པགས་འབྲུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པགས་འབྲུམ།
པགས་འབྲུམ་ནི་སྐྱི་པགས་ལ་འབྱུང་བའི་ནད་ཀྱི་རིགས་ཤིག་ཡིན་ལ། སྐྱི་པགས་ཀྱི་ཁ་དོག་ལ་འགྱུར་བ་བྱུང་ནས་སྐྱི་པགས་འབར་འབུར་དུ་འགྱུར་བ་དང་། སྐྱི་པགས་སུ་ཆུ་བུར་འབུད་པ་སོགས་རྣམ་པ་མི་འདྲ་བ་སྣ་ཚོགས་ཤིག་མཆིས། དེ་ཡང་པགས་འབྲུམ་གྱི་ཁྱད་ཆོས་ནི་དམར་ཐིག་ཆེ་ཆུང་ཅི་རིགས་ལྷུང་བ་དང་ཟ་འཕྲུག་ལངས་མི་ལངས་གཉི་ག་ཡོད། དེ་ལ་ནི་རིགས་དགར་སྟངས་དང་ནད་ཀྱི་འབྱུང་རྐྱེན་ཅུང་མང་དུ་སྣང་བས། གནས་ཚུལ་འདྲ་མིན་ལྟར་གསལ་འབྱེད་དང་སྨན་བཅོས་བྱ་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
皮疹
1 རྣམ་གྲངས།
1_1 ཐོར་སིབ།

སྐྱི་པགས་ཀྱི་མདོག་འགྱུར་བ་ཡིན་ལ། སྐྱི་པགས་ཀྱི་ངོས་ནི་འབར་འབུར་དུ་གྱུར་བ་སོགས་མེད་ཅིང་། དེ་ནི་རྒྱུ་ཚད་ཐོར་སིབ་ཅན་དང་མེ་དབལ། རླུང་བརླན་རང་བཞིན་གྱི་ཤ་བཀྲ་དམར་པོ་སོགས་ལས་ཀྱང་ཤེས་ཐུབ། དེ་ཡང་ཁྲག་རྩ་རྒྱས་པ་ལས་ཤ་བཀྲ་དམར་པོ་འབུད་པ་དང་། སྐྱི་པགས་ལས་ཁྲག་འཛག་པའི་སྨུག་ཐིག་ལྷུང་བ་སོགས་ཡིན། ཡང་ཐོར་སིབ་འདིའི་རིགས་ནི་མདོག་དམར་པོ་དང་སྨུག་པོ་ནས་ཁམ་མདོག་དང་སེར་པོར་འགྱུར་བ་ཡིན་པར་མ་ཟད། ཆེས་མཐའ་མར་ཡལ་བར་འགྱུར་བའང་ཡོད། གཞན་ཐོར་སིབ་འབུད་པ་ནས་ཡལ་བར་འགྱུར་བའི་བར་ལ་བདུན་ཕྲག་གཉིས་ཀྱི་དུས་ཡུན་འགོར་བ་དང་། ལ་ལ་ནི་ཉིན2-3གྱི་དུས་ཡུན་ནང་ཡལ་འགྲོ་བའང་སྲིད།

1_2 ཐོར་བ།

ཐོར་བ་ནི་སྐྱི་པགས་འབར་འབུར་དུ་འགྱུར་བ་ལས་གཞན་ཁ་དོག་ཀྱང་འགྱུར་འགྲོ་བའི་རིགས་ཡིན་ཞིང་། སྨན་ཐོར་དང་སིབ་བི། རློན་འབྲུམ་སོགས་ལས་ཀྱང་ཤེས་ཐུབ།

1_3 རྒྱ་སེའི་འབྲུམ་བུ།

རྒྱ་སེའི་འབྲུམ་བུ་ནི་རྒྱུན་པར་བྲང་གཞུང་དང་གསུས་པར་འབུད་པའི་ཁྲག་མདོག་ཅན་གྱི་ཐོར་སིབ་རིགས་ཤིག་ཡིན་ལ། མནན་པའི་ཚེ་ན་མདོག་ཡལ་བར་འགྱུར་འགྲོ་བ་ཞིག་ཡིན།

2 མཉམ་འཇོག་བྱ་ཡུལ།

(1)གང་ཐུབ་ཀྱིས་ནད་ཀྱི་འབྱུང་རྐྱེན་བཙལ་ནས་ཚོར་བ་སྐྱེན་པར་འགྱུར་བྱའི་རྒྱུ་མེད་པར་བཟོས་ཏེ། ཡང་བསྐྱར་ཟུག་གཟེར་བསྐྱེད་པར་སྔོན་འགོག་བྱ་བ། དེ་ཡང་ཕུང་བོ་ཧྲིལ་བོའི་རྒྱུན་རིང་རང་བཞིན་གྱི་ནད་གཞིར་སྨན་བཅོས་བྱ་བ་ནི། དཔེར་ན། ཟས་ཀྱི་འཇུ་སྟོབས་ཞན་པ་དང་གཅིན་པ་མངར་འགྱུར་གྱི་ནད་ལྟ་བུ།

(2)སྐྱི་པགས་ཀྱི་གཙང་སྦྲ་ལ་མཉམ་འཇོག་བྱ་དགོས་ཏེ། ཆུ་ཁོལ་དང་འདག་རྫས་རིགས་ཀྱིས་ནི་སྐྱི་པགས་ཐེད་ཡོད་པའི་ཆ་བཀྲུ་མི་རུང་བ་དང་། ཟུག་གཟེར་བསྐྱེད་པར་བྱ་བའི་ཟ་འཕྲུག་ཡལ་བྱའི་སྨན་རྫས་ཀྱི་རིགས་ཀྱང་བསྐུ་མི་རུང་།

(3)ཆང་གི་རིགས་བཏུང་མི་རུང་བ་དང་། ཁ་ཚའི་རིགས་ཀྱི་ཟས་རིགས་ཀྱང་བཟའ་མི་རུང་ལ། ལྷག་པར་དུ་ཉ་ཤ་དང་ཆུ་འབུ་གློ་ཉལ་སོགས་འཇུ་སྟོབས་ཞན་པའི་ཟས་ཀྱི་རིགས་ཀྱང་ཉུང་དུ་བཟའ་བ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-01

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།