སྐར་རྡོའི་རི་བོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐར་རྡོའི་རི་བོ།
སྐར་རྡོའི་རི་བོ་ནི་ཧྲེན་དབྱང་གི་ཤར་ལྷོའི་སྤྱི་ལེ་སུམ་ཅུའི་མཚམས་ཀྱི་ཏུང་ལིང་ས་ཁུལ་གྱི་ལི་ཞང་ཤང་དུ་ཡོད་པ་དང་། ཐོ་ལེ་ཀོར་དཀྱིལ་སྙིང་བྱས་པའི་མཐའ་འཁོར་གྱི་ས་ཆ་མང་བོར་སྐར་རྡོའི་རི་འབུར་ཡོད་ལ། དེ་ནི་ལོ་ངོ་དུང་ཕྱུར་བཅུ་དགུའི་སྔ་རོལ་དུ་ས་རུ་ལྷུང་བའི་སྐར་རྡོ་ཡིན་ཞིང་། ལྗིད་ཚད་ལ་ཏུན་ས་ཡ་གཉིས་ལྷག་ཡོད་དེ། འཛམ་གླིང་གི་སྐར་རྡོའི་ཚོམ་ཆེས་ཆེན་པོ་དེ་ཡིན། ལིའོ་ཉིང་ཞིང་ཆེན་གྱི་སྐར་རྡོ་གསར་སྤེལ་ཞིབ་འཇུག་ལྟེ་གནས་ཀྱིས་གནས་དེ་རུ་ཚན་རིག་ཞིབ་འཇུག་རྟེན་གཞི་བཙུགས་པ་དང་། མ་འོངས་པར་ཀྲུང་གོའི་སྐར་རྡོ་ཚན་རིག་སྤྱི་གླིང་དང་པོར་ཆགས་རྒྱུར་བརྩོན་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陨石山
ཕྱི་ཡིག་གི་མིང་།
Aerolite Hill
1 ངོ་སྤྲོད།

སྐར་རྡོའི་རི་བོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ནི་ལིའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་གྱི་ཤར་ལྷོའི་མཚམས་སུ་ཡོད་ཅིང་། དེ་ནི་ལོ་ངོ་དུང་ཕྱུར་བཅུ་དགུའི་སྔ་རོལ་དུ་ཧྲེན་དབྱང་གི་བར་སྣང་ནས་སྐར་རྡོའི་ཆར་བ་ཐེངས་ཤིག་བབས་པ་དེའི་འབྲས་བུ་ཡིན་ལ། ཧྲེན་དབྱང་གྲོང་ཁྱེར་ཏུང་ལིང་ས་ཁུལ་གྱི་ལི་ཞང་ཤང་ནས་ཡའོ་ཆན་ཧུའུ་ཤང་བར་གྱི་སྤྱི་ལེ་གྲུ་བཞི་མ300ཡི་ས་ཁོངས་སུ་ཡོད་ལ། དེ་རུ་སྐར་རྡོའི་ཕོན་པོ20ལྷག་ཡོད་པ་དང་། དེའི་ཁྲོད་ཀྱི་སྐར་རྡོ་རྐྱང་མའི་མདའ་རིང་ལ་སྨི150ཡོད་པའི་སྐར་རྡོ་བཞི་ཡོད་པ་དེ་དག་ནི། འཛམ་གླིང་སྟེང་ས་རུ་ལྷུང་བའི་དུས་ཡུན་ཆེས་རིང་བའི་སྐར་རྡོ་ཡིན་པ་དང་། ས་རུ་ལྷུང་བའི་གཞི་ཁྱོན་ཆེས་ཆེ་བའི་སྐར་རྡོའི་ཆར་བ་དེའང་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-30

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།