ཅེ་ཁེའི་མི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅེ་ཁེའི་མི།
ཅེ་ཁེའི་མི་ནི་ཅེ་ཁེའི་རྒྱལ་ཁོངས་ལ་གཏོགས་པའི་མི་དང་ཅེ་ཁེ་རྒྱལ་ཁབ་ཀྱི་མི་རིགས་གཙོ་གྲས་གཉིས་ལ་ཟེར། ཅེ་ཁེའི་མི་རིགས་མང་ཆེ་ཤས་གནམ་བདག་ཆོས་ལུགས་ལ་དད་མོས་ཡོད། མ་སྐད་ནི་ཅེ་ཁེའི་སྐད་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
捷克人
ཕྱི་ཡིག་གི་མིང་།
Czechs
ཆོས་ལུགས་དད་མོས།
གནམ་བདག་ཆོས་ལུགས།
སྐད་རིགས།
ཅེ་ཁེའི་སྐད།
1 ངོ་སྤྲོད།

ཅེ་ཁེ་ནི་ཡོ་རོབ་དབུས་མའི་སི་ལ་ཧྥུའི་ལ་གཏོགས། གཙོ་བོ་ཅེ་ཁེ་ན་གནས་སྡོད་བྱས་ཡོད། ཅེ་ཁེའི་མི་ཉུང་ཤས་ནི་སི་ལོ་ཝ་ཁེ་དང་ཨོ་སི་ཁྲུ་རི་ཡ། ཨ་རི་དང་པ་ཞི། ཨ་ཀེན་ཐིན་དང་ཁ་ན་ཏ། འཇར་མན་དང་ཨུ་རུ་སུ་སོགས་ལ་ཁྱབ་ཡོད་པ་རེད། ཅེ་ཁེའི་མ་སྐད་ནི་ཅེ་ཁེའི་སྐད་ཡིན། དུས་རབས6པ་ནས་བཟུང་། ཅེ་ཁེའི་མི་པོ་ཞི་སྨི་ཡ་དང་མོ་ལ་ཝེ་ཡ། ཞི་ལི་ཞི་ཡ་ས་ཁུལ་དུ་འཚོ་སྡོད་བྱས་པ་རེད།

2 ལོ་རྒྱུས།

ཅེ་ཁེ་ནི་ཡོ་རོབ་དབུས་མའི་སི་ལ་ཧྥུ་ནུབ་མ་ལ་གཏོགས། ཅེ་ཁེའི་སྐད་སྤྱོད་པ་ཡིན། དེ་ནི་དབྱིན་ཨོའུ་སྐད་ཁུངས་ཀྱི་སི་ལ་ཧྥུ་སྐད་རིགས་ནུབ་མའི་ཡན་ལག་ལ་གཏོགས། ལ་ཏིང་གསལ་བྱེད་དེ་རྨང་གཞིའི་ཡི་གེ་ཡིན་པ་དང་། ཆོས་ལ་དད་མཁན་མང་ཆེ་བ་གནམ་བདག་ཆོས་ལུགས་ཀྱི་རྗེས་འཇུག་པ་ཡིན།

སྤྱི་ལོ་དུས་རབས5པའི་མཇུག་དང6པའི་སྟོད་ལ། སུ་ལ་ཧྥུའི་མི་ཡི་ཚོ་བ་སྐོར་ཞིག་མའོ་ལ་ཝེ་ཡ་དང་པའོ་ཞི་སྨི་ཡའི་ས་ཁུལ་དུ་འབྱོར། དུས་རབས་བདུན་པའི་སྟོད་ལ། ཨ་ཝ་ཨེར་མི་ལ་འགོག་རྒོལ་བྱེད་ཆེད་མཉམ་འབྲེལ་བཙུགས་པ་དང་། ས་མོ་སྤྱིའི་རྒྱལ་ཁབ་བཙུགས། དུས་རབས9པའི་མགོར་ཏ་མོ་ལ་ཝེ་ཡ་གོང་མའི་རྒྱལ་ཁབ་གྲུབ། པའོ་ཞི་སྨི་ཡའི་ཚོ་བ་སོ་སོ་དུས་རབས9པའི་མཇུག་ནས་དུས་རབས10བའི་སྟོད་ལ་ཏ་མོ་ལ་ཝེ་ཡ་ལས་ཁ་བྲལ་ཏེ་ཅེ་ཁེ་བཙན་པོའི་རྒྱལ་ཁབ་བཙུགས། དུས་རབས11པའི་དཀྱིལ་ཙམ་ལ་མོ་ལ་ཝེ་ཡ་ས་ཁུལ་གཅིག་སྡུད་བྱས་ཏེ། རིམ་བཞིན་ཅེ་ཁེའི་མི་རིགས་གཅིག་གྱུར་གྱི་རྣམ་པ་ཆགས་པར་རྨང་གཞི་བཏིངས། སྤྱི་ལོ1348ལོར། རོ་མ་གོང་མའི་རྒྱལ་ཁབ་ཀྱི་གོང་མ་ཁྲ་ལི་སྐུ་ཕྲེང་བཞི་བས་པུའུ་ལ་ཀི་ནས་ཁྲ་ལི་ཧྲི་སློབ་ཆེན་བཙུགས་ཤིང་། ཅེ་ཁེའི་མི་རིགས་རིག་གནས་ལ་འཕེལ་རྒྱས་བསྐྲུན། དུས་རབས15པར་ཅེ་ཁེའི་ས་ཁུལ་ནས་ཏི་ཡི་ཀྲི་བཀས་བཀོད་རྒྱུད་འཛིན་དང་གནམ་བདག་ཆོས་ལུགས་ལ་ངོ་རྒོལ་བྱེད་པའི་ལས་འགུལ་བསླངས་ལ། ཅེ་ཁེའི་མི་རིགས་འདུ་ཤེས་ཇེ་མཐོར་བཏང་། དུས་རབས17པའི་ལོ་རབས20པའི་སྨད་ལ། ཅེ་ཁེ་ཆོས་ལུགས་གསར་བའི་སྐུ་དྲག་རྣམས་ཀྱིས་བསླང་པའི་དྲག་པོའི་འོས་ལངས་དེ་ནི་ཡོ་རོབ་གླིང་གི་ལོ་ངོ་སུམ་ཅུའི་དམག་འཁྲུག་གི་འབྱུང་རྐྱེན་དུ་གྱུར། འོས་ལངས་ཕམ་རྗེས། ཅེ་ཁེ་ཨོ་སི་ཁྲུ་རི་ཡའི་ཧ་པུའུ་སི་པོ་རྒྱལ་རབས་ཀྱི་ཞིང་ཆེན་ཞིག་ཏུ་གྱུར། ཅེ་ཁེའི་སྐད་ཀྱང་ཅེ་ཁེའི་ས་ཁུལ་གྱི་གཞུང་ཕྱོགས་སྐད་རིགས་མིན། དམག་འཁྲུག་གི་གནོད་སྐྱོན་དང་ཆོས་ལུགས་ཀྱི་མནར་གཅོད་ཀྱིས་ཅེ་ཁེའི་མི་གྲངས་ཇེ་ཉུང་དུ་སོང་། གྲོང་ཁྱེར་ཡང་ཏི་དབྱི་ཀྲི་ཅན་ཏུ་གྱུར།

དུས་རབས18པའི་ལོ་རབས80པར། ཞིང་བྲན་ལམ་ལུགས་མེད་པར་བཟོས། སྤྱི་ལོ1848ལོར་པུའུ་ལ་ཀོ་གྲོང་ཁྱེར་ནས་འོས་ལངས་བྱུང་།   སྤྱི་ལོ1918ལོའི་ཟླ10པར་རང་བཙན་བྱས། སྤྱི་ལོ1946ལོར་སི་ལོ་ཧྥ་ཁོའི་མི་དང་མཉམ་དུ་ཅེ་ཁེ་སོ་ལོ་ཧྥ་ཁོ་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་རེད།

3 གཞན།

ཅེ་ཁེའི་མི་ནི་གནས་སྐོར་ལ་དགའ་བའི་མི་རིགས་ཤིག་ཡིན། ཟླ་བདུན་པའི་མགོ་ཚུགས་པ་ན་ཉིན་དགུའི་གུང་གསེང་མགོ་བརྩམས་པ་རེད། སྐབས་ཐོག་དེ་ཅེ་ཁེའི་གྲོང་ཁྱེར་གྱི་མི་གྲངས་གློ་བུར་དུ་ཇེ་ཉུང་ལ་འགྲོ། ལྷག་པར་དུ་གཟའ་མཇུག་ལ་ཐོན་དུས་སྲང་ལམ་སྟོང་སེང་ངེར་ལུས་པ་རེད། ལྗོངས་རྒྱུའི་གནས་གྲགས་ཆེན་ན་མ་གཏོགས་མི་མང་པོ་མཐོང་རྒྱུ་མེད། མི་དེ་དག་ཀྱང་ཕྱི་རྒྱལ་པ་དག་ཡིན། སྐབས་དེའི་ཅེ་ཁེའི་མི་ཡི་ལྗོངས་རྒྱུ་ལ་རྣམ་པ་བཞི་ཡོད་པ་རེད་དེ། རི་ལ་འཛེག་པ་དང་། མཚོ་ཁར་འགྲོ་བ་དང་། ཕྱི་རྒྱལ་ལ་འགྲིམ་པ་དང་། ལྕགས་རྟ་ཞོན་པ་བཅས་ཡིན།



དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-19

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།