ཀྲུང་གོའི་མི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོའི་མི།
ཀྲུང་གོའི་མི་ལ་ཀྲུང་ཧྭའི་བུ་བུ་མོ་དང་མེས་པོ་ཡན་ཧོང་གི་བུ་རྒྱུད། འབྲུག་གི་རིགས་རྒྱུད་སོགས་སུ་འབོད། ཀྲུང་གོའི་མི་ཞེས་པ་དོན་མང་པོ་འཇུག་སྟེ། སྒྲ་དོག་འཇུག་གིས་རྒྱལ་ཁོངས་རང་བཞིན་གྱི་འབོད་ཚུལ་དང་། སྒྲ་ཡངས་འཇུག་གིས་འབོད་ཚུལ་མ་ཟད། ཁོར་ཡུག་དང་གནས་བབ་མི་འདྲ་བ་ལ་དེར་བསྟུན་གྱི་ངོས་འཛིན་མི་འདྲ་བ་རེ་ཡོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国人
ཕྱི་ཡིག་གི་མིང་།
Chinese
སྐད་རིགས།
རྒྱ་སྐད།
ཡི་གེ
རྒྱ་ཡིག
ཆོས་ལུགས།
ཏའོ་ཅའོ་ཆོས་ལུགས་དང་ནང་ཆོས།
1 ངོ་སྤྲོད།

ཀྲུང་གོའི་མི་ལ་ཀྲུང་ཧྭའི་བུ་བུ་མོ་དང་མེས་པོ་ཡན་ཧོང་གི་བུ་རྒྱུད། འབྲུག་གི་རིགས་རྒྱུད་སོགས་སུ་འབོད། ཀྲུང་གོའི་མི་ཞེས་པ་དོན་མང་པོ་འཇུག་སྟེ། སྒྲ་དོག་འཇུག་གིས་རྒྱལ་ཁོངས་རང་བཞིན་གྱི་འབོད་ཚུལ་དང་། སྒྲ་ཡངས་འཇུག་གིས་འབོད་ཚུལ་མ་ཟད། ཁོར་ཡུག་དང་གནས་བབ་མི་འདྲ་བ་ལ་དེར་བསྟུན་གྱི་ངོས་འཛིན་མི་འདྲ་བ་རེ་ཡོད་པ་ཡིན།  ཕྱི་རོལ་ཡུལ་གྱི་ལྟ་ཚུལ་ཅན་པོ་རྣམས་ཕུད། གཞན་རྒྱུན་ལྡན་གྱི་མི་དང་ཉེ་འཁོར་སྤྱི་ཚོགས་ཀྱིས་ཡོངས་སུ་ཁས་ལེན་པ་ནི། ད་ལྟ་བ་དང་མ་འོངས་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལག་ཁྱེར་དང་རྒྱལ་ཁོངས་ན་ཡོད་པ་དག་ལ་ངོས་འཛིན་གནང་གིན་ཡོད། འདི་དང་མིང་འདྲ་བའི་དཔེ་ཆ་དང་གླུ་གཞས་སོགས་བརྩམས་ཆོས་ཀྱང་ཡོད།

ས་ཁམས་ཀྱི་མཚན་ཉིད་འཇོག་སྟངས་ལྟར་ན། ཀྲུང་གོའི་མི་ནི་ཀྲུང་གོ་རྒྱལ་ཁབ་ནས་སྐྱེས་པ་དང་གཞིས་ཆགས་པ། ཀྲུང་གོའི་རྒྱལ་ཁོངས་སུ་ཡོད་པ་རྣམས་ལ་འབོད། མི་རྒྱུད་ཀྱི་མཚན་ཉིད་འཇོག་སྟངས་ལྟར་ན། མི་རྒྱུད་སེར་བོའི་རིགས་གཙོ་བོ་ཡིན།

ཡང་ཁྱིམ་རྒྱུད་ཀྱི་མཚན་ཉིད་འཇོག་སྟངས་ལྟར་ན། ཧྭ་ཞ་རིགས་རྒྱུད་ཀྱི་མེས་པོ་ཀྲུང་གོ་ནས་མཆེད་པ་དང་ཀྲུང་གོའི་ཁྲག་རྒྱུད་འདྲེས་པའི་མི། ཁྲག་རྒྱུད་འདྲེས་ཡོད་མེད་དང་ཀྲུང་གོའི་མེས་པོ་ལོ་རབས་ག་ཚོད་ཀྱི་སྔོན་ཡིན་པ་མཐའ་དག་ལ་ཟེར། ཧྭ་ཞ་རིགས་ཡིན་ན་ཀྲུང་གོའི་རྒྱལ་ཁོངས་ཡིན་པས་མ་ཁྱབ། སྔོན་ཆད་རྒྱ་མཚོའི་ཕྱི་ན་ཡོད་པའི་ཧྭ་ཞ་རིགས་རྣམས་ཀྱིས་ཀྲུང་གོའི་རྒྱལ་ཁོངས་གཉེར་ནས་ཡོད་ནའང་། ད་བར་རྒྱ་མཚོའི་ཕྱི་ན་ཡོད་པའི་ཧྭ་ཞ་རིགས་མོད་པོ་ཞིག་གིས་ས་དེ་གའི་རྒྱལ་ཁོངས་གཉེར་ཡོད། སྤྱིར་རང་ཉིད་ཧྭ་ཞ་རིགས་ཡིན་པ་ལས་ཀྲུང་གོའི་མི་མིན་པར་འདོད་ཀྱིན་ཡོད།

2 ཡུལ་སྲོལ་གོམས་གཤིས།

ཀྲུང་གོའི་མི་ལ་རྣམ་པ་སྣ་ཚོགས་ཀྱི་སྲོལ་རྒྱུན་དུས་ཆེན་མང་དུ་ཡོད་པས་མིང་དུ་གྲགས་པ་རེད། འབྲེལ་ཡོད་རྒྱུ་ཆ་ལས་ཤེས་གསལ་ལྟར་ན། ལོ་རེར་ཆེས་ཉུང་ནའང་དུས་ཆེན་གཙོ་གྲས9དང་། དུས་ཚིགས་རང་བཞིན་གྱི་དུས་ཆེན24དང་དུས་ཆེན་ཆུང་བ140ལྷག་ཡོད། དེ་བས། ལོ་གཅིག་ལ་ཆ་སྙོམས་ཀྱིས་ཉིན་གཉིས་རེར་དུས་ཆེན་ཆུང་བ་གཅིག་རེ་ཡོད་ཟེར་ནའང་ཆོག དུས་ཆེན་ནི་མི་རྣམས་ཀྱིས་དུས་ཚིགས་དང་དུས་ཚོད་ཀྱི་འགྱུར་བ་སོགས་ལ་དམིགས་ནས་ལུགས་སྲོལ་བྱ་འགུལ་དང་སྤྱི་ཚོགས་བྱ་འགུལ་མང་དུ་སྤེལ་བ་ལ་གོ

ཞིང་ལས་རྨོ་འདེབས་ནི་གནའ་བོའི་ཀྲུང་གོའི་རྒྱལ་ཁབ་ཀྱི་མ་རྐང་ལྟ་བུ་ཡིན་ལ། ཞིང་ལས་ནི་གནའ་བོའི་དུས་ཀྱི་འཚོ་བའི་རྟེན་གཞི་གཙོ་བོ་ཡིན་ཟེར་ནའང་ཆོག སོས་ཀ་དང་དགུན་མཇུག་ནི་ལོ་གཅིག་གི་རྨོ་ཞིང་འདེབས་འཛུགས་ཀྱི་དུས་ཚིགས་གལ་ཆེན་ཡིན། དེར་མ་ཟད་ཞིང་ལས་འདེབས་འཛུགས་ཀྱི་རྣམ་གྲངས་དང་ལོ་རྒྱུས་ཀྱང་མང་དུ་ཡོད་པ་དང་། ཆོས་ལུགས་ཀྱི་ཆོ་ག་དང་དད་པ་བྱ་ཡུལ་ལའང་རིགས་དང་ལུངས་མང་དུ་ཡོད་དོ། །


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-19

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།