ཚོར་སྐྱེན་རང་བཞིན་གྱི་སྣ་ཚད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚོར་སྐྱེན་རང་བཞིན་གྱི་སྣ་ཚད།
ཚོར་སྐྱེན་རང་བཞིན་གྱི་སྣ་ཚད་ནི་འགོ་ནད་ཐར་བའི་ཕྲ་ཕུང་རིགས་མང་བོ་དང་ཕྲ་ཕུང་གི་རྒྱུ་སོགས་སུ་ཞུགས་པའི་སྣའི་གཉན་ཚད་རང་བཞིན་གྱི་ནད་ཅིག་ཡིན། དེ་འབྱུང་བའི་ཆ་རྐྱེན་གསུམ་ཡོད་ལ། གཅིག་ནི་ཁྱད་འཕགས་རང་བཞིན་གྱི་འགོག་རྫས་སམ་གཟུགས་པོའི་འགོ་ནད་ཐར་བའི་ཚུར་སྣང་བསྐྱེད་པའི་དངོས་རྫས་དེ་ཡིན་ལ། ཅིག་ཤོས་ནི་ཁྱད་ཐོན་རང་བཞིན་གྱི་མི་སྒེར་རམ་མི་སྒེར་གྱི་ལེགས་ཉེས་དང་ཚོར་སྐྱེན་གྱི་གཟུགས་པོ་དེ་ཡིན་ཞིང་། གཞན་ཞིག་ནི་ཁྱད་འཕགས་རང་བཞིན་གྱི་འགོག་རྫས་དང་ཁྱད་ཐོན་རང་བཞིན་གྱི་མི་སྒེར་གཉིས་འཕྲད་པ་དེ་ཡིན། ཡང་ཚོར་སྐྱེན་རང་བཞིན་གྱི་སྣ་ཚད་ནི་འཛམ་གླིང་རང་བཞིན་གྱི་བདེ་ཐང་ཕྱོགས་ཀྱི་གནད་དོན་ཞིག་ཡིན་ལ། དེ་ཡིས་ནད་སྣ་ཚོགས་བསྐྱེད་པ་དང་ངལ་རྩོལ་གྱི་ནུས་པ་ཡལ་བར་བཟོ་ངེས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
过敏性鼻炎
ཕྱི་ཡིག་གི་མིང་།
allergic rhinitis,anaphylactic
འགོ་ཁྱབ་རང་བཞིན།
མེད།
1 ནད་རྟགས།

ཚོར་སྐྱེན་རང་བཞིན་གྱི་སྣ་ཚད་ཀྱི་དཔེ་མཚོན་ཅན་གྱི་ནད་རྟགས་གཙོ་བོ་ནི་སྐབས་སྐབས་སུ་ཧབ་སྦྲིད་བྱ་བ་དང་སྣ་ཆུ་དྭངས་མོ་འཛག་པ། སྣ་སུབས་པ། སྣ་ཁུང་དུ་ཟ་འཕྲུག་ལངས་པ་སོགས་ཡིན། ད་རུང་ནད་པ་ལ་ལའི་ནི་སྣོམ་ཚོར་རིམ་བཞིན་ཡལ་འགྲོ་བ་ཡིན།

1_1 ཧབ་སྦྲིད།

ཉིན་རེར་སྐབས་སྐབས་ཀྱི་ཧབ་སྦྲིད་ཐེངས་མང་བོར་བྱ་བ་དང་། ཐེངས1ལ་ཧབ་སྦྲིད་3རེ་བྱ་བ་ཡིན། མང་ཆེ་བ་ནི་ཞོགས་པར་མལ་ལས་ལངས་མ་ཐག་གམ་དགོང་མོ་ཉལ་ཁ་དང་ཚོར་སྐྱེན་གྱི་ཁུངས་དང་འཕྲད་པ་ན། མྱུར་མོར་ཧབ་སྦྲིད་བྱ་བ་ཡིན།

1_2 སྣ་ཆུ་དྭངས་མོ་འཛག་པ།

སྣ་ཆུ་དྭངས་མོ་མང་དུ་འཛག་པ་ཡིན།

1_3 སྣ་སུབས་པ།

སྣ་འཚུབ་པའི་རྒྱུན་བསྲིང་བ་ཡིན་ལ། ཕྱོགས་གཅིག་འཚུབ་པའམ་ཕྱོགས་གཉིས་འཚུབ་པའི་ཚད་མི་འདྲ་བ་སོགས་ཡོད།

1_4 སྣ་ཁུང་དུ་ཟ་འཕྲུག་ལངས་པ།

ཚོར་སྐྱེན་རང་བཞིན་གྱི་སྣ་ཚད་ཀྱི་ནད་པ་མང་ཆེ་བ་ནི་སྣ་ཁུང་དུ་ཟ་འཕྲུག་ལངས་པ་ཡིན་ལ། མེ་ཏོག་གི་རྡུལ་གྱིས་ཚོར་སྐྱེན་རང་བཞིན་གྱི་སྣ་ཚད་རྒྱས་པའི་ནད་པ་ལ་མཚོན་ན། མིག་ལྕིབས་ལ་ཟ་འཕྲུག་ལངས་པ་དང་རྣ་ཁུང་དུ་ཟ་འཕྲུག་ལངས་པ། མིད་པར་ཟ་འཕྲུག་ལངས་པ་བཅས་ཡིན།

2 འདུས་ནད།

ཚོར་སྐྱེན་རང་བཞིན་གྱི་སྣ་ཚད་ཀྱི་འདུས་ནད་ནི་དབུགས་འཚང་བ་དང་སྣ་སྲིན། འབྲེལ་སྐྱིའི་གཉན་ཚད། རྨེན་མདུད་སྐྲངས་པ། བར་རྣའི་གཉན་ཚད་སོགས་ཡིན། ཚོར་སྐྱེན་རང་བཞིན་གྱི་སྣ་ཚད་བྱུང་བ་ཡིས་དབུགས་འཚང་གི་ནད་ཀྱི་ངོ་བོ་ཇེ་སྡུག་ཏུ་འགྲོ་བ་རེད་ལ། དབུགས་འཚང་གི་ནད་པ་མང་ཆེ་བ་ལ་ཚོར་སྐྱེན་རང་བཞིན་གྱི་སྣ་ཚད་ཡོད་པ་ཐག་གིས་ཆོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-01

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།