སྙན་ངག་རྩ་འགྲེལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྙན་ངག་རྩ་འགྲེལ།
སྙན་ངག་མེ་ལོང་གི་རྩ་བ་ནི་སློབ་དཔོན་དབྱུག་པ་ཅན་གྱིས་བརྩམས་ཤིང་། དུས་རབས་བཅུ་གསུམ་པར་བོད་ཀྱི་ལོ་ཙཱ་པ་ཆེན་པོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་བོད་ཡིག་ཏུ་བསྒྱུར་བ་ཡིན། མཚན་བྱང་རྒྱས་པར《ཚིག་རྒྱན་གྱི་བསྟན་བཅོས་སྙན་ངག་མེ་ལོང》ཞེས་འབོད་ཀྱིན་ཡོད་ལ། དེའི་འགྲེལ་བ་དང་སྙན་ངག་མེ་ལོང་གི་ལེའུ་གཉིས་པའི་དཔེ་རྒྱན་ཞེས་པ་བོད་མཁས་པས་བརྩམས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
诗镜注
མཛད་པ་པོ།
སློབ་དཔོན་དབྱུག་པ་ཅན།
སྒྱུར་པ་པོ།
ཤོང་སྟོན་རྡོ་རྗེ་རྒྱལ་མཚན།
དཔེ་སྐྲུན་ཁང་།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2005ལོའི་ཟླ12པ།
1 ​ངོ་སྤྲོད།

རྩོམ་པ་པོ་སློབ་དཔོན་དཎྜི།

སློབ་དཔོན་དཎྜི་སྟེ་བོད་སྐད་དུ་སློབ་དཔོན་དབྱུག་པ་ཅན་ཞེས་པ་དེ་ཡིན།   སློབ་དཔོན་འདི་དུས་ནམ་ཞིག་ཏུ་བྱོན་པའི་སྐོར་ལ་བཞེད་པ་མི་འདྲ་བ་དུ་མ་མཆིས་ཏེ།   ཁ་ཅིག་གིས་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་མི་ཡིན་པར་འདོད་པ་དང་། ཡང་ཁ་ཅིག་གིས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་མི་ཡིན་པར་འདོད་ལ། མཁས་པ་མང་ཆེ་བས་སྤྱི་ལོའི་དུས་རབས་བདུན་པའི་མི་ཡིན་པར་འདོད་པ་སོགས་ཡོད་པ་ལས་ཕྱི་མ་གཙིགས་པར་འདོད།   བཤད་རྒྱུན་ལ་རྒྱ་གར་གྱི་སྐད་གྲགས་ཆེ་བའི་རྒྱལ་པོའི་ཕོ་བྲང་གི་སྙན་ངག་མཁན་བྷ་ར་ཝི་ལ་ཆུང་མ་གསུམ་ཡོད་པའི་ནང་ནས་འབྲིང་པོ་ལ་མ་ནོ་རཱ་ཐ་ཟེར། དེ་ལ་བུ་བཞི་བྱུང་བའི་ཆུང་ཤོས་བི་ར་དརྐ་ཡིན། དེ་དང་ཆུང་མ་གཽ་རི་གཉིས་ཀྱི་བུ་དཎྜི་ཡིན་པར་བཤད། སློབ་དཔོན་འདི་ཕྱི་རོལ་མི་སྟེགས་པའི་པཎྜི་ཏ་ཞིག་ཡིན་ཞིང་། བྲམ་ཟེའི་རིགས་ཀྱི་ཆ་བྱད་ལག་ཏུ་དབྱུ་གུ་འཆང་བས་དབྱུག་པ་ཅན་ཞེས་ཐོགས་པ་ཡིན་ནོ།།  སློབ་དཔོན་འདི་ཆུང་དུས་ནས་ཕ་མ་གཉིས་ཀ་འདས་ནས་དྭ་ཕྲུག་ཏུ་གྱུར་ཏེ་གནས་ངེས་མེད་དུ་འཁྱམས། སྐབས་ཤིག་ཡུལ་དེར་རྒྱལ་པོ་དང་འབངས་མ་མཐུན་པའི་འཁྲུགས་པ་བྱུང་བའི་རྐྱེན་བྱས་ཏེ་ནགས་ཁྲོད་དུ་བྲོས་ནས་ཡུན་རིང་བསྡད་སྐབས་རིག་གནས་ལ་མཁས་པར་སྦྱངས།   ཡུལ་གྱི་འཁྲུགས་པ་ཞི་རྗེས་སླར་འཁོར་ཏེ་རྒྱལ་པོ་པཱལླ་བའི་བློན་པོར་གྱུར།   བཤད་རྒྱུན་གཞན་ཞིག་ལ། སློབ་དཔོན་འདི་རྒྱལ་པོ་པུ་ལ་ཀེ་ཤ་ཞེས་བྱ་བའི་སྤུན་ཁྱབ་འཇུག་འཕེལ་དང་མཛའ་གྲོགས་སུ་གྱུར་པས། རྒྱལ་པོ་དེའི་བུ་འགའ་ཞིག་གི་ཆེད་དུ《སྙན་ངག་མེ་ལོང》འདི་བརྩམས་པ་ཡིན་ཟེར། གཞན་ཡང་ཁོང་གིས《གཞོན་ནུ་བཅུའི་འཇུག་པ》བྱ་བ་ཞིག་དང་ཟློས་གར་གྱི་བསྟན་བཅོས་ཤིག་ཀྱང་བརྩམས་པར་གྲགས།

སྒྱུར་པ་པོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན།

ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ནི་དུས་རབས་བཅུ་གསུམ་པའི་དུས་སྟོད་ཙམ་ལ་གཙང་སྟོད་སྤྱང་ལུང་ཤར་ཁའི་བུང་ར་ཞེས་པའི་སར་སྐུ་འཁྲུངས།   སྐུ་གཞོན་དུས་ནས་ལྷན་སྐྱེས་ཀྱི་ཤེས་རབ་རང་བཞིན་དུ་བཀྲ་བ་ཞིག་ཡིན་པས་སྟག་སེང་གེ་རྒྱལ་མཚན་ལས་རབ་ཏུ་བྱུང་ཞིང་མཚན་ལ་རྡོ་རྗེ་རྒྱལ་མཚན་གསོལ།  རྗེ་དེ་ཉིད་ལས་ཕར་ཕྱིན་དང་ཚད་མ།   མངོན་པ་བཅས་བཀའ་པོད་ལྔའི་གཞུང་ལ་གསན་བསམ་རྒྱ་ཆེར་བཞེས།   དུས་འཁོར་སོགས་རྒྱུད་སྡེ་རྒྱ་མཚོའི་དབང་ཆོག་རྗེས་གནང་བཅས་ཟབ་ཆོས་དུ་མ་སྔ་རྗེས་སུ་མནོས། གོ་ལུང་བ་མདོ་སྡེ་དཔལ་གྱི་རྒྱལ་མཚན་ལས་སྔགས་ཕྱོགས་ཀྱི་བསྟན་བཅོས་དུ་མ་ནས་ཐུན་མོང་རྩིས་ཀྱི་རིག་པར་བྱང་བར་སྦྱངས། རབ་བྱུང་བཞི་པའི་ཤིང་མོ་གླང་གི་ལོ་སྟེ།  སྤྱི་ལོ1265ལོར་ཁོང་གིས་འགྲྲོ་མགོན་འཕགས་པར་རྒྱ་གར་དུ་འགྲོ་རྒྱུའི་དགོངས་པ་ཞུས་ཤིང་འཕགས་པས་ཀྱང་རྗེ་འདི་བས་སྙན་ངག་གི་བསྟན་པ་ལ་ཕན་ཐོགས་ཡོང་བར་གཟིགས་ཏེ། བཀས་མངགས་ནས་སློབ་ཡོན་གྱི་འགྲོ་སོང་ཐབས་ཅད་ཀྱང་འོགས་པ་རང་ཉིད་ཀྱི་བཏང་སྟེ་བརྫངས།  རྗེ་ཉིད་དགུང་གྲངས་ཉི་ཤུ་རྩ་གྲངས་སུ་སླེབས་དུས་ཐོག་མར་བལ་ཡུལ་དུ་ཕེབས།   པཎྟི་ཏ་མ་ཏནྔུ་བྷ་ལོ་ངོ་ལྔ་ཙམ་ལ་བརྟེན་ནས་རིག་པའི་གནས་ཆུང་བ་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད།   ལྷག་པར་དུ་སྒྲ་རིག་པའི་ཕྱོགས་ལ་ཁྱད་དམིགས་ཀྱིས་སྦྱངས་ཏེ་མཁས་རྩལ་ཡོངས་སུ་རྫོགས་མཐར་ཕྱིར་ས་སྐྱའི་དགོན་དུ་སླེབས།  ཁོང་གི་སྐུ་ཡོན་ལ་འགྲོ་མགོན་འཕགས་པ་ཐུགས་དགྱེས་ཏེ་བསྔགས་བརྗོད་ཡང་ཡང་ཐེབས་པ་ནས་གཟེངས་སྟོད་ཀྱི་བཀའ་ཤོག་ཀྱང་གནང་ཡོད།  དེ་ནས་ཁོང་ཡང་སྐྱར་རྒྱ་གར་དུ་བྱོན་ཅིང་སྐབས་དེའི་དཎྟིའི་མེ་ལོང་མར་མཁས་པའི་ཚད་འཛིན།  རྒྱ་གར་གྱི་པཎྟིའི་ཏ་ལཀྴི་མ་ཀ་ར་བློ་དང་ཐབས་ཀྱིས་བོད་དུ་གདན་དྲངས་ཏེ་དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྙན་ངག་མེ་ལོང་གི་གཞུང་འདི་ཐོག་མར་སྒྱུར་མགོ་བརྩམས་པ་དང་།   པཎྡི་ཏས་ཞུ་དག་ལེགས་པོ་བྱས་ཏེ་ཤོང་སྟོན་ལོ་ཙཱ་བའི་འགྱུར་ལ་གཟེངས་བསྟོད་ཀྱང་གནང་ངོ་།

སྙན་ངག་མེ་ལོང་མ་བོད་དུ་མ་འགྱུར་གོང་དུ་སྙན་ངག་དར་ཡོད་ལ་ས་པཎ་གྱི་མཁས་མཇུག་ཏུའང་མེ་ལོང་མའི་ཚིག་མང་པོ་ཐོན་ཡོད་པ་དང་།  སྔོན་སྲོང་བཙན་གྱིས་ཐོན་མིར་ཕུལ་བའི་བྱ་དཀའི་བསྔགས་ཚིག་སོགས་སུའང་ཤིན་ཏུ་གསལ།   ཚིག་རྒྱན་གྱི་བསྟན་བཅོས་མེ་ལོང་མ་འདི་ཉིད་ཤོང་སྟོན་གྱིས་ཐོག་མར་སྒྱུར་བ་ཡིན།  དེ་ནས་དཔང་ལོ་ཙཱ་བས་འགྱུར་ལེགས་པར་བཅོས།  དེ་ནས་བཟུང་ད་ལྟའི་བར་རིམ་འཕེལ་བྱུང་བ་ཡིན་ཚུལ་ཀུན་གསལ་བཞིན་ནོ།དེས་ན་རྒྱན་གྱི་བསྟན་བཅོས་ཆེན་པོ་མེ་ལོང་མ་འདི་བོད་དུ་འགྱུར་བའི་དུས་ནི་ཕལ་ཆེར་སྤྱི་ལོ1273ཙམ་སྟེ།  བོད་རབ་བྱུང་ལྔ་བའི་ཆུ་བྱ་ཙམ་ལ་འཁེལ་འདུག་པས་བོད་ཀྱི་ཆོས་སྲིད་ས་སྐྱ་བས་བཟུང་བའི་དུས་དང་འཕྲད་པར་བསྟེན།  བོད་ལྗོངས་འདི་ཡོན་གོང་མའི་སྲིད་དབང་དུ་ཚུད་ཁ་མའི་དུས་སྐབས་ནས་ད་གཟོད་རྒྱན་གྱི་བསྟན་བཅོས་འདི་ཐོག་མར་སྒྱུར་བ་ཞིག་ཡིན་པས་རགས་པར་རྩིས་ནའང་ད་ལྟའི་བར་ཕལ་ཆེར་ལོ་ངོ728ཙམ་སོང་ཡོད་པ་ཤེས་ཐུབ།  ཁོང་གིས་མེ་ལོང་མ་ལས་གཞན་ད་དུང་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་བསྟོད་པ་དང་།  ལྷ་འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་བ་ཀླུ་ཀུན་དུ་དགའ་བའི་ཟློས་གར་རྟོགས་བརྗོད་དཔལ་བསམ་འཁྲི་ཤིང་ཀ་ལཱ་པའི་བྱིངས་འགྲེལ་ཆེན་མོ་ཙནྡྲ་བའི་མདོ་སོགས་རིག་གཞུང་རྩོམ་རིག་སྐོར་གྱི་བསྟན་བཅོས་ཀྱང་མི་ཉུང་བ་ཞིག་སྒྱུར་སྤེལ་བཏང་པ་ལགས་པས་བོད་ཀྱི་ཤེས་རིག་སྤྱི།  སྒོས་ཚིག་རྒྱན་རིག་པའི་ཕྱོགས་ལ་མཛད་རྗེས་བསུབ་མེད་བཞག་པར་ཕྱིས་འབྱུང་ཤེས་ལྡན་དག་གིས་རྗེས་སུ་ཡི་རངས་བྱ་བའི་གནས་ཁོ་ནའོ།  །

2 ནང་དོན་གཙོ་བོ།

སྙན་ངག་མེ་ལོང་གི་རྩ་བ་ནི་སློབ་དཔོན་དབྱུག་པ་ཅན་གྱིས་བརྩམས་ཤིང་། དུས་རབས་བཅུ་གསུམ་པར་བོད་ཀྱི་ལོ་ཙཱ་པ་ཆེན་པོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་བོད་ཡིག་ཏུ་བསྒྱུར་བ་ཡིན། མཚན་བྱང་རྒྱས་པར《ཚིག་རྒྱན་གྱི་བསྟན་བཅོས་སྙན་ངག་མེ་ལོང》ཞེས་འབོད་ཀྱིན་ཡོད་ལ། དེའི་འགྲེལ་བ་དང་སྙན་ངག་མེ་ལོང་གི་ལེའུ་གཉིས་པའི་དཔེ་རྒྱན་ཞེས་པ་བོད་མཁས་པས་བརྩམས་པ་ཡིན། དེ་དག་བསྒྱུར་ཅིང་བརྩམས་པའི་རྗེས་སུ་ལན་འགར་ཞུ་དག་དང་བསྐྱར་སྒྱུར་མཛད་པས་རིམ་བཞིན་བོད་རང་ཉིད་ཀྱི་སྙན་ངག་གི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞིར་གྱུར་ཡོད་པས་སྙན་ངག་རྩོམ་པ་པོ་དང་བོད་ཀྱི་དགེ་སློབ་རྣམས་ལ་མཚོན་ན་ངེས་པར་དུ་ལྟ་དགོས་པའི་དཔེ་དེབ་རྩ་ཆེན་ཞིག་རེད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-18

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།