི་པན་ཐུའུ་ནེ་ཀོ་ལུའོ་ཡི་མི་ཡིན། སྐད་རིགས102ལྷག་ཙམ་བཀོལ་སྤྱོད་བྱེད་བཞིན་ཡོད། བརྒྱ་ཆའི་གསུམ་ནི་སུའུ་ཏན་ནེ་ཀོ་ལུའོ་མི་ཡིན། སྐད་རིགས་དྲུག་ལྷག་ཙམ་བཀོལ་སྤྱོད་བྱེད་བཞིན་ཡོད། བརྒྱ་ཆའི་གཉིས་ནི་ཨའེ་སའེ་ཨོ་པི་ཡའི་མི་རྒྱུད་ཁུའུ་ཞེ་ཐེའི་མི་ཡིན། སྐད་རིགས་ལྔ་ལྷག་བཀོལ་སྤྱོད་བྱེད་བཞིན་ཡོད། དེ་ལས་གཞན་མི་གྲངས་ཁྲི་བཞི་ལྷག་ཁོ་ཡེ་སང་མི་རྒྱུད་ཀྱི་ཁོངས་སུ་གཏོགས། 

2 གོམས་སྲོལ། 

ཐན་ཙན་ནི་ཡའི་མི་ལ་ལས་སྲོལ་རྒྱུན་གྱི་རང་བྱུང་གི་དད་མོས་དང་མེས་པོ་ལ་དད་མོས་བྱེད།  ཁོ་ཚོའི་གཙོ་བོ་ཞིང་ལས་གཉེར་བ་དང་།  ཡང་ས་ཆ་ལ་ལར་ཕྱུགས་ལས་གཙོ་བོ་གཉེར་བཞིན་ཡོད།  མཚོ་རྒྱུད་ས་ཁུལ་ཏུ་ཚོང་ལས་འཕེལ་རྒྱས་ཆེན་པོ་བྱུང་ཡོད།  དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ།  འཇར་མན་དང་དབྱིན་ཇི་སོགས་ཀྱི་བཙན་འཛུལ་བྱས།   ཡུན་རིང་གི་འཐབ་འཛིང་བརྒྱུད་མཐར།  ཁོ་ཚོ་ཡོད་སའི་ཐན་ཀ་ནི་ཁོ་སྤྱི་མཐུན་རྒྱལ་ཁབ་དང་སང་ཀེ་པ་ཨེར་སྤྱི་མཐུན་རྒྱལ་ཁབ་གཉིས་སྤྱི་ལོ1961ལོ་དང་སྤྱི་ལོ1963ལོར་རང་དབང་ཐོབ།  སྤྱི་ལོ1964ལོར་རྒྱལ་ཁབ་དེ་གཉིས་གཅིག་ཏུ་བསྡུས་ནས་མིང་ལ་ཐན་ཙན་ནི་ཡའི་སྤྱི་མཐུན་རྒྱལ་ཁབ་ཟེར།  ཐན་ཙན་ནི་ཡའི་རྒྱལ་ཁབ་ཀྱི་གཉེན་སྟོན་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་དེ།  གལ་ཏེ་རྒྱལ་ཁབ་དེའི་བུད་མེད་ཞིག་མངལ་ཆགས་རྗེས།  བྱིས་པ་བུ་བཙས་ཡོད་པའི་ཨ་མ་དང་ཡང་ན་གཉན་ཉེ་དག་གཉན་བསླངས་གི་ཡོང་ནས་རང་ཉིད་ཀྱི་བུ་ལ་མནའ་མ་བཙལ་བ་ཡིན།  གལ་ཏེ་མངལ་ཆགས་ཡོད་པའི་བུད་མེད་དེ་ཡིས་བཙས་པའི་བྱིས་པ་ནི་བུ་མོ་ཞིག་ཡིན་ན།  དེ་གཉིས་གཉན་བསྒྲིགས་དགོས་པ་དང་གལ་ཏེ་བུ་ཡིན་ན་ཚེ་གང་བོར་གྲོགས་པོར་ཡིན་ནོ། །  ཅིན་གོ་མི་རིགས་ཀྱི་ན་གཞོན་ཕོ་མོ་རྣམས་ཀྱི་གཉེན་སྟོན་ལའང་ཐུན་མིན་གྱི་ཁྱད་ཆོས་ཡོད་དེ།  དཔེར་ན།  གལ་ཏེ་ཅིན་གོ་མི་རིགས་ཀྱི་གསར་བུ་རང་ཉིད་དགའ་སའི་བུད་མེད་ཀྱི་ཁྱིམ་ཚང་ལ་གཉན་བསླངས་གི་སོང་ཚེ།  བུ་མོ་ཡིས་ཕ་མ་གཉིས་ཡོང་ནས་འཚམ་འདྲི་བྱེད་པ་དང་བུ་མོ་གནས་གཞན་ཞིག་ནས་ཁོ་ཚོའི་ཁ་བརྡ་ལ་ལྐོག་ཉན་བྱེད།  གལ་ཏེ་དུངས་པ་ཡོད་ན་བུ་མོ་ཡིས་སྐད་བསྐུར་པ་ཡིན།  ཐེངས་གཉིས་པར་ཡོང་བའི་སྐབས་སུ།  བུ་ཚང་གི་ཕ་མ་ཡིས་གསོན་ཡོད་པའི་བྱ་ཕོ་བཞི་དང་བཤས་ཟིན་པའི་བྱ་ཕོ་གསུམ་ཁྱེར་ཡོང་ནས་བུ་མོ་ཚང་ལ་སྟེར་བ་ཡིན།  དེ་ནི་བཀྲ་ཤིས་པའི་དོན་དག་ཞིག་ཏུ་བརྩི་བཞིན་ཡོད།  ཐན་ཙན་ནི་ཡའི་མིའི་རུས་མིང་ཡང་ཧ་ཅང་རྙོག་འཛིང་ཅན་ཞིག་ཡིན།  ལ་ལར་མིང་ཡོད་པ་དང་རུས་མེད་པ།  ལ་ལའི་རུས་མིང་ལ་ཆོས་ལུགས་ཀྱི་ཤན་ཤུགས་ཞུགས་ཡོད།  ལ་ལའི་མིང་ལ་རིམ་པ་གསུམ་གྱི་གྲུབ་པ་ཡིན་ནོ། །


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-19

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།