ཁོངས་ཆུང་དྲ་རྒྱ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོངས་ཆུང་དྲ་རྒྱ།
ཁོངས་ཆུང་དྲ་རྒྱ་ནི་ས་ཁོངས་ག་གེ་མོ་ཞིག་གི་ནང་དུ་རྩིས་འཁོར་མང་པོ་སྦྲེལ་རེས་བྱས་པའི་རྩིས་འཁོར་ཚོ་སྟེ། སྤྱིར་བཏང་དུ་འཁོར་རྒྱའི་རིང་ཚད་ནི་སྨི་སྟོང་ཕྲག་ཁ་ཤས་ནང་ཚུན་ཡིན། ཁོངས་ཆུང་དྲ་རྒྱས་ཡིག་ཆ་དོ་དམ་དང་ཉེར་སྤྱོད་མཉེན་ཆས་དང་། དཔར་ཆས་སྤྱི་སྤྱོད་བྱེད་པ་དང་། ལས་ཀའི་ཚོགས་ཆུང་ནང་གི་ཉིན་རེའི་ལས་རིམ་བཀོད་སྒྲིག གློག་རྡུལ་སྦྲག་ཡིག་དང་བརྙན་སྐྱེལ་འཕྲིན་གཏོང་ཞབས་ཞུ་མངོན་འགྱུར་བྱེད་པ་སོགས་ཀྱི་བྱེད་ལས་ལྡན། ཁོངས་ཆུང་དྲ་རྒྱ་ནི་ཁ་ཟུམ་རང་བཞིན་ཅན་ཡིན་པ་དང་། གཞུང་སྒྲུབ་ཁང་ཞིག་གི་ནང་དུ་ཡོད་པའི་རྩིས་འཁོར་གཉིས་ཀྱིས་གྲུབ་ཆོག་ལ། ཡང་ན་ཀུང་སི་ཞིག་གི་ནང་དུ་ཡོད་པའི་རྩིས་འཁོར་སྟོང་ཁ་ཤས་ཀྱིས་གྲུབ་ཀྱང་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
局域网
ཕྱི་ཡིག་གི་མིང་།
LAN
ཁྱབ་ཁོངས།
སྨི་སྟོང་ཕྲག་ཁ་ཤས་ནང་ཚུན།
སྲ་ཆས།
ཞབས་ཞུ་ཆས། བྱ་བའི་ས་ཚིགས་། པར་འཁོར། དྲ་རྒྱའི་བྱང་བུ།
1 མཚན་ཉིད།

ཁོངས་ཆུང་དྲ་རྒྱར་མཚན་ཉིད་ཆ་ཚང་ཞིག་འཇོག་དགོས་ཚེ། ངེས་པར་དུ་ཐབས་གཉིས་སྤྱོད་དགོས་ཏེ། གཅིག་ནི་བྱེད་ལས་རང་བཞིན་གྱི་མཚན་ཉིད་དང་། ཅིག་ཤོས་ནི་ལག་རྩལ་རང་བཞིན་གྱི་མཚན་ཉིད་ཡིན་པ་རེད། ཁོངས་ཆུང་དྲ་རྒྱའི་བྱེད་ལས་རང་བཞིན་མཚན་ཉིད་སྔོན་མ་དེ་ནི་སྟེགས་འཇོག་རྩིས་འཁོར་ཚོ་ཞིག་དང་སྒྲིག་ཆས་གཞན་པ་དངོས་ལུགས་ཤག་གནས་སྟེང་ཕན་ཚུན་གྱི་བར་ཐག་རིང་བོ་མེད་པ་དང་། སྤྱོད་མཁན་གྱིས་ཕན་ཚུན་འཕྲིན་གཏོང་དང་སྤྱི་སྤྱོད་བྱས་ཆོག་སྟེ། དཔེར་ན། དཔར་ཆས་དང་གསོག་འཇོག་སྒྲིག་ཆས་རིགས་དང་། རྩིས་འཁོར་ཐོན་ཁུངས་ཀྱི་བྱེད་ཐབས་ཀྱིས་ཕན་ཚུན་འབྲེལ་མཐུད་བྱས་ཏེ་གཞི་གཅིག་ཏུ་ཡོད་པའི་རྒྱུད་ཁོངས་ལྟ་བུ། མཚན་ཉིད་འདིའི་རིགས་ནི་གཞུང་སྒྲུབ་ཁང་གི་ཁོར་ཡུག་ཏུ་ཡོད་པའི་ཁོངས་ཆུང་དྲ་རྒྱར་འཚམ་པ་དང་། བཟོ་གྲྭ་དང་ཞིབ་འཇུག་ལས་ཁུངས་ནང་དུ་སྤྱད་ནའང་འཚམ་མོ།།

ཁོངས་ཆུང་དྲ་རྒྱ་ཡི་ལག་རྩལ་མཚན་ཉིད་ལྟར་ན། དེ་ནི་དམིགས་བསལ་ཅན་གྱི་རིགས་ཀྱི་བརྒྱུད་གཏོང་སྨྱན་གཟུགས་དང་དྲ་རྒྱའི་འཚམ་སྒྲིག་ཆས་ཕན་ཚུན་གཅིག་ཏུ་སྦྲེལ་བའི་རྩིས་འཁོར་དང་དེ་མ་ཟད་དྲ་རྒྱ་བཀོལ་སྤྱོད་རྒྱུད་ཁོངས་ལྟ་སྐུལ་ཚོད་འཛིན་གྱི་དྲ་རྒྱའི་རྒྱུད་ཁོངས་ལ་ཟེར།

བྱེད་ལས་རང་བཞིན་དང་ལག་རྩལ་རང་བཞིན་གྱི་མཚན་ཉིད་བར་དུ་ཁྱད་པར་མངོན་གསལ་ཡོད་དེ། བྱེད་ལས་རང་བཞིན་གྱི་མཚན་ཉིད་ཀྱིས་ནན་བཤད་བྱས་པ་ནི་ཕྱི་ཕྱོགས་ཀྱི་བྱ་སྤྱོད་དང་ཞབས་ཞུ་ཡིན་ལ། ལག་རྩལ་རང་བཞིན་གྱི་མཚན་ཉིད་ཀྱིས་ནན་བཤད་བྱེད་པ་ནི་ཁོངས་ཆུང་དྲ་རྒྱ་གྲུབ་ཚུལ་ལ་མཁོ་བའི་དངོས་པོའི་རྨང་གཞི་དང་གྲུབ་ཚུལ་གྱི་བྱེད་ཐབས་ཡིན་པ་རེད།

2 གྲོས་མཐུན།

ཁོངས་ཆུང་དྲ་རྒྱའི་ཁྲོད་ཀྱི་གྲོས་མཐུན་ཁ་ཤས་ནི་བཀོད་སྤྱོད་རྒྱུད་ཁོངས་སྒྲིག་འཇུག་སྐབས་རང་འགུལ་གྱིས་སྒྲིག་འཇུག་བྱེད་པ་རེད། དཔེར་ན། Windows 2000ཡང་ནWindows 95/98སྒྲིག་འཇུག་བྱེད་སྐབས། རྒྱུད་ཁོངས་ཀྱིས་རང་འགུལ་གྱིསNetBEUIའཕྲིན་གཏོང་གྲོས་མཐུན་སྒྲིག་འཇུག་བྱེད་པ་ཡིན། དེའི་ཁྲོད་ཀྱི་གྲོས་མཐུན་རིགས་གསུམ་གྱི་ནང་གིNetBEUIཡང་ནIPX/SPXནི་སྒྲིག་འཇུག་བྱས་རྗེས་སྒྲིག་འགོག་བྱ་མི་དགོས་པར་ཐད་ཀར་བཀོལ་སྤྱོད་བྱ་ཆོག འོན་ཀྱངTCP/IPལ་དགོས་ངེས་ཀྱི་སྒྲིག་འགོད་བརྒྱུད་དགོས་པ་རེད། དེར་བརྟེནWindows 2000ཁོར་ཡུག་འོག་གིTCP/IPགྲོས་མཐུན་གཙོ་བོར་འཛིན་ཅིང་། ངོ་སྤྲོད་དང་སྒྲིག་འཇུག སྒྲིག་འགོད་དང་ཚོད་ལེན་བྱེད་སྟངས། བཀོལ་སྤྱོད་རྒྱུད་ཁོངས་གཞན་པའི་ཁྲོད་གྲོས་མཐུན་གྱི་འབྲེལ་ཡོད་བཀོལ་སྤྱོད་ནིWindows 2000དང་ཕལ་ཆེར་འདྲ་ལ། ཐ་ན་དེ་ལས་ཀྱང་སྟབས་བདེ་ཡིན་པ་རེད།




དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། དྲ་རྒྱ། གཞན་དག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-01

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།