ཁོ་ལོམ་པི་ཡའི་མི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོ་ལོམ་པི་ཡའི་མི།
ཁོ་ལོམ་པི་ཡའི་མི་ནི་མེ་གླིང་ལྷོ་མའི་ཁོ་ལོམ་པི་ཡའི་སྡོད་དམངས་ཀྱི་སྤྱི་མིང་ཡིན་པ་དང་། སྤྱི་ལོ1982ལོར་མི་གྲངས་ཁྲི2709ལྷག་ཡོད། མི་མང་པོ་ཞིག་ཨན་ཏི་སི་མཐོ་སྒང་ས་ཁུལ་དང་ཞི་བདེ་རྒྱ་མཚོ་འགྲམ་རྒྱུད་ན་ཡོད། སི་ཕེན་སྐད་སྤྱོད་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
哥伦比亚人
ཕྱི་ཡིག་གི་མིང་།
Colombians
སྐད་རིགས།
སི་ཕེན་སྐད།
1 ངོ་སྤྲོད། 

ཁོ་ལོམ་པི་ཡའི་མི་ནི་མེ་གླིང་ལྷོ་མའི་ཁོ་ལོམ་པི་ཡའི་སྡོད་དམངས་ཀྱི་སྤྱི་མིང་ཡིན་པ་དང་།  སྤྱི་ལོ1982ལོར་མི་གྲངས་ཁྲི2709ལྷག་ཡོད།  མི་མང་པོ་ཞིག་ཨན་ཏི་སི་མཐོ་སྒང་ས་ཁུལ་དང་ཞི་བདེ་རྒྱ་མཚོའི་འགྲམ་རྒྱུད་ན་ཡོད།   སི་ཕེན་སྐད་རིགས་སྤྱོད་བཞིན་ཡོད།  རང་ས་ཆའི་ཕ་སྐད180ལྷག་ཙམ་ཡོད།   བརྒྱ་ཆའི་དགུ་བཅུ་གོ་ལྔའི་ཡན་གྱིས་གནམ་བདག་ཆོས་ལུགས་ལ་དད་མོས་བྱེད་པ་དང་། ཉུང་ཤས་ཤིག་གིས་ཡ་ཧི་ད་ཆོས་ལུགས་ལ་དད་མོས་བྱེད་པ་ཡིན།   དབྱིན་ཏི་ཨན་གྱི་མི་ཁ་ཤས་ཤིག་གིས་ད་དུང་སྲོལ་རྒྱུན་གྱིས་ཆོས་ལུགས་ལ་དད་མོས་བྱེད་པ་རེད།  

2 ལོ་རྒྱུས། 

ཁོ་ལོམ་པི་ཡ་ནི་དུས་རབས་བཅུ་དྲུག་པའི་ལོ་རབས་སུམ་ཅུ་པའི་སྐབས་སུ་སི་ཕེན་ཡའི་མི་སེར་སྤེལ་ཡུལ་ཏུ་གྱུར།  མིང་ལ་ཞིན་ཀོ་ལ་ན་ཏཱ་ཞེས་བཏགས།    དུས་རབས་བཅུ་དགུ་པའི་དུས་མགོར།  རང་དབང་རྩད་ནས་འཐབ་འཁྲུག་བྱུང་།  སྤྱི་ལོ1810ལོར་སི་ཕེན་དབང་བསྒྱུར་ལས་བྲལ་བ་གསལ་བསྒྲགས་བྱས།  སྤྱི་ལོ1819ལོར་རང་དབང་ཐོབ།  མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་བཙུགས།  མིང་ལ་ཡང་ཁོ་ལོམ་པི་ཡ་ཞེས་བཏགས།  སྤྱི་ལོ1829ནས་སྤྱི་ལོ1830ལོར་ཝེ་ནེ་ཙུའེ་ལ་དང་ཨེ་ཁྭ་ཏོར་གཉིས་གཅིག་རྗེས་གཉིས་མཐུད་དུ་མཉམ་འབྲེལ་ལས་ཕྱིར་བུད།  རྗེས་སུ་སྤྱི་ལོ1831ལོར་མིང་བསྒྱུར་ནས་ཞིན་ཀོ་ལ་ན་ཏཱ་སྤྱི་མཐུན་རྒྱལ་ཁབ་ཅེས་མིང་བཏགས་པ་རེད།  སྤྱི་ལོ1886ལོར་མིང་ལ་ཁོ་ལོམ་པི་ཡ་སྤྱི་མཐུན་རྒྱལ་ཁབ་ཅེས་དངོས་སུ་བཏགས་སོ།  །

ད་ལྟའི་ཁོ་ལོམ་པི་ཡའི་མི་ནི་སྔོན་ཆད་ཀྱི་དབྱིན་ཏི་ཨན་མི་དང་མི་ནག   སི་ཕེན།  དབྱི་ཐ་ལི།  འཇར་མན་སོགས་ཀྱི་མི་རྣམས་ས་དེ་རུ་ཡོང་ནས་ཡུན་རིང་ལ་འཚོ་སྡོད་བྱས་པའི་མི་རིགས་ཤིག་ཡིན།  མིག་སྔར།  སྡོད་དམངས་ཁྲོད་དབྱིན་ཏི་ཨན་མི་དང་ཡོ་རོབ་གླིང་གི་མི་རྒྱུད་བརྒྱ་ཆའི་ལྔ་བཅུ་ཟིན་ཡོད།  སྡོད་དམངས་འདི་རྣམས་ཀྱི་འདུག་གནས་ནི་མཐོ་སྒང་ཞིང་ལས་ས་ཁུལ་ཡིན་པ་དང་། མི་ནག་དང་མི་དཀར་གྱི་མི་རྒྱུད་བརྒྱ་ཆའི་ཉེར་ལྔ་ཟིན་ཡོད།  དེ་ལས་གླུ་དང་བྲོ།  ཟས་དང་ཡུལ་སྲོལ་གོམས་གཤིས་སོགས་ཕྱོགས་གང་ཐད་ནས་ཀྱང་ཧྥེ་གླིང་ས་ཁུལ་གྱི་ཁྱད་ཆོས་མང་པོ་ལྡན། 

3 འཚོ་བ་དང་རིག་གནས།

ཁོ་ལོམ་པི་ཡའི་དེང་རབས་ཀྱི་སྡོད་དམངས་རྣམས་ཀྱི་ལས་གཉེར་གཙོ་བོ་ནི་ཞིང་ལས་ཡིན་པ་དང་།  གཙོ་བོ་འབྲས་དང་ཞོག་ཁོག  གྲོ   ངང་ལག    དུ་བ་སོགས་ཡིན།  ཞིང་ལས་འཕེལ་རྒྱས་ཅུང་དལ་ལ།  རང་ཉིད་ཀྱི་ཁ་གསོ་བར་ཅུང་དཀའ།  བཟོ་ལས་ནི་གཙོ་བོ་ཀ་ར་དང་འཚིག་ཇ་སོགས་ཡིན། རིག་གནས་ཀྱི་ཐད་ལ་སི་ཕེན་རིག་གནས་དང་།  དབྱིན་ཏི་ཨན་གྱི་རིག་གནས།   ཧྥེ་གླིང་རིག་གནས་སོགས་ཀྱི་ཁྱད་ཆོས་ལྡན་ནོ། །


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-19

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།