སྐར་རྡོའི་གཞུས་ཀོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐར་རྡོའི་གཞུས་ཀོང་།
སྐར་རྡོའི་གཞུས་ཀོང་ནི་རྒྱུ་སྐར་དང་སྲུང་སྐར། རྒྱུ་སྐར་ཆུང་ངུའི་རིགས་སམ་སྐར་མའི་གོ་ལ་ས་རུ་ཤུགས་ཀྱིས་བརྡབས་པ་ཡིས་གྲུབ་པའི་ཀོང་བུ་དེ་ལ་ཟེར་ཞིང་། སྐར་རྡོའི་གཞུས་ཀོང་གི་དཀྱིལ་དུ་རི་བོ་ཆུང་ཆུང་ཞིག་ཡོད་པ་ཡིན་ལ། སའི་གོ་ལའི་སྟེང་གི་སྐར་རྡོའི་གཞུས་ཀོང་གི་ནང་དུ་ཆུའང་ཡོད། དེ་ཡིས་མཚེའུ་ཆུང་ཆུང་ཞིག་གྲུབ་པ་དང་མཚེའུ་དེའི་དཀྱིལ་དུ་གླིང་ཕྲན་ཞིག་ཀྱང་ཡོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陨石坑
ཕྱི་ཡིག་གི་མིང་།
meteorite crater
1 ངོ་སྤྲོད།

རླུང་གིས་ཟད་པའི་སྐར་མའི་གོ་ལའི་སྟེང་ངམ་ས་ཤུན་འགུལ་སྐྱོད་ཀྱི་སྐར་མའི་གོ་ལ་ གཉིས་གང་ཡིན་རུང་། སྐར་རྡོའི་གཞུས་ཀོང་ཆེས་སྔ་ཤོས་ནི་དུས་ཀྱི་དབང་གིས་རིམ་བཞིན་ཡལ་འགྲོ་བ་ཡིན་ཏེ། དཔེར་ན། སའི་གོ་ལའི་སྟེང་ནས་རླུང་གིས་རྒྱུ་བ་དང་བྱེ་མའི་ཕོན་པོ་སྤུངས་པ། བྲག་ཞུན་སོགས་རང་བྱུང་གི་གནོད་འཚེ་ཡིས་སྐར་རྡོའི་གཞུས་ཀོང་མེད་པར་བཟོ་བ་ཡིན་ཞིང་། སྐར་མའི་གོ་ལ་གཞན་པའི་སྟེང་དུ་རྒྱུ་རྐྱེན་གང་རུང་གིས་སྐར་རྡོའི་གཞུས་ཀོང་མེད་པར་བཟོ་བའང་སྲིད་པ་ནི། དཔེར་ན། སྐར་མའི་གོ་ལའི་ངོས་ནི་འཁྱག་རོམ་ཡིན་པ་དང་། དུས་ཡུན་རིང་བོ་འགོར་བ་དང་བསྟུན་ནས་འཁྱག་རོམ་རིམ་བཞིན་བཞུས་ནས། སྐར་མའི་གོ་ལ་དེའི་ངོས་ཀྱི་སྐར་རྡོའི་གཞུས་ཀོང་ཡང་ཡལ་བར་འགྱུར་བ་ཡིན།

སའི་གོ་ལའི་སྟེང་དུ་ད་སྔ་ངོས་འཛིན་ཐུབ་པའི་སྐར་རྡོའི་གཞུས་ཀོང150ལྷག་ཡོད་པ་དང་། ས་གཤིས་རིག་པ་བ་ཡིས་སྐར་རྡོའི་གཞུས་ཀོང་དེ་དག་ལ་ཞིབ་འཇུག་བྱས་པ་བརྒྱུད་ངོས་འཛིན་བྱ་ཐབས་མེད་པའི་སྐར་རྡོའི་གཞུས་ཀོང་མང་བོ་གསར་རྙེད་བྱུང་ལ། སྐར་རྡོའི་གཞུས་ཀོང་ལ་ལའི་སྟེང་ནས་སྐར་རྡོའི་གཞུས་ཀོང་དེ་དུས་ནམ་ཞིག་ལ་གྲུབ་པའང་ཤེས་ཐུབ།

2 ཀྲུང་གོ།

(1)ཞིའུ་ཡན་སྐར་རྡོའི་གཞུས་ཀོང་།

(2)ཧའེ་ནན་སྐར་རྡོའི་གཞུས་ཀོང་།

3 ཕྱི་རྒྱལ།

(1)ཧྥ་རན་སེའི་ལྷོ་ནུབ་རྒྱུད་ཀྱི་སྐར་རྡོའི་གཞུས་ཀོང་།

(2)ཨ་མེ་རི་ཁའི་ཡ་ལི་སང་ནའི་སྐར་རྡོའི་གཞུས་ཀོང་།

(3)མོ་ཞི་ཁོའི་ཡིའུ་ཁ་ཐན་གྱི་སྐར་རྡོའི་གཞུས་ཀོང་།

(4)ཨུ་རུ་སུའི་ཐུང་ཀུའུ་ལ་སིའི་སྐར་རྡོའི་གཞུས་ཀོང་།

(5)ཐ་ཅི་ཁོ་སི་ཐན་གྱིKara Kul སྐར་རྡོའི་གཞུས་ཀོང་།

(6)ཁ་ན་ཏའིClearwater Lakes སྐར་རྡོའི་གཞུས་ཀོང་།

(7)ཁ་ན་ཏའིManicouagan སྐར་རྡོའི་གཞུས་ཀོང་།

(8)ཨོ་སི་ཁྲུ་ལི་ཡའིWalf Creek སྐར་རྡོའི་གཞུས་ཀོང་།

(9)ཨོ་སི་ཁྲུ་ལི་ཡའི་སྡོམ་གྱི་སྐར་རྡོའི་གཞུས་ཀོང་།

(10)ཨ་ཧྥེ་རི་ཁ་གླིང་གི་ཀྲ་ཏེ་མཚོ་ཡིAorounga སྐར་རྡོའི་གཞུས་ཀོང་།

(11)ན་སྨི་པི་ཡའིRoter Kamm སྐར་རྡོའི་གཞུས་ཀོང་།

(12)འཇར་མན་གྱི་སྐར་རྡོའི་གཞུས་ཀོང་།

(13)ཨ་ཧྥེ་རི་ཁ་ལྷོ་མའིvredefort སྐར་རྡོའི་གཞུས་ཀོང་།

(14)རྔམ་འབྲུག་སྐར་རྡོའི་གཞུས་ཀོང་།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-30

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།