རླུང་འབྲུམ་ནད་དུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རླུང་འབྲུམ་ནད་དུག
རླུང་འབྲུམ་ནད་དུག་ནི་མིའི་རིགས་ཁོ་ནར་འབྱུང་བའི་ནད་དུག་རིགས་ཤིག་ཡིན་ལ། དབྱིབས་ནི་ཟླུམ་གཟུགས་ཡིན་པ་དང་། ཚངས་ཐིག་ལ་ན་སྨི་ལྔ་བཅུ་ནས་བདུན་ཅུའི་བར་ཡོད་ཅིང་། ནད་དུག་དེའི་འགོག་ཤུགས་ནི་ཧ་ཅང་བརྟན་རླིང་ཡིན། གཞན་ད་ལྟའི་བར་དུ་དྭངས་ཁྲག་གཅིག་མ་གཏོགས་རྙེད་མེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
风疹病毒
ཕྱི་ཡིག་གི་མིང་།
t.h.welle、r f.a.neva
1 ངོ་སྤྲོད།  

སྦྲུམ་མར་མངལ་ཆགས་པའི་ཐོག་མའི་དུས་སྐབས་སུ་རླུང་འབྲུམ་ནད་དུག་ཕོག་པའི་ཚེ་ན། ནད་དུག་ཤ་མ་བརྒྱུད་ནས་མངལ་གནས་ཕྲུ་གུའི་ལུས་སྟེང་དུ་ཞུགས་པར་སྲིད་ལ། རྒྱུན་པར་མངལ་འཆོར་བ་དང་ཕྲུ་གུ་མངལ་ནས་འཆི་བར་འགྱུར་བ་མ་ཟད། མངལ་གནས་ཕྲུ་གུར་ལྷན་སྐྱེས་རང་བཞིན་གྱི་ཕྱོགས་བསྡུས་རླུང་འབྲུམ་བསྐྱེད་པ་ཡོད་ཅིང་། ཡ་མ་གཟུགས་སུ་འགྱུར་བའང་ཡོད།

ནད་དུག་གཟུགས་ཕྱི་རུ་འཚོ་བའི་སྟོབས་ཤུགས་ཞན་ལ། སྨུག་ཕྱིའི་འོད་དང་རྫས་འགྱུར་སྨན་རྫས་དང་འཕྲད་པའི་ཚེ་ན། ཚོར་བ་སྐྱེན་པོར་འགྱུར་བ་ཡིན། ཡང་ནད་དུག་དེས་ཚ་མི་ཐེག་སྟེ། 56℃གི་གནས་ཚུལ་འོག་ཆུ་ཚོད་ཕྱེད་ཀའི་དུས་ཡུན་ཙམ་དང་། 37℃གྱི་གནས་ཚུལ་འོག་ཆུ་ཚོད་གཅིག་དང་ཕྱེད་ཀའི་དུས་ཡུན་ནང་དུ་གཞོམ་པར་འགྱུར་སྲིད་པས། རབ་ཡིན་ན60-70℃ཡི་གནས་ཚུལ་འོག་ཉར་ཚགས་བྱ་དགོས་ཏེ། དེ་ལྟར་བྱས་ཚེ་ཟླ་བ3གྱི་དུས་ཡུན་ལ་འཚོ་ཐུབ་པ་དང་། སྐམ་ཤས་ཆེ་བ་དང་གྲང་འཁྱག་གི་གནས་ཚུལ་འོག་ཟླ9ཡི་རིང་ལ་འཚོ་ཐུབ།

2 འགོ་ཁྱབ།

ནད་དུག་ནི་འབྲུམ་བུ་མ་བུད་པའི་སྔོན་གྱི་ཉིན5-7གྱི་ནང་དུ་ནད་པའི་མཆིལ་མ་དང་ཁྲག་གི་ནང་དུ་ཡོད་སྲིད་མོད། ཡིན་ཡང་འབྲུམ་བུ་བུད་ནས་ཉིན2འགོར་རྗེས་མཐོང་དཀའ་བ་ཡིན། ནད་དུག་དེ་ལ་གཟུགས་ཕྱི་རུ་འཚོ་བའི་སྟོབས་ཤུགས་ཞན་ཡང་། འགོ་ཁྱབ་རང་བཞིན་ནི་སིབ་བི་དང་ཨ་ན་མ་ན་ཡིན།

ལོ5ཡི་མན་གྱི་བྱིས་པར་འབྱུང་སླ་བ་ཞིག་ཡིན་ལ། ཟླ་བ6མ་ལོན་པའི་བྱིས་པ་ནི་རང་གི་ཨ་མའི་ནད་འགོག་ཀྱི་ནུས་པ་དང་སྦྲེལ་ཡོད་པས་ནད་འབྱུང་བ་ཤིན་ཏུ་ཉུང་ཞིང་། ནད་དེ་ནི་ཐེངས1ལ་བྱུང་བ་ལས་ཕྱིན་ཆད་ནི་ཡང་བསྐྱར་འབྱུང་བ་ཞིག་མ་ཡིན།

དཔྱིད་ཀ་དང་དབྱར་ཁའི་བར་བརྒལ་གྱི་དུས་ཚིགས་སུ་རླུང་འབྲུམ་ནད་དུག་ཀྱང་ སྲོག་རྒྱས་ནས། མི་རྣམས་ཀྱིས་གློ་ལུ་བརྒྱབ་པ་དང་ཧབ་སྦྲིད་སོགས་ཀྱིས་མཁའ་དབུགས་ཁྲོད་དུ་རྒྱུ་བ་ཡིན། ཡང་འགོག་ཤུགས་ཞན་པའི་མིས་རླུང་འབྲུམ་ནད་དུག་བརྔུབས་རྗེས། བདུན་ཕྲག་གཉིས་ནས་གསུམ་གྱི་ནད་རྟགས་མི་མངོན་པའི་དུས་སྐབས་ཚར་རྗེས། རིམ་བཞིན་ནད་རྟགས་ལྷང་ལ་འབུད་པ་ཡིན། དེ་ཡང་ཐོག་མར་ཕུང་བོ་ཧྲིལ་བོ་མི་བདེ་བ་དང་། དེར་མཐུད་ནས་ཚ་རྒྱས་པ་དང་རྣ་རྒྱབ་དང་ལྟག་གོར་གྱི་རྨེན་མདུད་སྐྲངས་ནས། ཐོར་བ་དམར་པོ་འབུད་པ་དང་དུས་ཡུན་ཐུང་ངུའི་ནང་དུ་ལུས་ཡོངས་ལ་ཁྱབ་པ་ཡིན། དེ་ནི་ཟ་འཕྲུག་བསྲན་མི་ཐུབ་པ་དང་མང་ཆེ་བ་ཉིན2-3གྱི་ནང་དུ་ཡལ་འགྲོ་བ་རེད་ལ། རྨ་ཤུལ་མི་འདུག གཞན་རླུང་འབྲུམ་དང་ཆམ་པའི་ནད་རྟགས་འདྲ་བའི་དབང་གིས་མི་རྣམས་ཀྱིས་དེ་འདྲའི་གཙིགས་ཆེན་བྱ་ཡི་མེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-01

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།