ཁེ་ཨེར་ཀེའི་མི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁེ་ཨེར་ཀེའི་མི།
ཁེ་ཨེར་ཀེའི་མི་ནི་ཡ་གླིང་དབུས་མའི་རྒྱལ་ཁབ་ཁེ་ཨེར་ཀེ་སི་ཐན་གྱི་གཙོ་གྲས་མི་རིགས་ཤིག་ཡིན་ལ། སོག་པོའི་རིགས་རྒྱུད་ཀྱི་ཞི་པའོ་ལི་ཡའི་རིགས་ལ་གཏོགས། ཡང་མང་ཤས་ཤིག་ཨའོ་ལོ་པཱ་རིགས་རྒྱུད་ཀྱི་ཁྲག་རྒྱུད་འདྲེས་པའང་ཡོད། ཀྲུང་གོའི་མངའ་ཁོངས་ནའང་ཡོད་དོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
吉尔吉斯人
ཕྱི་ཡིག་གི་མིང་།
Kirghiz
མིང་གཞན།
ཁུ་ཨེར་ཀེ་ཙི་རིགས(ཀྲུང་གོའི་མངའ་ཁོངས་ནང)
མི་རྒྱུད།
སོག་པོའི་ལྷོ་ནུབ་ཀྱི་མི་རྒྱུད་རིགས།
སྐད་རིགས།
ཁེ་ཨེར་ཀེའི་སྐད།
1 ངོ་སྤྲོད།

ཁེ་ཨེར་ཀེའི་མི་ནི་ཡ་གླིང་དབུས་མའི་རྒྱལ་ཁབ་ཁེ་ཨེར་ཀེ་སི་ཐན་གྱི་གཙོ་གྲས་མི་རིགས་ཤིག་ཡིན་ལ། སོག་པོའི་རིགས་རྒྱུད་ཀྱི་ཞི་པའོ་ལི་ཡའི་རིགས་ལ་གཏོགས། ཡང་མང་ཤས་ཤིག་ཨའོ་ལུའོ་པ་རིགས་རྒྱུད་ཀྱི་ཁྲག་རྒྱུད་འདྲེས་པའང་ཡོད། ཀྲུང་གོའི་རྒྱལ་མངའ་ཁོངས་ནའང་ཡོད་དོ། །

ཁེ་ཨེར་ཀེའི་མི(ཀྲུང་གོའི་ནང་ཁུལ་གྱི་ཁེ་ཨེར་ཀེ་མི་རིགས)ནི་མཐའ་མཚམས་བརྒལ་བའི་མི་རིགས་ཤིག་ཡིན་ལ། གཙོ་བོ་ཁེ་ཨེར་ཀེ་སི་ཐན་གྱི་མངའ་ཁོངས་ནང་ཡོད། ཡིན་ཡང་རེ་འགའ་ཀྲུང་གོ་དང་ཝུའུ་ཙི་པིའེ་ཁི་སི་ཐན། ཐ་ཅི་ཁི་སི་ཐན། ཧ་ས་ཁི་སི་ཐན། ཨ་ཧྥུ་ཀ་ན་སི་ཐན་སོགས་ཀྱི་ས་ཆར་ཁྱབ་ཡོད།

ཁེ་ཨེར་ཀེའི་མིས་ཁེ་ཨེར་ཀེའི་སྐད་རིགས་བཀོལ་ལ། དེར་ཡང་ཤར་ལྷོ་དང་ལྷོ་ནུབ། བྱང་ཁུལ་བཅས་རིགས་གསུམ་གྱི་ཡུལ་སྐད་ཡོད། སྤྱི་ལོ1926ལོའི་ཡར་སྔོན་ལ་ཨ་རབ་ཀྱི་ཡི་གེ་བཀོལ་ལ། སུའུ་ལེན་ཕྱི་མའི་མངའ་ཁོངས་ཀྱི་ཁེ་ཨེར་ཀེའི་མིས་ལ་ཏིང་གི་ཡི་གེ་སྤྱོད། ཀྲུང་གོའི་མངའ་ཁུལ་དུ་ཡོད་པའི་ཁེ་ཨེར་ཀེའི་མིས་ཨ་རབ་ཀྱི་ཡི་གེ་སྤྱོད།

ཀྲུང་གོའི་མངའ་ཁོངས་ཀྱི་ཁེ་ཨེར་ཀེའི་མི་རིགས་ནི་ཀྲུང་ཧྭ་མི་རིགས་ཀྱི་ནང་གསེས་ཤིག་ཡིན། སྤྱི་ལོ1949ལོའི་སྔོན་ལ་རུ་སྤོ་བའི་འབྲོག་ལས་དེ་དཔལ་འབྱོར་གཙོ་བོར་འཛིན་བཞིན་ཡོད་ལ། རིགས་རྒྱུད་ཚོ་བའི་ཚོགས་པའི་རྣམ་པ་མངོན་པར་བཟུང་ནས་ཡོད། སྤྱི་ལོ1949ལོར་ཞིན་ཅང་ཞི་བའི་བཅིངས་འགྲོལ་བྱས་རྗེས། ཁོ་ཚོ་དུས་རབས་གསར་བར་བསྐྱོད་ལ། ས་ཁུལ་དེ་དག་ལ་དམངས་གཙོའི་ལམ་ལུགས་དང་སྤྱི་ཚོགས་ལམ་ལུགས་ལ་བཅོས་བསྒྱུར་གང་ལེགས་མཛད། སྤྱི་ལོ1954ལོར་རང་སྐྱོང་ཁུལ་བཙུགས་ཤིང་། རང་རྐྱང་འཕེར་བའི་རེ་འདོད་ཅིག་ཅར་དུ་བསྐངས།

2 དཔལ་འབྱོར་འཚོ་བ།

ཁེ་ཨེར་ཀེའི་མིས་སྔོན་ཆད་གཙོ་བོ་རུ་སྤོར་ཕྱེད་མའི་འབྲོག་ལས་དང་ཉ་ལས་ཕྱེད་མའི་ལས་རིགས་གཙོར་འཛིན། ལྷོ་ཕྱོགས་ཀྱི་ས་ཁུལ་ཉུང་ཤས་ཤིག་གིས་ཞིང་ལས་འདེབས་འཛུགས་ལག་རྩལ་ཅུང་རྗེས་སུ་ལུས། རི་དྭགས་རྔོན་པ་ནི་ཁེ་ཨེར་ཀེའི་མིས་དཔལ་འབྱོར་གྱི་དོན་སྙིང་གལ་ཆེན་ལྡན། དེར་མ་ཟད་ད་དུང་འཁལ་འཐག་ལས་རིགས་སོགས་ཁྱིམ་གྱི་ལག་རྩལ་ལས་རིགས་སུ་བྱེད། ཟླ་བཅུ་བའི་གསར་བརྗེའི་སྔོན་ལ་རིགས་རྒྱུད་སོ་སོའི་འཐབ་རྩོད་ཁྲོད་གྲལ་རིམ་གྱི་གོ་གནས་མངོན་པར་གསལ་ནའང་། ཟླ་བཅུ་བའི་གསར་བརྗེའི་རྗེས་ནས་དཔལ་འབྱོར་དང་རིག་གནས་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་། གཙོ་བོར་བཟོ་ལས་ཀྱི་ཕྱོགས་ནས་གཏེར་ཁ་སྔོག་པ་དང་འཕྲུལ་ཆས་བཟོ་བ་སོགས་ཡིན་ལ། ཞིང་ལས་ཕྱོགས་ནས་ས་བོན་བརྗེས་ནས་སྲིང་བལ་དང་སྔོ་ཚོད་ཞིམ་པའི་རིགས། དུ་རྩྭ་སོགས་གཙོ་བོར་བྱེད་ལ། ལུག་གསོ་བའི་ལས་རིགས་ཀྱང་འཕེལ་རྒྱས་སུ་ཕྱིན་ཡོད།

ཁེ་ཨེར་ཀེའི་མི་ནི་ཡ་གླིང་དབུས་མའི་མི་རྒྱུད་གཞན་དག་དང་འདྲ་བར་སྲོལ་རྒྱུན་གྱི་རུ་སྤོར་བའི་མི་རིགས་ཤིག་ཡིན་ལ། ལོ་རྒྱུས་ལ་འཕེལ་འགྲིབ་སྣ་ཚོགས་བྱུང་མྱོང་། སྤྱི་ལོ1917ལོའི་ཟླ་བཅུ་བའི་གསར་བརྗེའི་རྗེས་ནས། ཁེ་ཨེར་ཀེ་ནི་ངེས་མེད་རྒོལ་རྡུང་རུ་ཁག་གིས་ཐེངས་མང་པོར་སུའུ་ཝེ་ཨའེ་སྲིད་དབང་ལ་ངོ་རྒོལ་བྱེད་པའི་བྱ་འགུལ་ས་ཁུལ་ཡིན། སྤྱི་ལོ1926—སྤྱི་ལོ1959ལོའི་བར་སི་ལ་ཧྥུའི་མི་དང་ཨུ་རུ་སུའི་མི་ལ་གཏོགས། འདིས་ཁོ་ཚོས་འཚོ་བའི་ཁ་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-19

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།