ཐུ་ཁའུ་མན་གྱི་མི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐུ་ཁའུ་མན་གྱི་མི།
ཐུ་ཁའུ་མན་གྱི་མི་ནི་ཡ་གླིང་དབུས་མའི་རྒྱལ་ཁབ་ཐུ་ཁའུ་མན་སི་ཐན་གྱི་གཙོ་གྲས་མི་རིགས་ཤིག་ཡིན་ལ། ཐུ་ཁའུ་མན་གྱི་མི་ཡང་ཟེར། ཝུའུ་ཙི་པིའེ་ཁེ་སི་ཐན་དང་ཐ་ཅི་ཁི་སི་ཐན། ཀའོ་ཅ་སུའོ་བྱང་མ། ཨ་སི་ཐི་ལ་ཧན་ས་ཁུལ་སོགས་རྒྱལ་ཁབ་དང་གྲོང་ཁྱེར་མང་པོར་མཆེད་ནས་ཡོད། ད་དུང་འགའ་ཤས་ཨ་ཧྥུ་ཀ་ན་སི་ཐན་དང་དབྱི་ལང་། ཐུར་ཁེ་སོགས་ཡ་གླིང་ནུབ་མའི་རྒྱལ་ཁབ་དག་ན་ཡོད། ཀྲུང་གོའི་ནུབ་བྱང་ཁུལ་ནའང་ཡོད། ཨོའུ་ལུའོ་པ་མི་རྒྱུད་དང་སོག་པོའི་མི་རྒྱུད་ཀྱི་རིགས་འདྲེས་པའི་རིགས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
土库曼人
ཕྱི་ཡིག་གི་མིང་།
Turkmen
སྐད་རིགས།
ཐུ་ཁའུ་མན་སྐད།
མི་རྒྱུད།
ཨོའུ་ལུའོ་པའི་མི་རྒྱུད་དང་སོག་པོའི་མི་རྒྱུད་འདྲེས་པའི་རིགས།
1 ངོ་སྤྲོད།

ཐུ་ཁའུ་མན་གྱི་མི་ནི་ཡ་གླིང་དབུས་མའི་རྒྱལ་ཁབ་ཐུ་ཁའུ་མན་སི་ཐན་གྱི་གཙོ་གྲས་མི་རིགས་ཤིག་ཡིན་ལ། ཐུ་ཁའུ་མན་གྱི་མི་ཡང་ཟེར། ཝུའུ་ཙི་པིའེ་ཁེ་སི་ཐན་དང་ཐ་ཅི་ཁི་སི་ཐན། ཀའོ་ཅ་སུའོ་བྱང་མ། ཨ་སི་ཐི་ལ་ཧན་ས་ཁུལ་སོགས་རྒྱལ་ཁབ་དང་གྲོང་ཁྱེར་མང་པོར་མཆེད་ནས་ཡོད། ད་དུང་འགའ་ཤས་ཨ་ཧྥུ་ཀ་ན་སི་ཐན་དང་དབྱི་ལང་། ཐུར་ཁེ་སོགས་ཡ་གླིང་ནུབ་མའི་རྒྱལ་ཁབ་དག་ན་ཡོད། ཀྲུང་གོའི་ནུབ་བྱང་ཁུལ་ནའང་ཡོད། ཨོའུ་ལུའོ་པ་མི་རྒྱུད་དང་སོག་པོའི་མི་རྒྱུད་ཀྱི་རིགས་འདྲེས་པའི་རིགས་ཡིན།

ཐུ་ཁའུ་མན་གྱི་མིས་ཐུ་ཁའུ་མན་གྱི་སྐད་རིགས་སྤྱོད་ལ། དེར་ནང་གསེས་སུ་ཡུལ་སྐད་རིགས་མང་དུ་ཡོད། ཁོ་ཚོ་ཀྲུང་གོའི་ཁ་ཆེ་མི་རིགས་དང་འབྱུང་ཁུངས་གཅིག་པ་ཡིན། སྤྱི་ལོ1928ལོའི་སྔོན་ལ་ཨ་རབ་ཀྱི་ཡི་གེ་སྤྱོད་ལ། རྗེས་ནས་ལ་ཏིང་གི་ཡི་གེར་བརྗེས། སྤྱི་ལོ1940ལོ་ནས་བཟུང་ཡང་བསྐྱར་སི་ལ་ཧྥུའི་ཡི་གེར་བརྗེས། ཡིན་ཡང་ལོ་འདི་འགར། ཐུ་ཁའུ་མན་སི་ཐན་གྱི་སྲིད་འཛིན་ཉི་ཡཱ་ཙའོ་ཧྥུ་མཆོག་གིས་ཐུ་ཁའུ་མན་གྱི་སྤྱི་སྐད་དེ་ལ་ཏིང་ཡི་གེར་བརྗེ་དགོས་པའི་བཀའ་བསྒྲགས་ནས་ཡོད། ཁོ་ཚོ་དབྱི་སི་ལན་ཆོས་ལུགས་ལ་དད་ཅིང་ཞུན་ཉི་གྲུབ་མཐར་གཏོགས། ཐུ་ཁའུ་མན་གྱི་མིའི་གདོད་མའི་མེས་པོ་ནི་དུས་རབས་བར་མའི་ཝུའུ་ཀུའུ་སི་ཡི་མི་ཡིན་ལ། དེ་ཚོར་ཚོ་བ24ལྷག་དགར་ཡོད། ཐུ་ཁའུ་མན་གྱི་མི་གཙོ་བོ་ཞིང་ལས་དང་འབྲོག་ལས་ལ་བརྟེན། སྡེ་བ་ཚོ་བ་གཅིག་ཡིན་ནའང་ལ་ལས་ཞིང་ལས་གཉེར་ལ། ལ་ལས་འབྲོག་ལས་གཉེར།  འདེབས་འཛུགས་དངོས་པོར་གཙོ་བོ་གྲོ་དང་ཁྲེ། སྲིང་བལ། ཀུབ་ཀྱི་རིགས་སོགས་ཡོད། སྒོ་ཕྱུགས་ཀྱི་རིགས་ལ་ལུག་དང་རྔ་མོང་། ནོར། རྟ་སོགས་གསོ་བར་བྱེད། ཞིང་རྨོ་རྩལ་རྗེས་ལུས་ཡིན། འཁལ་འཐག་ལས་རིགས་ཀྱི་ལག་རྩལ་བླ་ན་མཐོ། སྤྱི་ལོ1917ལོའི་ཨུ་རུ་སུའི་ཟླ་བཅུ་བའི་གསར་བརྗེའི་རྗེས་ནས། བཟོ་ཞིང་ལས་ཐོན་སྐྱེད་ལ་འཕེལ་རྒྱས་ཅུང་སྐྱེན། དཔལ་འབྱོར་དང་རིག་གནས་འཚོ་བ་ལ་འགྱུར་ལྡོག་ཆེས་ཆེར་བྱུང་།

2 ཡུལ་སྲོལ་གོམས་གཤིས།

ཐུ་ཁའུ་མན་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས་མང་དུ་ཡོད་དེ། ཁོ་ཚོས་ཆོས་ལུགས་དང་གྲུབ་མཐའ་ལ་ཧ་ཅང་བརྩི། མགོན་སྐྱབས་ལ་སེམས་ནས་དད། ལུག་མགོ་དང་ལུག་སུག་གིས་མགྲོན་པོར་བསུ། བཟའ་མ་ཟ་དུས་ཁེམ་བུ་སོགས་མི་བཀོལ་བར་ལག་པས་བཟུང་ནས་ཟ།  གཡོན་ལག་གིས་ཞབས་ཞུ་བསྒྲུབ་ན་མི་དགའ། ཁྱིམ་ཚང་ནས་བུ་ཕྲུག་གིས་རྒན་པར་ཧ་ཅང་བཀུར། ཁོ་ཚོས་མི་གཞན་དང་ཐོག་མའི་འབྲེལ་བ་བྱེད་དུས་ལག་འཇུ་བྱས་ནས་བསུ་ལ། ཆ་རྒྱུས་ཡོད་པའི་མི་དང་འཕྲད་དུས། གཡས་ལག་བྲང་ཁར་སྦྱར་ཞིང་ཕྱག་བྱས་ནས་བསུ། མགྲོན་པོར་ཐུག་འཕྲད་གནང་དུས་འཐམ་འཇུ་བྱེད་པ་ཧ་ཅང་ཉུང་། ཁོ་ཚོ་ཆེས་བཟའ་བར་སྤྲོ་བ་ནི་ལུག་ཤ་ཡིན། ལྷག་པར་དུ་ལུག་གི་སུག་པ་དང་ཀླད་པ་བཟའ་རྒྱུར་ཧ་ཅང་སྤྲོ། ནམ་རྒྱུན་འཚོ་བའི་ཁྲོད་ནས་ལུག་མགོ་དང་ལུག་སུག་རྒན་པ་རྣམས་ལ་ཕུལ་ནས་བཟའ་བར་བྱེད་ལ། ཀླད་ཞོ་བྱིས་པ་རྣམས་ལ་བཟའ་བར་བྱེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-19

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།