ཁ་ན་ཏའི་མི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁ་ན་ཏའི་མི།
ཁ་ན་ཏའི་མི་ནི་མེ་གླིང་བྱང་མའི་ཁ་ན་ཏའི་གཞིས་སྡོད་གྲོང་མི་ལ་ཟེར། དེར་མི་རིགས50ལྷག་ཡོད་དེ། དབྱིན་རྒྱུད་ཁ་ན་ཏའི་མི་དང་། ཧྥ་རྒྱུད་ཁ་ན་ཏའི་མི། གཞན་ཡོ་རོབ་དང་ཨེ་ཤ་ཡའི་ཡུལ་མི་གཞན་སྤོ་བའི་བུ་རྒྱུད་དང་གཞིས་སྡོད་གྲོང་མི་སོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
加拿大人
ཕྱི་ཡིག་གི་མིང་།
Canadians
བྱེ་བྲག
མི་རིགས50ལྷག་གིས་གྲུབ།
གཞུང་ཕྱོགས་སྐད་རིགས།
དབྱིན་སྐད་དང་ཧྥ་རན་སེའི་སྐད།
1 ངོ་སྤྲོད།

ཁ་ན་ཏའི་མི་ནི་མེ་གླིང་བྱང་མའི་ཁ་ན་ཏའི་གཞིས་སྡོད་གྲོང་མི་ལ་ཟེར། དེར་མི་རིགས50ལྷག་ཡོད་དེ། དབྱིན་རྒྱུད་ཁ་ན་ཏའི་མི་དང་། ཧྥ་རྒྱུད་ཁ་ན་ཏའི་མི། གཞན་ཡོ་རོབ་དང་ཨེ་ཤ་ཡའི་ཡུལ་མི་གཞན་སྤོ་བའི་བུ་རྒྱུད་དང་གཞིས་སྡོད་གྲོང་མི་སོགས་ཡོད། སྤྱི་སྐད་ནི་ཧྥ་རན་སེའི་སྐད་དང་དབྱིན་སྐད་ཡིན། དབྱིན་ཏི་ཨན་གྱི་མི་དང་ཨའེ་སི་ཅི་མོ་སོགས་གཞི་སྤོར་དམངས་གསར་བ་སྐོར་ཞིག་གིས་སོ་སོའི་རང་ཉིད་ཀྱི་མི་རིགས་སྐད་རིགས་སྤྱོད། གནམ་བདག་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས་གསར་བ་ལ་དད་མོས་བྱེད། ད་དུང་མི་འབོར་ཉུང་ཤས་ཤིག་གིས་ཡ་ཧི་ཏའི་ཆོས་ལུགས་དང་དབྱི་སི་ལན་ཆོས་ལུགས་ལ་དད་པའང་ཡོད། ཁ་ན་ཏའི་གདོད་མའི་སྡོད་དམངས་ནི་དབྱིན་ཏི་ཨན་གྱི་མི་དང་ཨའེ་སི་ཅི་མོ་ཡི་མི་ཡིན། དུས་རབས16པར་ཧྥ་རན་སེ་དང་དབྱིན་ཇིས་དབང་བསྒྱུར་བྱས་ཤིང་། རྒྱལ་ཁབ་དེ་གཉིས་དང་རྒྱལ་ཁབ་གཞན་གྱི་གཞི་སྤོར་སྡོད་དམངས་གནས་དེར་ཡོང་བས་ད་བར་གྱི་ཁ་ན་ཏའི་རྙོག་འཛིང་གི་མི་རིགས་འདི་གྲུབ་པ་རེད། སྡོད་དམངས་ཀྱི་ལས་རིགས་གཙོ་བོ་ནི་གཏེར་ཁའི་ལས་རིགས་དང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལས་རིགས། ཚོང་ལས། ཞབས་ཞུའི་ལས་རིགས། ཡུལ་སྐོར་ལྗོངས་རྒྱུའི་ལས་རིགས། སྤྱི་སྤྱོད་ལས་རིགས་སོགས་ཡོད། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་བྱེད་ཚད་དང་ཆ་སྙོམས་ཡོང་འབབ་ཅུང་མཐོ། འཚོ་བའང་ཅུང་གཟབ་རྒྱས་ཡིན། རིགས་སོ་སོའི་སྡོད་དམངས་ཀྱི་འཚོ་བ་རོལ་ཐབས་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་སྟེང་སྔར་བཞིན་མི་རིགས་སོ་སོའི་ཁྱད་ཆོས་མངོན་པར་དོད་ཡོད། སོ་སོ་ཕན་ཚུན་ལ་ཤན་ཤུགས་རེ་ཐེབས་ནའང་། རྒྱལ་ཁབ་གཅིག་གྱུར་གྱི་རིག་གནས་ཤིག་ཆགས་ཐུབ་མེད།

2 ལོ་རྒྱུས།

ཁ་ན་ཏ་སྔོན་ཆད་དབྱིན་ཏི་ཨན་གྱི་མི་དང་དབྱིན་ཉི་ཐིའི་མི་ཡི་ཕ་ས་ཡིན། དུས་རབས16པ་ནས་བཟུང་དབྱིན་ཇི་དང་ཧྥ་རན་སེའི་དབང་བསྒྱུར་བས་འཇབ་རྒོལ་བྱས། སྔ་མོར་ཧྥ་རན་སེའི་གཞི་སྤོར་སྡོད་དམངས་གཙོར་བྱས་པའི་མི་འབོར་ཁྲི1ལྷག་ནང་དུ་ཡོང་ལ། ཧྲིན་ལའོ་ལུན་སི་གཙང་བོའི་འགྲམ་རྒྱུད་དུ་དབང་བསྒྱུར་ས་ཁུལ་བཙུགས་ཤིང་མིང་ལ་ཧྥ་ལན་ཞི་གསར་བ་ཞེས་བཏགས། རྗེས་ནས་ཧྥ་རན་སེ་ནང་དུ་ཡོང་སྟེ་དུས་རབས་ཕྱེད་ཙམ་ལ་རྩོད་པ་བྱས་ཤིང་སྤྱི་ལོ1763ལོར་ཁ་ན་ཏ་ཞེས་བཏགས། དེ་ནས་བཟུང་དབྱིན་ཇིའི་མི་འབོར་མང་ཤས་ཤིག་ནང་དུ་ཡོང་ལ། མི་འབོར་ལའང་འཕེལ་འགྲིབ་མང་དུ་བྱུང་། དུས་རབས19པའི་སྟོད་ལ་ཁ་ན་ཏ་ནི་ཡོ་རོབ་གླིང་གི་གཞི་སྤོར་སྡོད་དམངས་གཙོ་བྱས་པའི་རྒྱལ་ཁབ་ཅིག་ཏུ་གྱུར། བར་གླགས་དེར་མི་རྒྱུད་དཀར་པོའི་མི་འབོར་ཁྲི36ལྷག་ལ་བུད་ཡོད། དུས་རབས19པའི་དུས་དཀྱིལ་ལ་སླེབས་པ་ན་མི་འབོར་ཁྲི245ལ་ཐོད་བརྒལ་བྱུང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ནས་མ་གཞི་ནས་ཡོད་པའི་ཧྥ་ལན་ཞིའི་མི་སོགས་ཕུད་གཞན་སུའེ་ཙེར་གྱི་མི་སོགས་རིགས་རྒྱུད་མང་པོ་ཞིག་ཁ་སྣོན་བྱས། དུས་རབས19པའི་ལོ་རབས80པར་ཧྭ་ཞ་མི་རིགས་ཀྱང་ཡོང་། ལོ་ངོ370ལྷག་གི་རིང་ལ་སྔ་རྗེས་སུ་གཞི་སྤོར་མི་ཁྲི1250ལྷག་གནས་འདིར་འོངས་ལ། ཁ་ན་ཏའི་མི་རིགས་གྲུབ་ཚུལ་ལ་ནུས་པ་བླ་ལྷག་ཐོན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-19

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།