ཁུ་པའི་མི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁུ་པའི་མི།
ཁུ་པའི་མི་ནི་འཛམ་གླིང་སྟེང་ཆེས་ཐུན་མོང་མ་ཡིན་པའི་མི་རིགས་ཤིག་ཡིན། དེ་ལ་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་གཤིས་རྒྱུད་དང་ཆོས་ལུགས། རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་ཡོད་པར་མ་ཟད། རིགས་རྒྱུད་ཀྱི་ཕྱོགས་ནས་བཤད་ནའང་། གསར་བ་གསར་རྐྱང་གི་ན་གཞོན་རིགས་རྒྱུད་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
古巴人
ཕྱི་ཡིག་གི་མིང་།
Cubans
མི་འབོར་ཁྱབ་སྟངས།
མེ་གླིང་གི་ཅ་ལི་པི་མཚོའི་ས་ཁུལ།
1 ངོ་སྤྲོད།

ཁུ་པའི་མི་ནི་འཛམ་གླིང་སྟེང་ཆེས་ཐུན་མོང་མ་ཡིན་པའི་མི་རིགས་ཤིག་ཡིན། དེ་ལ་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་གཤིས་རྒྱུད་དང་ཆོས་ལུགས། རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་ཡོད་པར་མ་ཟད། རིགས་རྒྱུད་ཀྱི་ཕྱོགས་ནས་བཤད་ནའང་། གསར་བ་གསར་རྐྱང་གི་ན་གཞོན་རིགས་རྒྱུད་ཅིག་ཡིན། ཁོ་ཚོའི་ལུས་ན་མི་རྒྱུད་ཀྱི་ཆེས་ཁྱད་འཕགས་ཀྱི་མི་རིགས་ཁྱད་ཆོས་དང་། ཆེས་བཟང་བའི་ལུས་ཕུང་གི་རྒྱུ་སྤུས་ཡོད། ལུས་བོངས་ཆེ་ཞིང་སྙོམས་པ། སྟོབས་ཆེ་ལ་གཤིས་རྒྱུད་དགོད་བྲོ་དང་སྣང་སྐྱིད་ཡིན་པ། སྤྲོ་སེམས་དང་དགའ་སྐྱིད། གྲོགས་ལ་མཐུན་པ། གླུ་གར་ལ་སྤྲོ་བ། འབྲེལ་འདྲིས་བདེ་བ། རིགས་རྒྱུད་ཀྱི་ཕྱོགས་ཞེན་མེད་ལ། རིགས་རྒྱུད་ཀྱི་ལྟ་སྟངས་མི་འཛིན་པ། རྒྱལ་ཁབ་ལ་ལྷག་ཏུ་དགའ་ཞིང་མི་རིགས་ཀྱི་ལ་རྒྱ་ཡོད་པ་སོགས་ཀྱི་ཁྱད་ཆོས་མང་པོས་མངོན་པར་བརྟས་ཡོད།

ས་བབ་དང་མཁའ་དབུགས་ཀྱི་ཧེ་བག་གི་དབང་གིས། ནུབ་རྒྱུད་ས་ཁུལ་གྱི་བཱ་ཧ་ན་གཙོ་བྱས་པའི་མི་ལ་དེང་རབས་མི་རིགས་ཀྱི་རིག་གནས་མངོན་པར་གསལ་བ་དང་། སྲོལ་བཟང་ལྡན་ལ་གུས་ལུགས་ཡོད་པ། ཞི་དུལ་ཡིན་ཞིང་ལྷིང་འཇགས་སེར་འདུག་པ་སོགས་ཀྱིས་འཛམ་གླིང་རིགས་སོ་སོའི་མི་དམངས་ལ་དགའ་བ་སྟེར། ཡིན་ཡང་ཚ་བའི་ཤར་རྒྱུད་ཀྱི་གནས་མཆོག་ཀི་ཡ་གཙོ་བྱས་པའི་མི་ལ་མངོན་གསལ་གྱིས་ཅ་ལི་པིའི་མིའི་རང་གཤིས་ཏེ། ཅུང་རྩུབ་པ་དང་དཔའ་ངར་ཆེ་བ། དྲག་པོའི་ལས་ལ་དགའ་བ་སོགས་ཀྱི་ཁྱད་ཆོས་ལྡན།  ཁོ་ཚོར་གྲོགས་པོ་སླེབས་ན་བདུད་རྩིས་སྣེ་ལེན་དང་སྤྱང་ཀི་ཡོང་ན་མེ་མདས་སྣེ་ལེན་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་མངའ། དེ་བས་གནས་དེ་ནི་དཔའ་རྒོད་སྐྱེས་སའི་གནས་ཤིག་གོ །

2 མི་འབོར།

མེ་གླིང་གི་ཅ་ལི་པིའི་རྒྱ་མཚོའི་ཁུལ་གྱི་ཁུ་པའི་སྡོད་དམངས་ནི་གཙོ་བོ་ཧྥེ་གླིང་གི་མི་ནག་ནས་དུས་རབས18པའི་མཇུག་ནས་དུས་རབས19པའི་ལོ་རབས60ནས70བར་གྲུབ་པ་ཡིན། མི་འབོར9706369(སྤྱི་ལོ1981ལོར)ཡོད་པ་དང་། དེའི་ཁྲོད་བརྒྱ་ཆའི80ནུབ་རྒྱུད་ས་ཁུལ་ཀྱི་ཞིང་ཆེན་མང་དག་ཅིག་ན་གཞིས་ཆགས་ཡོད།

སྤྱི་ལོ1511ལོར་སི་ཕན་གྱིས་ཁུ་པ་ལ་བཙན་འཛུལ་བྱས་རྗེས། དབྱིན་ཏི་ཨན་གྱི་མི་ལ་སྐྱི་གཡའ་བའི་དམར་གསོད་ཆེན་པོ་བཏང་སྟེ་མི་འབོར་ཇེ་ཉུང་དུ་བཏང་། སྤྱི་ལོ1537ལོ་ལ་ཐོན་པ་སྔོན་ཆད་ཀྱི་མི་འབོར་ཁྲི30ལྷག་དེ་ཇེ་ཉུང་དུ་ཕྱིན་ནས5000གཡས་གཡོན་དུ་ལྷུང་། རིམ་བཞིན་རྒྱལ་ཁབ་མང་དག་ཅིག་གིས་བཙན་འཛུལ་དང་གཉའ་གནོན་བྱས་མཐར། སྤྱི་ལོ1959ལོར་སྲིད་དབང་སྒེར་འཛིན་བྱེད་ཐུབ་ཙམ་བྱུང་། སྤྱི་ལོ1979ལོར་ལྟ་ཞིབ་བྱས་པ་ལྟར་ན། ཁུ་པའི་སྡོད་དམངས་ཁྲོད་བརྒྱ་ཆའི72.8ནི་མི་རྒྱུད་དཀར་པོ་ཡིན་པ་དང་། བརྒྱ་ཆའི12.7ཙམ་ནི་མི་རྒྱུད་ནག་པོ་ཡིན་འདུག མི་རྒྱུད་དཀར་ནག་འདྲེས་མའི་བརྒྱ་ཆའི14དང་མི་རྒྱུད་གཞན་གྱི་བརྒྱ་ཆའི0.4ཟིན་ཡོད་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མིའི་རིགས། རིགས་རྒྱུད། ཁུ་པའི་མི།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-19

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།