གློག་རྡུལ་ཡིག་ཟམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གློག་རྡུལ་ཡིག་ཟམ།
གློག་རྡུལ་ཡིག་ཟམ་ནི་གློག་རྡུལ་ཐབས་སྤྱད་ནས་ཆ་འཕྲིན་སྤེལ་རེས་ཀྱི་འཕྲིན་གཏོང་བྱེད་སྟངས་འདོན་སྤྲོད་བྱས་པར་ཟེར་བ་དང་། དེ་ནི་སྦྲེལ་རེས་དྲ་རྒྱའི་ཉེར་སྤྱོད་ཆེས་རྒྱ་ཆེ་བའི་ཞབས་ཞུ་ཞིག་ཡིན། དྲ་རྒྱའི་གློག་རྡུལ་ཡིག་ཟམ་རྒྱུད་ཁོངས་བརྒྱུད་ནས། སྤྱོད་མཁན་གྱིས་ཆེས་དམའ་བའི་རིན་གོང་དང་ཆེས་མྱུར་བའི་བྱེད་སྟངས་ཀྱིས་འཛམ་གླིང་སྟེང་གི་གནས་གང་རུང་གི་དྲ་རྒྱ་སྤྱོད་མཁན་ལ་འབྲེལ་གཏུག་བྱ་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
电子邮件
ཕྱི་ཡིག་གི་མིང་།
Electronic Mail
ཁོངས་གཏོགས།
དྲ་རྒྱའི་ཉེར་སྤྱོད།
མཚོན་རྟགས།
@
ཤག་གནས་རྣམ་གཞག
སྤྱོད་མཁན་གྱི་མཚོན་རྟགས+@+ཁོངས་མིང་།
1 ཁྱད་ཆོས།

སྟབས་བདེ་བའི་སྒོ་ནས་བཤད་ན།

1.ཁྱབ་སྤེལ་མྱུར་ཚད་མགྱོགས་པ།

2.སྟབས་ཧ་ཅང་བདེ་བ།

3.མ་གནས་དམའ་བ།

4.སྤེལ་རེས་བྱ་ཡུལ་རྒྱ་ཆེ་བ།

5.ཆ་འཕྲིན་སྣ་མང་ཅན།

6.ཅུང་ཙམ་བདེ་འཇགས་ཡིན་པ།

2 རྒྱུད་ཁོངས།

གློག་རྡུལ་ཡིག་ཟམ་ཞབས་ཞུ་ནི་ཆེད་ལས་ཀྱི་ཞབས་ཞུ་ཆས་ཡིས་འདོན་སྤྲོད་བྱེད་པ་ཡིན་ཏེ། Gmail, Hotmailཝང་དབྱི་ཡིག་སྒམ་དང་ཤིན་ལང་ཡིག་སྒམ་སོགས་ཡིག་སྒམ་ཞབས་ཞུ་ནི་གློག་རྡུལ་ཡིག་ཟམ་ཞབས་ཞུ་ཆས་ཀྱི་རྨང་གཞིའི་སྟེང་བཙུགས་པ་ཡིན་ལ། འོན་ཀྱང་ཆེ་གྲས་ཀྱི་ཡིག་ཟམ་ཞབས་ཞུ་ཚོང་པའི་རྒྱུད་ཁོངས་ནི་སྤྱིར་བཏང་དུ་རང་བརྟེན་གསར་སྤེལ་དང་ཡང་ན། གཞན་པའི་ལག་རྩལ་ཏེ་གསར་སྤེལ་ཐེངས་གཉིས་པས་མངོན་འགྱུར་བྱས་ལ། གློག་རྡུལ་ཞབས་ཞུ་ཆས་ལ་གཙོ་བོ་གཤམ་གྱི་རིགས་གཉིས་ཡོད་དེ།

1. Unix/Linuxགཞི་བྱས་པའི་ལས་སྟེགས་ཡིག་ཟམ་རྒྱུད་ཁོངས།

(1)Sendmailཡིག་ཟམ་རྒྱུད་ཁོངས(SMTPལ་རམ་འདེགས་བྱེད)དངdovecot ཡིག་ཟམ་རྒྱུད་ཁོངས(POP3ལ་རམ་འདེགས་བྱེད)Sendmailནི་ཡིག་ཟམ་གྱི་སྲོལ་གཏོད་མེས་པོ་ཞེས་བཤད་ཀྱང་ཆོག་ལ། ད་ལྟའི་བར་དུ་མི་ལོ་ལྔ་བཅུའི་ལོ་རྒྱུས་ལྡན།

(2)Postfix/Qmailགཞི་བྱས་པའི་ཡིག་ཟམ་རྒྱུད་ཁོངས། Postfix/Qmailལག་རྩལ་ནིSendmailལག་རྩལ་སྟེང་འཕེལ་རྒྱས་བྱུང་བ་ཞིག་ཡིན། ལོ་ངོ་བཅུའི་ལོ་རྒྱུས་ཙམ་ལས་མེད། དཔེར་ན། ཝང་དབྱི་ཡིག་སྒམ་ཀྱིMTAནིPostfixགཞི་བྱས་ཤིང་། yahooཡི་ཡིག་སྒམ་ནིQmailརྒྱུད་ཁོངས་གཞི་བྱས་པ་ཡིན།

2. Windowsགཞི་བྱས་པའི་ལས་སྟེགས་ཡིག་ཟམ་རྒྱུད་ཁོངས།

(1)ཝེ་རོན་གྱིExchangeཡིག་ཟམ་རྒྱུད་ཁོངས།

(2) IBM Lotus Dominoཡིག་ཟམ་རྒྱུད་ཁོངས།

(3) Scalixཡིག་ཟམ་རྒྱུད་ཁོངས།

(4) Zimbraཡིག་ཟམ་རྒྱུད་ཁོངས།

(5) Mdeamonཡིག་ཟམ་རྒྱུད་ཁོངས།

3 ཡིག་སྒམ་འདེམས་པ།

1.རྒྱུན་མཐོང་གི་གློག་རྡུལ་ཡིག་སྒམ།

(1)ཝེ་རོན་རེའུ་སྦྲག(ཝེ་རོན)

(2)Exchangeཡིག་སྒམ(ཉི་འོད་སྦྲེལ་རེས)

(3)Outlook mail(ཝེ་རོན)

(4)MSN mail(ཝེ་རོན)

(5)Gmail(དགོས་དགུ)

(6)35mail(35སྦྲེལ་རེས)

(7) Yahoo mail(ཡ་ཧུའུ)

(8)QQ mail(ཐེང་ཤུན)

(9) FOXMAIL(ཐེང་ཤུན)

(10)163ཡིག་སྒམ(ཝང་དབྱི)

(11)126ཡིག་སྒམ(ཝང་དབྱི)

(12)188ཡིག་སྒམ(ཝང་དབྱི)

(13) 21CNཡིག་སྒམ(དུས་རབས་འབྲུག)

(14)139ཡིག་སྒམ(སྤོ་སྒུལ)

(15)189ཡིག་སྒམ(གློག་འཕྲིན)

(16)ཤིན་ཧྭ་ཡིག་སྒམ།

(17)མི་དམངས་ཡིག་སྒམ།

(18)ཀྲུང་གོའི་དྲ་བའི་ཡིག་སྒམ།

(19)ཤིན་ལང་ཡིག་སྒམ།

2.རྒྱུན་མཐོང་སྒྲིག་གཅོད་མཉེན་ཆས།

(1) The Bat!

(2) Windows Live Mail Desktop

(3) KooMail

(4)རྨི་ལམ་མགྱོགས་འཁོར། DreamMail

(5) Becky!

(6) Foxmail

(7)སྦྲག་ཕྲན།

(8) IncrediMail

(9) Mozilla Thunderbird

(10) Outlook Express

(11) MailWasher

4 ལས་ཀའི་བརྒྱུད་རིམ།

1.གློག་རྡུལ་ཡིག་ཟམ་རྒྱུད་ཁོངས་ནི་ཆ་འཕྲིན་རྒྱུད་ཁོངས་གསར་བ་ཞིག་ཡིན་པ་དང་། འཕྲིན་གཏོང་ལག་རྩལ་དང་རྩིས་འཁོར་ལག་རྩལ་ཟུང་འབྲེལ་གྱི་ཐོན་རྫས་ཡིན།

གློག་རྡུལ་ཡིག་ཟམ་གྱི་བརྒྱུད་གཏོང་ནི་གློག་རྡུལ་ཡིག་ཟམ་བརྒྱུད་པའི་སྟབས་བདེ་བརྒྱུད་གཏོང་གྲོས་མཐུན་ཏེ(Simple Mail Transfer Protocolབསྡུས་མིང་ལ SMTPཟེར)རྒྱུད་ཁོངས་འདི་ནི་མཉེན་ཆས་ཀྱིས་ལེགས་འགྲུབ་འབྱུང་དུ་བཅུག་པ་རེད། དེ་ནིInternetའོག་གི་གློག་རྡུལ་ཡིག་ཟམ་གྱི་འཕྲིན་གཏོང་གྲོས་མཐུན་ཞིག་ཡིན།

2.གློག་རྡུལ་ཡིག་ཟམ་གྱི་གཞི་རྩའི་རྩ་བའི་རིགས་པ་ནི་འཕྲིན་གཏོང་དྲ་ཐོག་ཏུ“གློག་རྡུལ་ཡིག་སྒམ་རྒྱུད་ཁོངས”གསར་འཛུགས་བྱས་པ་ཞིག་སྟེ། དེ་ནི་དོན་དམ་དུ་རྩིས་འཁོར་རྒྱུད་ཁོངས་ཞིག་རེད།

རྒྱུད་ཁོངས་སྲ་ཆས་ནི་ནུས་ཆེ་དང་ཤོང་ཚད་ཆེ་བའི་རྩིས་འཁོར་ཡིན་ལ། སྲ་སྡེར་ནི་ཡིག་སྒམ་གྱི་གསོག་འཇོག་བར་རྫས་བྱས་ཤིང་། སྲ་སྡེར་སྟེང་དུ་སྤྱོད་མཁན་ལ་གསོག་འཇོག་བར་སྟོང་ངེས་ཅན་ཞིག་དབྱེ་སྟེ། སྤྱོད་མཁན་གྱི་ཡིག་སྒམ་བྱས་པ་དང་། སྤྱོད་མཁན་རེར་རང་ཉིད་ལ་དབང་བའི་གློག་རྡུལ་ཡིག་སྒམ་རེ་ཡོད་པ་རེད།

3.གློག་རྡུལ་ཡིག་ཟམ་གྱི་འཕྲིན་གཏོང་ནི་ཡིག་སྒམ་བར་སྤེལ་རེས་བྱེད་པ་རེད།

སྤྱོད་མཁན་གྱིས་ཐོག་མར་རང་ཉིད་ཀྱི་ཡིག་སྒམ་གྱི་ཁ་འབྱེད་པ་དང་། དེ་ནས་བཀའ་བརྡ་བརྒྱུད་ཐབས་ཀྱིས་འཕྲིན་བསྐུར་དགོས་པ་དེ་ཕ་རོལ་པའི་ཡིག་སྒམ་དུ་བསྐུར་བ་དང་། ཡིག་ཟམ་ནི་ཡིག་སྒམ་བར་ཕན་ཚུན་བརྒྱུད་གཏོང་དང་བརྗེ་རེས་བྱེད་པ་རེད།




དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-02

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།