སྐར་རྡོའི་རྡོ་རྗེ་ཕ་ལམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐར་རྡོའི་རྡོ་རྗེ་ཕ་ལམ།
སྐར་རྡོའི་རྡོ་རྗེ་ཕ་ལམ་ནི་གསར་དུ་རྙེད་པའི་དངོས་རྫས་རིགས་ཤིག་ཡིན་ལ། སྐར་རྡོའི་རྡོ་རྗེ་ཕ་ལམ་ཡིན་ན་ཆ་རྐྱེན་མང་དག་ཅིག་ལྡན་དགོས་ཏེ། དེ་ནི་ངེས་པར་དུ་བར་སྣང་ནས་ས་རུ་ལྷུང་བའི་སྐར་རྡོ་ཡིན་དགོས་པ་དང་། སྐར་རྡོ་སྤྱི་ཡི་དངོས་པོའི་གཤིས་ལུགས་ལ་མཐུན་དགོས་ཤིང་། སྐར་རྡོའི་ཁྲོད་དུ་རྫས་འགྱུར་གྱི་གཞི་རྒྱུ་ཡོད་དགོས་པར་མ་ཟད། རྡོ་རྗེ་ཕ་ལམ་འགྲུབ་བྱའི་རྒྱུ་ཡོད་དགོས། གཞན་ད་དུང་སྐར་རྡོའི་འཕྲེད་ཐིག་གི་བར་སྟོང་སོགས་ཡོད་དགོས། མིག་སྔར་སྐར་རྡོའི་རྡོ་རྗེ་ཕ་ལམ་དུ་ངོས་འཛིན་བྱས་ཡོད་པ་ནི་འཛམ་གླིང་ཧྲིལ་བོར་གཉིས་མ་གཏོགས་མེད་ལ། དེའི་ཁྲོད་ཀྱི་གཅིག་ནི་ཀྲུང་གོ་ནས་གསར་རྙེད་བྱུང་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陨石钻石
གསར་རྙེད་དུས་ཚོད།
སྤྱི་ལོ1971ལོ།
1 གསར་རྙེད།

ཐོག་དང་པོར་སྐར་རྡོའི་རྡོ་རྗེ་ཕ་ལམ་གསར་རྙེད་བྱུང་བ་ནི། སྤྱི་ལོ1967ལོར། ཨ་མེ་རི་ཁའི་ཡ་ལི་སང་ན་ཀྲོའུ་ཡི་པ་ལིན་ཅེ་སྐར་རྡོའི་གཞུས་ཀོང་གི་ནང་དུ་གསར་རྙེད་བྱུང་བ་དེ་ཡིན་ལ། ཨ་མེ་རི་ཁའི་ཞིན་མོ་ཞི་ཁོ་ཀྲོའུ་ཡི་ཁེན་ན་སྐར་རྡོ་དང་ལྷོ་སྣེའི་གླིང་ཝེ་ཏུའོ་ལི་ཡའི་ཨའི་ལུན་ཆིའུ་ལིང་གི་སྐར་རྡོ་དེ་གཉིས་སྟེང་དུ་ཡང་གསར་རྙེད་བྱུང་ཡོད་ཅིང་། སྤྱི་ལོ1908ལོའི་ཟླ6པའི་ཚེས30ཡི་ཉིན། ཨ་པོ་ལུའོ་ཡི་སྐར་མ་ཞིག་ཨུ་རུ་སུའི་ཞི་པོ་ལི་ཡའི་ཐུང་ཀུའུ་སིར་བརྡབས་པའི་སྙན་ཞུ་ཡང་འདུག 

དེ་ལས་གཞན་སྤྱི་ལོ2014ལོའི་ཟླ6པར། ཀྲུང་གོར་གསར་རྙེད་བྱུང་བའི་སྐར་རྡོའི་རྡོ་རྗེ་ཕ་ལམ་ལ་དོན་སྙིང་ལྷག་ཏུ་ཆེ་སྟེ། སྐར་རྡོ་དེས་བར་སྣང་ཁམས་ཀྱི་རྡོ་རྗེ་ཕ་ལམ་གྱི་སྐར་རྡོའི་དབྱིབས་དང་གྲུབ་ཚུལ་ཡོངས་སུ་རྫོགས་པ་ཡི་གེ་དང་པར་རིས་གཉིས་ལྡན་གྱི་ལམ་ནས་མི་རྣམས་ཀྱི་མིག་མདུན་དུ་བཤམས་པ་ཡིས། མི་རྣམས་ལ་སྐར་རྡོའི་རྡོ་རྗེ་ཕ་ལམ་ནི་ཅི་འདྲ་ཞིག་ཡིན་པ་རྟོགས་སུ་བཅུག


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-30

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།