ཉི་ཧོང་ཀླད་པའི་གཉན་ཚད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉི་ཧོང་ཀླད་པའི་གཉན་ཚད།
ཉི་ཧོང་ཀླད་པའི་གཉན་ཚད་ཀྱི་དུག་སྦྲང་ལ་དུག་སྦྲང་དམར་པོ་ཆུང་བ་ཡང་ཟེར། དེས་ནི་འབུ་སྲོ་གཏོང་བའི་སྐབས་སུ་ནད་གཞི་གཞན་ལ་འགོ་བ་ཡིན་ལ། ནད་རྟགས་ནི་དབང་རྩའི་མཉམ་འདྲེས་ནུས་ཤུགས་རང་བཞིན་གྱི་འགོ་ནད་ཅིག་ཡིན་པ་དང་། གཙོ་བོ་ལོ15ཡི་མན་གྱི་གཟུགས་སྟོབས་ཞན་པའི་བྱིས་པར་འབྱུང་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
日本脑炎
1 རགས་བཤད།

ཕག་ནི་ཉི་ཧོང་ཀླད་པའི་གཉན་ཚད་རང་བྱུང་ཁམས་སུ་ཁྱབ་ཏུ་གཞུག་བྱའི་སྲོག་ཆགས་གཙོ་བོ་ཡིན་ལ།  མོ་ཕག་ལ་ཕག་ཕྲུག་སྦྲུམ་པའི་སྐབས་སུ་ནད་དེ་བྱུང་ཚེ། ཕག་ཕྲུག་འཆི་བར་འགྱུར་བ་དང་ཕག་ཕྲུག་གི་སྐྱེ་འཕེལ་ལ་གནོད་པ་ཐེབས་སྲིད། ཡང་ཕོ་ཕག་ལ་བྱུང་བའི་སྐབས་སུ་རླིག་རིལ་དྲག་ནད་རང་བཞིན་གྱི་གཉན་ཚད་གསལ་བོར་མངོན་སྲིད།

རྟ་ལ་བྱུང་རྗེས་དབང་རྩའི་མ་ལག་ལ་སྐྱོན་ཞུགས་པར་མ་ཟད། སྐྱོན་ཞུགས་ཚུལ་འདིའི་རིགས་ནི་བོང་བུ་དང་སྤྲེལ་ལས་ཐོག་མར་ཤེས་རྟོགས་བྱུང་བ་ཡིན།

ཉི་ཧོང་ཀླད་པའི་གཉན་ཚད་ཀྱི་ཁྱབ་ཡུལ་ནི་ཨེ་ཤ་ཡ་ཤར་མ་དང་ཉི་ཧོང་། ཀྲུང་གོ། ཨུ་རུ་སུའི་ཤར་ཕྱོགས། ཁོ་རེ་ཡ་ལྷོ་མའི་གླིང་ཕྲན་ཕྱེད་མ། ཨེ་ཤ་ཡ་ཤར་ལྷོ། ཨེ་ཤ་ཡ་ལྷོ་མ། ཞི་བདེ་རྒྱ་མཚོའི་གླིང་ཕྲན་སོགས་ཡིན།

ཉི་ཧོང་ཀླད་པའི་གཉན་ཚད་ནི་ཉི་ཧོང་ཀླད་པའི་གཉན་ཚད་ནད་དུག་གིས་བསྐྱེད་པའི་དབང་རྩར་གནོད་སྐྱོན་ཐེབས་པའི་དྲག་ནད་རང་བཞིན་གྱི་འགོ་ནད་ཅིག་ཡིན་ལ། ཡ་གླིང་དང་མེ་གླིང་དུ་དར་ཁྱབ་ཧ་ཅང་ཆེ་བ་ཡིན།

2 འབྲེལ་ཡོད་ངོ་སྤྲོད།
2_1 འགོ་ཁྱབ་ཀྱི་ཁུངས།

ཉི་ཧོང་ཀླད་པའི་གཉན་ཚད་ནི་རང་བྱུང་ནད་དུག་གིས་བསྐྱེད་པ་ཡིན་ལ། མི་དང་སྲོག་ཆགས། སྒོ་ཕྱུགས་མང་ཆེ་བར་འབྱུང་སྲིད་པ་དང་། ཕག་ལ་ནི་ཤིན་ཏུ་འབྱུང་སླ་བ་ཡིན།

2_2 བརྒྱུད་ལམ་གཙོ་བོ།

ཉི་ཧོང་ཀླད་པའི་གཉན་ཚད་ནི་གཙོ་བོ་དུག་སྦྲང་བརྒྱུད་ནས་འགོ་བའི་ནད་ཀྱི་རིགས་ཤིག་ཡིན།

2_3 ནད་ཀྱི་འབྱུང་ཡུལ།

མི་མང་ཆེ་བར་ནད་འདིའི་རིགས་འབྱུང་སླ་བ་དང་། ལོ10ཡི་མན་གྱི་བྱིས་པ་དང་ཁྱད་པར་དུ་ལོ2-6གི་བར་གྱི་བྱིས་པར་འབྱུང་བ་ཤིན་ཏུ་མང་ལ། བྱིས་པར་ཁྱོན་ཡོངས་ནས་རིམས་འགོག་སྨན་ཁབ་བརྒྱབ་རྗེས། མི་དར་མར་ཉི་ཧོང་ཀླད་པའི་གཉན་ཚད་བྱུང་ནས་ཤི་བ་ཇེ་མང་དུ་སོང་ཡོད། ཡང་སྐྱེས་པར་ནད་དེ་བྱུང་བའི་བསྡུར་ཚད་ནི་སྐྱེས་མ་ལས་མཐོ་བ་ཡིན།

3 སྔོན་འགོག

(1)སྤྲོ་གསེང་གཏོང་མཁན་གྱི་སློབ་གསོར་ཤུགས་སྣོན་བྱ་བ་ནི་རང་ཉིད་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོ་རུ་གཏང་བར་ཕན།

(2)ཉི་ཧོང་ཀླད་པའི་གཉན་ཚད་ཀྱི་རིམས་འགོག་སྨན་ཁབ་བརྒྱབ་ན་འགོ་ནད་ཐར་ཤུགས་མཐོ་རུ་གཏང་བར་ཕན།

(3)དུག་སྦྲང་རྩ་མེད་དུ་གཏང་བ་དང་དུག་སྦྲང་གིས་བསྣུན་པ་སྔོན་འགོག་བྱ་བ་ནི་ཉི་ཧོང་ཀླད་པའི་གཉན་ཚད་སྔོན་འགོག་གི་ཐབས་ལམ་ཆེས་ཁྱད་དུ་འཕགས་པ་དེ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-01

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།