སྐར་རྡོ་ཟླུམ་རིལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐར་རྡོ་ཟླུམ་རིལ།
སྐར་རྡོ་ཟླུམ་རིལ་ནི་རྡོ་རྒྱུའི་སྐར་རྡོའི་རིགས་ཤིག་ཡིན་ལ། དེ་ནི་སྐར་མའི་གོ་ལའི་ཞུན་སྐོགས་སམ་ས་གས་པ་དང་འཕྲད་མ་མྱོང་བའི་རྐྱེན་གྱིས། གྲུབ་ཚུལ་ལ་འགྱུར་བ་བྱུང་མྱོང་མེད་པ་དང་། སྐར་རྡོ་ཟླུམ་རིལ་ཐམས་ཅད་ཤིན་ཏུ་ཆུང་བའི་རྐྱེན་གྱིས། མིང་ལ་ཡང་ཟླུམ་རིལ་ཅན་གྱི་ཟླུམ་གཟུགས་བྲག་རྡོ་ཟེར། ཡང་སྐར་རྡོ་ཟླུམ་རིལ་ནི་ཆེས་སྤྱིར་བཏང་གི་སྐར་རྡོའི་རིགས་ཤིག་ཡིན་པ་དང་། དེའི་ཁྲོད་དུ་རྒྱ་ཁྱོན་ཆེས་ཆེ་བའི་སྐར་རྡོ་ནི་ཅི་ལིན་སྐར་རྡོ་རུ་གྲགས་པ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
球粒陨石
ཕྱི་ཡིག་གི་མིང་།
Chondrite
1 འབྱུང་ཁུངས།

སྐར་རྡོ་ཟླུམ་རིལ་གྱི་སྐར་མའི་གོ་ལ་ནི་ཧ་ཅང་ཆུང་བའི་རྒྱུ་སྐར་ཁ་ཤས་ཡིན་ལ། དེ་དག་གི་རྒྱ་ཁྱོན་ནི་ཤུན་སྐོགས་ལྷུང་བ་དང་ས་གས་པའི་ཚད་ལ་མི་ལོངས། ཡང་རྒྱུ་སྐར་དེ་དག་ནི་ལོ་ངོ་དུང་ཕྱིར45ཡི་ཡར་སྔོན་དུ། ཉི་མའི་ཁྱིམ་རྒྱུད་གྲུབ་པའི་རྗེས་སུ་ཡང་འགྱུར་བ་ཆེན་པོ་མ་བྱུང་།

2 གྲུབ་ཆ།

80%ཡི་སྐར་རྡོ་ཟླུམ་རིལ་ཁྲོད་དུ་རྫས་འགྱུར་རིགས་ཀྱི་ཟླུམ་རིལ་ཡོད་ལ། དཔེ་མཚོན་རང་བཞིན་གྱི་ཟླུམ་རིལ་ནི་ཧ་ཅང་ཆུང་བའི་གཏེར་རྫས་སམ་ལྕགས་རིགས་རིལ་བུ་དང་ཧྲོབ་ཧྲོབ། སྐར་མའི་གོ་ལ་ལྡེ་གུར་གྱུར་ནས་གྲུབ་པའི་གཏེར་རྫས་རིགས་སྣ་ཚོགས་བཅས་ཡིན་ལ། ད་དུང་ཉི་མ་དང་ཐག་ཉེ་བའི་གཏན་སྐར་ཁྱིམ་རྒྱུད་གཞན་པའི་གཏེར་རྫས་རིལ་བུའང་ཡོད། དེ་ཡང་སྐར་རྡོ་ཟླུམ་རིལ་ཁ་ཤས་སྔོན་ཆད་ས་རུ་བརྡབས་པ་ཡིས་རྡེའུ་རིལ་དུ་གྱུར་བ་དག་ཀྱང་ཡོད། ཡང་སྐབས་ལ་ལར་ཚ་བ་དང་ཆུ་ཡིས་གནོད་པ་སོགས་ཀྱིས་ནུས་པ་ཉམས་འགྲོ་བར་མ་ཟད། ངོས་འཛིན་དཀའ་བ་ཞིག་ཏུ་ཡང་འགྱུར་འགྲོ་བ་རེད།

སྐར་རྡོ་ཟླུམ་རིལ་ཁྲོད་ཀྱི་ལྕགས་རིགས་ཀྱི་རིལ་བུ་ནི་གཙོ་བོ་ལྕགས་ཡིན་ལ། དེའི་ནང་དུ་ལྕགས་འདྲེས་པ་ཡིས་རྡོ་གང་ཞིག་སྐར་རྡོ་ཡིན་མིན་གྱི་བརྟག་བྱར་འོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-30

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།