ཧུ་པའི་སྐར་རྡོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧུ་པའི་སྐར་རྡོ།
ཧུ་པའི་སྐར་རྡོ་ནི་དུས་ད་ལྟའི་བར་དུ་སའི་གོ་ལའི་སྟེང་ནས་གསར་རྙེད་བྱུང་བའི་ལྗིད་ཚད་ཆེས་ཆེ་བའི་སྐར་རྡོ་དེ་ཡིན་ལ། ཧུ་པའི་སྐར་རྡོ་དེའི་མིང་ཡང་སྐར་རྡོ་མང་ཆེ་བ་དང་འདྲ་བར། སྐར་རྡོ་དེ་གསར་རྙེད་འབྱུང་སའི་ས་མིང་གི་ཆ་ནས་བཏགས་པ་ཡིན་ཞིང་། སའི་གོ་ལར་ལྷུང་བའི་ལྗིད་ཚད་ཆེས་ཆེ་བའི་སྐར་རྡོ་དེ་ཡིན་པའི་སྟེང་ནས། དེའི་ལྗིད་ཚད་ནི་འཛམ་གླིང་གི་སྐར་རྡོ་གཉིས་པར་བགྲངས་པའི་ཨའེ་ཨེར•ཁྲ་ཁོ་སྐར་རྡོ་ཡི་ལྗིད་ཚད་ལས་ལྡབ་གཉིས་ཡིན། ཡང་སྐར་རྡོ་དེའི་ངོས་ཀྱི་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ་དྲུག་དང་གྲངས་ཆུང་ལྔའི་ཡན་ལ་སོན་པ་དང་། ལྗིད་ཚད་ནི་ཏུན་དྲུག་ཅུའི་ཡས་མས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
霍巴陨石
1 ངོ་སྤྲོད།

ཧུ་པའི་སྐར་རྡོ་དེ་ས་རུ་ལྷུང་བའི་གོ་རིམ་ཁྲོད་སའི་གོ་ལའི་རླུང་ཁམས་ཆེན་པོའི་ཆགས་རིམ་དང་གཙུབ་བརྡར་བྱུང་བ་ཡིས། དེའི་འཕུར་སྐྱོད་ཀྱི་མྱུར་ཚད་ནི་ཇེ་དམའ་རུ་འགྲོ་བ་ཡིན་ཞིང་། རྒྱུ་མཚན་དེའི་དབང་གིས་ས་རུ་ལྷུང་བའི་སྐབས་སུ་སྐར་རྡོ་ལ་ཆག་གྲུམ་ཅི་ཡང་བྱུང་མེད་ལ། སྐར་རྡོ་ཧྲིལ་བོའི་གཞི་ཁྱོན་གྱི2/3ས་ཁར་བུད་ཡོད་པ་ཡིན།

ཧུ་པའི་སྐར་རྡོའི་ལྕགས་དང་ནིག་གི་གྲུབ་ཆའི་བསྡུར་ཚད་ནི་སོ་སོར84%དང16%གི་ཡས་མས་ཡིན་ལ། སྐར་རྡོ་དེ་ནི་སའི་གོ་ལར་ལྷུང་ནས་ལོ་ངོ་ཁྲི་ཕྲག8འགོར་ཡོད་ན་ཡང་། སྔར་བཞིན་སའི་གོ་ལར་ལྷུང་བའི་སྐར་རྡོའི་ཁྲོད་ཀྱི་ལྗིད་ཚད་ཆེས་ཆེ་བའི་རང་བྱུང་ལྕགས་རྒྱུས་གྲུབ་པའི་སྐར་རྡོ་དེ་ཡིན། སྤྱི་ལོ1920ལོར། སྐར་རྡོ་དེ་ས་དེའི་ཞིང་བ་ཞིག་གིས་གསར་རྙེད་བྱུང་བ་ཡིན་མོད། དེའི་ལྗིད་ཚད་ཤིན་ཏུ་མཐོ་བའི་དབང་གིས་ད་ལྟའི་བར་དུ་གནས་དེ་རུ་ལུས།

སྤྱི་ལོ1920ལོར། ཞིང་བ་དེས་རྨོ་འདེབས་ཀྱི་སྐབས་སུ་ལྕགས་རྒྱུའི་སྐར་རྡོ་གང་དེ་གསར་རྙེད་བྱུང་བ་ཡིན་ལ། སྐབས་དེར་ཁོས་རྣར་གཟན་པའི་སྐད་སྒྲ་དྲག་པོ་ཞིག་ཐོས་པ་དང་། བ་གླང་གི་ཁྱུ་ཚོགས་ཀྱང་སྐྲག་ནས་སྔོན་ལ་འགྲོ་མཚམས་བཞག 

ཧུ་པའི་སྐར་རྡོ་ལ་གནོད་སྐྱོན་ཐེབས་པ་ནི་ཅུང་ཚབས་ཆེན་ཡིན་མོད། འོན་ཀྱང་གནས་དེ་རུ་ལྟ་སྐོར་དུ་ཕེབས་པའི་ལྗོངས་རྒྱུ་པ་ནི་སྔར་བཞིན་རྒྱུན་ཆད་མ་མྱོང་།

2 འཛམ་གླིང་གི་ལྗིད་ཚད་ཆེ་བའི་སྐར་རྡོའི་གོ་རིམ།

(1)ལྗིད་ཚད་ལ་ཏུན60ལྷག་ཡོད་པའི་ཧུ་པའི་སྐར་རྡོ།

(2)ལྗིད་ཚད་ལ་ཏུན37ལྷག་ཡོད་པའི་ཨ་ཀེན་ཐིན་ཨའེ་ཨེར·ཁྲ་ཁོ་སྐར་རྡོ།

(3)ལྗིད་ཚད་ལ་ཏུན31ལྷག་ཡོད་པའི་ཡུའེ་ཁོ་ཅའོ་ཨ་ཉི་ཞི་ཐུའོ་སྐར་རྡོ།

(4)ལྗིད་ཚད་ལ་ཏུན22ལྷག་ཡོད་པའི་མོ་ཞི་ཁོའི་པ་ཁུའུ་པི་ལི་སྐར་རྡོ།

(5)ལྗིད་ཚད་ལ་ཏུན20ལྷག་ཡོད་པའི་ཀེ་རུན་ལན་ཨ་ཀོ་ཕ་ལི་ལི་ཁོ་སྐར་རྡོ།

(6)ལྗིད་ཚད་ལ་ཏུན16ལྷག་ཡོད་པའི་ཐན་ཙན་ཉི་ཡ་མེང་པའོ་ཞི་སྐར་རྡོ།

(7)ལྗིད་ཚད་ལ་ཏུན15ལྷག་ཡོད་པའི་ཨ་མེ་རི་ཁའི་ཝེ་ལ་མུའུ་ཐེ་སྐར་རྡོ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-30

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།