ཀེ་རི་སེའི་མི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀེ་རི་སེའི་མི།
ཀེ་རི་སེའི་མི་ནི་ཀེ་རི་སེ་དང་སའེ་ཕའོ་ལུའུ་སུ་ཡི་གཙོ་བོའི་མི་རིགས་ཡིན་ལ། འགའ་ཞིག་ཨ་མེ་རི་ཁ་དང་ཨུ་རུ་སུ། ཝུ་ཁེར་ལན། ཨོ་སི་ཁྲུ་ལི་ཡ་དང་ཐུར་ཁེ་སོགས་ལའང་མཆེད་ཡོད། མང་ཤས་ཨའོ་ལུའོ་པ་མི་རྒྱུད་ཀྱི་རྒྱ་མཚོ་དབུས་མའི་རིགས་ལ་གཏོགས། འགའ་ཞིག་ཨ་ཨེར་པའེ་སིའི་རིགས་ལའང་གཏོགས། ཀེ་རི་སེའི་སྐད་སྤྱོད་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
希腊人
ཕྱི་ཡིག་གི་མིང་།
ཀེ་རི་སེའི་སྐད་ཀྱི Έλληνες དབྱིན་ཇིའི་སྐད་ཀྱི Greeks
སྐད་རིགས།
ཀེ་རི་སེའི་སྐད།
ཆོས་ལུགས་དད་མོས།
དངོས་རྒྱུད་ཆོས་ལུགས་ཤར་མ།
1 ངོ་སྤྲོད།

ཀེ་རི་སེའི་མི་ནི་ཀེ་རི་སེ་དང་སའེ་ཕའོ་ལུའུ་སུ་ཡི་གཙོ་བོའི་མི་རིགས་ཡིན་ལ། འགའ་ཞིག་ཨ་མེ་རི་ཁ་དང་ཨུ་རུ་སུ། ཝུ་ཁེར་ལན། ཨོ་སི་ཁྲུ་ལི་ཡ་དང་ཐུར་ཁེ་སོགས་ལའང་མཆེད་ཡོད། མང་ཤས་ཨའོ་ལུའོ་པ་མི་རྒྱུད་ཀྱི་རྒྱ་མཚོ་དབུས་མའི་རིགས་ལ་གཏོགས། འགའ་ཞིག་ཨ་ཨེར་པའེ་སིའི་རིགས་ལའང་གཏོགས། ཀེ་རི་སེའི་སྐད་བཀོལ་སྤྱོད་བྱེད། ཡིག་རིགས་ལ་གནའ་བོའི་ཀེ་རི་སེའི་ཡི་གེ་དང་ཀེ་རི་སེའི་ཡིག་རིགས་གསར་བ་གཉིས་སུ་དབྱེ། མང་ཤས་དངོས་རྒྱུད་ཆོས་ལུགས་ཤར་མ་ལ་དད་ཅིང་། འགའ་ཞིག་གནམ་བདག་ཆོས་ལུགས་དང་དབྱི་སི་ལན་ཆོས་ལུགས་ལའང་དད། གནའ་བོའི་ཀེ་རི་སེའི་མི་དང་མི་རིགས་གཞན་བསྲེས་ནས་ད་ལྟའི་ཀེ་རི་སེའི་མི་གྲུབ་ལ། སོ་སོར་ཨ་མེ་རི་ཁ་དང་ཨུ་རུ་སུ། ཝུ་ཁེར་ལན། ཨོ་སི་ཁྲུ་ལི་ཡ། ཐུར་ཁེ་སོགས་ལ་ཁྱབ་ཡོད། ཀེ་རི་སེ་ནས་མི་མང་དག་ཅིག་གིས་དེང་རབས་ཅན་གྱི་ཀེ་རི་སེའི་སྐད་དང་དབྱིན་ཡིག་གཙོ་བོར་བཟུང་ནས་བཤད་ལ། དེ་གནའ་བོའི་སྐད་རིགས་དང་ཧེ་བག་ཅུང་ལྡན། སྐད་རིགས་ཉུང་ཤས་ལ་རོ་མའི་སྐད་དང་ཐུར་ཁེའི་སྐད་ཀྱང་འདྲེས་ཡོད།

2 ​རིག་གནས།

གནའ་བོའི་ཀེ་རི་སེའི་ས་བབ་དང་གནས་སྟངས་ཀྱི་དབང་གིས་ཨེ་ཅིབ་སོགས་རྒྱལ་ཁབ་གཞན་དག་ལ་མཚོ་ཐོག་སྐྱེལ་འདྲེན་བྱེད་བཞིན་ཡོད་ལ། རྒྱལ་ཁབ་དེ་དག་གི་ཡིག་གཟུགས་དང་འཁལ་འཐག གྲངས་རིག གནམ་དཔྱད་རིག་པ། བཟོ་སྐྲུན་རིག་པ་སོགས་ལའང་འཕེལ་རྒྱས་མི་དམན་པ་བྱུང་ཡོད།  ཀེ་རི་སེའི་མིས་གཟའ་པ་སངས་སོགས་བཀྲ་མི་ཤིས་པའི་ཉིན་མོར་བརྩི་ལ། ཁ་དོག་ནག་པོ་ལ་མི་དགའ། ཞི་ལའང་མི་དགའ། ལྷག་པར་དུ་ཞི་ལ་ནག་པོ་ལ་གཏན་ནས་མི་དགའ།  ཀེ་རི་སེའི་མི་ཡི་ཁྱིམ་དུ་མགྲོན་ལ་སོང་ན་རྟེན་འབྲེལ་གྱི་དངོས་པོ་ག་གེ་མོ་ལེགས་སྐྱེས་སུ་གནང་ངེས་སོ། །


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-18

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།