ཀོ་རོ་ཏི་ཡའི་མི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀོ་རོ་ཏི་ཡའི་མི།
ཀོ་རོ་ཏི་ཡའི་མི་ནི་ཡུ་གོ་སི་ལ་ཝི་ཡའི་མི་རིགས་ཡིན་ལ། གཙོ་བོར་ཀོ་རོ་ཏི་ཡའི་ས་ཁུལ་ལ་ཁྱབ་ཡོད། དེ་ལས་གཞན་པོ་སི་ཉི་ཡ་ཧེ་སའེ་ཀི་ཝེ་ན་མཉམ་འབྲེལ་དང་སེར་ཝེ་ཡ། སི་ལོ་ཝེ་ཉི་ཡ་སོགས་ས་ཁུལ་ལའང་མཆེད་ཡོད། གཞན་ད་དུང་སྐོར་ཞིག་ཨོ་སི་ཁྲུ་རི་ཡ། ཧང་ག་རི། ཨ་མེ་རི་ཁ་སོགས་ནའང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
克罗地亚人
ཕྱི་ཡིག་གི་མིང་།
Croatians
མི་རྒྱུད།
ཨོའུ་ལུའོ་པའི་མི་རྒྱུད་ཀྱི་པ་ཨེར་ཀན་རིགས།
ཁྱབ་ཡུལ།
ཀོ་རོ་ཏི་ཡ་དང་ཨོ་སི་ཁྲུ་རི་ཡ། ཨ་རི་སོགས།
སྐད་རིགས།
ཀོ་རོ་ཏི་ཡའི་སྐད།
ཆོས་ལུགས་དད་མོས།
གནམ་བདག་ཆོས་ལུགས།
1 ངོ་སྤྲོད།

ཀོ་རོ་ཏི་ཡའི་མི་ནི་ཡུ་གོ་སི་ལ་ཝི་ཡའི་མི་རིགས་ཡིན་ལ། གཙོ་བོར་ཀོ་རོ་ཏི་ཡའི་ས་ཁུལ་དུ་ཁྱབ་ཡོད། དེ་ལས་གཞན་པོ་སི་ཉི་ཡ་ཧེ་སའེ་ཀི་ཝེ་ན་མཉམ་འབྲེལ་དང་སེར་ཝེ་ཡ། སི་ལོ་ཝེ་ཉི་ཡ་སོགས་ས་ཁུལ་ལའང་མཆེད་ཡོད། གཞན་ད་དུང་སྐོར་ཞིག་ཨོ་སི་ཁྲུ་རི་ཡ། ཧང་ག་རི། ཨ་མེ་རི་ཁ་སོགས་ནའང་ཡོད། ཨའོ་ལོ་པཱ་མི་རྒྱུད་ཀྱི་པ་ཨེར་ཀན་རིགས་རྒྱུད་ལ་གཏོགས། ཀོ་རོ་ཏི་ཡའི་སྐད་རིགས་སྤྱོད། ཀོ་རོ་ཏི་ཡའི་མིས་རོ་མའི་ཡི་གེ་ཡིས་བརྡ་སྤྲོད་པར་བྱེད།

ཀོ་རོ་ཏི་ཡའི་མི་མང་ཤས་གནམ་བདག་ཆོས་ལུགས་ཀྱི་རྗེས་འཇུག་པ་ཡིན་ཞིང་། སྐོར་ཞིག་དབྱི་སི་ལན་ཆོས་ལུགས་ལའང་དད། ཁོ་ཚོའི་སྲོལ་རྒྱུན་གྱི་དཔལ་འབྱོར་ཡོང་འབབ་འདེབས་འཛུགས་ལས་རིགས་ལ་བརྟེན་ནས་འབྱུང་ལ། ཐོན་སྐྱེད་དངོས་པོ་གྲོ་དང་མ་རྨོས་ལོ་ཏོག སྔོ་ཚོད་ཞིམ་པའི་རིགས། ལོག་དཀར་སོགས་ཡིན། ཡང་མི་རེ་འགས་འབྲོག་ལས་ཀྱང་གཉེར།  བཟོ་ལས་ལ་རྡོ་སོལ་རྔོག་པ་དང་། རྡོ་སྣུམ་ལེན་པ། གསེར་བརྐོ་བ། གྲུ་བཟོ་བ། རྫས་བསྒྱུར་བ། འཁལ་འཐག་པ་སོགས་ཡོད།

ཀོ་རོ་ཏི་ཡའི་ས་ཁུལ་སྔོན་ཆད་ཡུ་གོ་སི་ལ་ཝི་ཡའི་སྤྱི་ཚོགས་རིང་ལུགས་ཀྱི་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ(སྤྱི་ལོ1963ལོ་ནས་སྤྱི་ལོ1992ལོའི་བར)ཀྱི་ཁོངས་གཏོགས་ཤིག་ཡིན་ལ། ཀོ་རོ་ཏི་ཡའི་རྒྱལ་ཁབ་དེ་སྤྱི་ལོ1992ཙམ་ལ་བཙུགས། སོ་སོར་ཡུ་གོ་སི་ལ་ཝི་ཡའི་སྤྱི་མཐུན་རྒྱལ་ཁབ་དང་ཀོ་རོ་ཏི་ཡ་སྤྱི་མཐུན་རྒྱལ་ཁབ། སི་ལོ་ཝི་ཉི་ཡ་སྤྱི་མཐུན་རྒྱལ་ཁབ། མ་སི་དོ་ཉི་ཡ་སྤྱི་མཐུན་རྒྱལ་ཁབ་བཅས་ཚང་མ་དབུ་བརྙེས།

ཀོ་རོ་ཏི་ཡའི་མི་གྲངས་གྲངས་འབོར་ནི་ཁྲི443(སྤྱི་ལོ1981ལོ)ལྷག་ཙམ་ཡོད་ལ། དེའི་རྒྱལ་ཡོངས་མི་འབོར་གྱི་བརྒྱ་ཆའི19.7ཙམ་ཟིན། གཙོ་བོར་ཀོ་རོ་ཏི་ཡ་སྤྱི་མཐུན་རྒྱལ་ཁབ(མི་འབོར་ཁྲི345)དང་། གཞན་པོ་སི་ཉི་ཡ་དང་མའོ་སའེ་ཀི་ཝེ་མཉམ་འབྲེལ(མི་འབོར་ཁྲི76)དང་སེར་ཝེ་ཡ(མི་འབོར་ཁྲི15)སི་ལོ་ཝེ་ཉི་ཡ(མི་འབོར་ཁྲི6)སོགས་སྤྱི་མཐུན་རྒྱལ་ཁབ་དག་ལ་མཆེད་ནས་ཡོད།

2 འཕེལ་རྒྱས།

དུས་རབས7པར། ཀོ་རོ་ཏི་ཡའི་མིའི་མེས་པོ་སི་ལ་ཧྥུ་ཚོ་བ་བྱང་རྒྱུད་ནས་མཆེད་ཡོད་ལ། ཧྥ་ལན་ཁི་བཙན་པོའི་རྒྱལ་ཁབ་ལ་འཐབ་རྩོད་བྱེད་པའི་ཁྲོད། དུས་རབས9པའི་དཀྱིལ་ཙམ་ལ་བཀས་བཀོད་རྒྱུད་འཛིན་གྱི་རྒྱལ་ཁབ་སྔ་ཤོས་བཙུགས། སྤྱི་ལོ924ཙམ་ལ་བཙན་པོའི་རྒྱལ་ཁབ་ཅིག་བཙུགས། བཙན་པོP.ཁི་ལི་ཞི་མེར་གྱིས་དབང་བསྒྱུར་བའི་དུས་སུ་སྟོབས་འབྱོར་ལྡན། སྤྱི་ལོ1102ལོར་ཧང་ག་རི་དང་མཉམ་དུ་བསྲེས། དུས་རབས15པའི་སྔ་རྗེས་ལ་རྒྱལ་ཁབ་གཞན་དག་གིས་བགོ་དཔྱ་རྒྱག་པ་སོགས་ཀྱི་ཤུགས་རྐྱེན་འོག་ཀོ་རོ་ཏི་ཡའི་མངའ་ཁོངས་ཇེ་ཉུང་དུ་ཕྱིན་ལ། མི་འབོར་ཕྱི་ལ་འཁྱམས་པའི་སྣང་ཚུལ་བྱུང་། སྤྱི་ལོ1956ལོར་ཧང་ག་རི་དང་ཐུར་ཁེའི་དམག་འཁྲུག་ལས་ཕམ་ཁ་བྱུང་རྗེས། ཀོ་རོ་ཏི་ཡ་ལ་དབང་བསྒྱུར་བ་མང་བོས་རབ་དང་རིམ་པར་དབང་བསྒྱུར་ཞིང་། འཚོ་བ་དང་དཔལ་འབྱོར། རིག་གནས་སོགས་ཕྱོགས་གང་ཅིའི་ཐད་ལ་ཤན་ཤུགས་མི་ཉུང་བ་བྱུང་།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-19

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།