ཐུར་ཁེའི་མི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐུར་ཁེའི་མི།
ཐུར་ཁེའི་མི་ནི་ཡ་གླིང་ནུབ་མའི་ཐུར་ཁེ་ཡི་གཙོ་གྲས་མི་རིགས་ཡིན་ལ། སྐོར་ཞིག་ཀེ་རི་སེ་དང་པུར་ཀ་རི་ཡ། ཡུ་ཀོ་སི་ལ་ཝི་ཡ། ཨར་པ་ནི་ཡ་དང་ཡོ་རོབ་ནུབ་མའི་རྒྱལ་ཁབ་དང་ས་ཁུལ་དག་ལ་ཁྱབ་པའང་ཡོད། ཨའོ་ལའོ་པ་མི་རྒྱུད་ཀྱི་ཏི་ཀྲུང་རྒྱ་མཚོའི་རིགས་རྒྱུད་ལ་གཏོགས། ཁོ་ཚོས་ཐུར་ཁེའི་སྐད་རིགས་སྤྱོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
土耳其人
ཕྱི་ཡིག་གི་མིང་།
Turkish people
སྐད་རིགས།
ཐུར་ཁེའི་སྐད།
ཆོས་ལུགས།
དབྱི་སི་ལན་ཆོས་ལུགས།
ཡི་གེ
ཨ་རབ་དང་ལ་ཏིང་གི་གསལ་བྱེད་ཡི་གེ
མི་རྒྱུད།
ཨོའུ་ལུའོ་པ་མི་རྒྱུད་ཀྱི་ཏི་ཀྲུང་རྒྱ་མཚོའི་རིགས་དང་ཀའོ་ཅ་སུའོ་རིགས།
1 ངོ་སྤྲོད།

ཐུར་ཁེའི་མི་ནི་ཡ་གླིང་ནུབ་མའི་ཐུར་ཁེ་ཡི་གཙོ་གྲས་མི་རིགས་ཡིན་ལ། སྐོར་ཞིག་ཀེ་རི་སེ་དང་པུར་ཀ་རི་ཡ། ཡུ་ཀོ་སི་ལ་ཝི་ཡ། ཨར་པ་ནི་ཡ་དང་ཡོ་རོབ་ནུབ་མའི་རྒྱལ་ཁབ་དང་ས་ཁུལ་དག་ལ་ཁྱབ་པའང་ཡོད། ཨའོ་ལུའོ་པ་མི་རྒྱུད་ཀྱི་ཏི་ཀྲུང་རྒྱ་མཚོའི་རིགས་རྒྱུད་ལ་གཏོགས།  ཁོ་ཚོས་ཐུར་ཁེའི་སྐད་རིགས་སྤྱོད། ཡིག་རིགས་སྔོན་ནས་ཨ་རབ་ཀྱི་ཡི་གེ་བཀོལ་བ་དང་། སྤྱི་ལོ1928ལོར་ལ་ཏིང་གི་ཡི་གེ་བཀོལ་བར་བསྒྱུར། དབྱི་སི་ལན་ཆོས་ལུགས་ལ་དད། མང་ཤས་ཞུན་ཉི་གྲུབ་མཐའ་ལ་དད། ཐུར་ཁེའི་མི་རུ་སྤོར་འབྲོག་ལས་ཀྱིས་འཚོ་བ་ཡིན་ལ། ཡཱ་ཞི་ཡཱ་ཆུང་བར་གནས་སྤོས་རྗེས། ཞིང་ལས་དང་གཏན་སྡོད་འབྲོག་ལས་ལས་རིགས་ལ་བསྒྱུར། ཞིང་ལས་ཐོན་སྐྱེད་དངོས་པོ་ལ་གཙོ་བོ་སྲིང་བལ་དང་དུ་རྩྭ། སིལ་ཏོག་སྐམ་པོའི་རིགས་ཀྱང་འབོར་ཆེན་ཐོན་གྱིན་ཡོད། སྤྱི་མཐུན་རྒྱལ་ཁབ་བཙུགས་རྗེས། སྲོལ་རྒྱུན་བསྒྱུར་བཅོས་ཀྱི་གསར་བརྗེ་བྱུང་། ཆབ་སྲིད་གནས་བབ་དམངས་གཙོ་ཅན་དུ་བསྒྱུར། སློབ་གསོ་ལ་མཐོང་ཆེན་མཛད། བུད་མེད་ཀྱི་ཐོབ་ཐང་ལ་མཐོར་འདེགས་བྱུང་། བུད་མེད་རྣམས་ཀྱི་ངོ་ཁེབས་དང་ལྭ་ནག་གྱོན་མི་དགོས་པར་བཟོས། བུད་མེད་རྣམས་ངལ་རྩོལ་ཐོན་སྐྱེད་དང་ཆབ་སྲིད་ལས་འགུལ་གང་ལའང་ཞུགས་ཆོག་པར་བྱས། ཐུར་ཁེའི་མི་རིག་གནས་དང་སྙན་ངག་ལ་ཧ་ཅང་དུངས།

2 ལོ་རྒྱུས།

ཐུར་ཁེ་ཞེས་པའི་མིང་འདི་ནི་དབུས་ཤར་ས་ཁུལ་གྱི་རིགས་མི་འདྲ་བའི་དབྱི་སི་ལན་ཆོས་ལུགས་ཀྱི་མི་རིགས་གཉིས་ལ་གཏོགས་ཏེ། སྔོན་མ་ནི་སེ་ཨེར་ཀྲུའུ་ཡི་མི་དང་རྗེས་མ་ནི་ཨའོ་སི་མན་གྱི་མི་གཉིས་སོ། ། སེ་ཨེར་ཀྲུའུ་ཡི་མི་ནི་ལི་ཧའེ་ཉེ་འགྲམ་གྱི་རྩྭ་ཐང་གི་ཐུ་ཁའུ་མན་འབྲོག་མི་ཡིན། སྤྱི་ལོ་དུས་རབས་བཅུ་བར་དབྱི་སི་ལན་ཆོས་ཀྱིས་དབང་བསྒྱུར་བྱས།  ཨེ་ཨེར་ཀྲུའུ་ཐུ་ཁའུ་མན་གྱི་མི་བདུན་སྟོང་ལྷག་བྲན་གཡོག་ལ་བཙོང་། ཧྭ་ལི་ཧྥ་ཡིས་པཱ་ཀི་ཏ་དམག་ལ་བཀོལ། བྲན་གཡོག་འདི་དག་ནི་དབྱི་སི་ལན་ཆོས་ལུགས་ཀྱི་ཞུན་ཉི་གྲུབ་མཐའ་ལ་དད། སྤྱི་ལོ1055ལོའི་པཱ་ཀི་ཏ་ནི་ཧྭ་ལི་ཧྥའི་རྗེས་ཀྱི་དངོས་ཡོད་སྲིད་དབང་དུ་གྱུར་པར་མ་ཟད། ཁོ་ཚོའི་དབང་བསྒྱུར་རྒྱ་བསྐྱེད་པར་བྱས། སྤྱི་ལོ1100ལོར། ཁོ་ཚོས་ཨན་ནཱ་ཐའོ་ལི་ཡཱའི་ས་ཁུལ་མང་དག་ལ་དབང་བསྒྱུར་བྱས་ཤིང་། པ་ལི་སི་ཐན་དང་པའོ་སིའི་ཉེ་འགྲམ་གྱི་ས་ཁུལ། ཨ་རབ་ཀྱི་ལྷའི་གྲོང་ཁྱེར། ཤར་ཕྱོགས་རྒྱང་རིང་ཡུལ་གྱི་སོ་མ་ལི་སོགས་ཀྱང་དབང་དུ་བསྡུས།

སྤྱི་ལོ1071ལོར། སེ་ཨར་ཀྲུའུ་ཡི་མི་ཡིས་ད་བར་གྱི་ཐུར་ཁེའི་ཆི་མན་ཐའོ་ས་ཁུལ་ནས་བློ་ཡུལ་ལས་འགོངས་པའི་རྒྱལ་ཁ་ཐོབ།  པཱ་ཀི་ཏ་སྤྱི་ལོ1258ལོར་འཇིག་ཤིང་། ཐུ་ཁའུ་མན་གྱི་མིའི་བཙན་པོའི་རྒྱལ་ཁབ་མེད་པར་གྱུར། དུས་རབས་བཅུ་བཞི་པའི་དུས་སྟོད་ལ། ཨན་ན་ཐའོ་ལི་ཡ་ནས་ཡོང་བའི་མུའུ་སི་ལིན་མང་ཚོགས་ཀྱིས་སུའུ་ཏན་ཨའོ་སི་མན་སྐུ་ཕྲེང་དང་པོའི་དབང་བསྒྱུར་འོག གཟི་བརྗིད་ལྡན་པའི་སྒོ་ནས་ཐུར་ཁེའི་མིའམ་ཨའོ་སི་མན་ཞེས་པའི་མིང་སྦྱར།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-19

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།