སྐར་རྡོ་ནག་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐར་རྡོ་ནག་པོ།
མེ་གླིང་བྱང་མའི་སྐར་རྡོ་གྲུབ་པའི་དུས་ཚོད་ནི་ཕལ་ཆེར་ལོ་ངོ་བྱེ་བ་གསུམ་དང་ས་ཡ་བཞིའི་ཡར་སྔོན་ཡིན་ལ། སྐབས་དེར་སྐར་རྡོ་ཆེན་པོ་ཞིག་སའི་གོ་ལར་བརྡབས་པ་དང་། སྐར་རྡོ་སའི་གོ་ལར་རྡེབ་པའི་གོ་རིམ་ཁྲོད། སྐར་རྡོ་མང་ཆེ་བ་དུས་ཡུན་ཆུ་ཚོད་སྐར་ཆ་གཅིག་གི་ནང་དུ་སྤྱི་ལེ་བཅུ་གཅིག་ནས་བདུན་ཅུ་དོན་བཞིའི་མྱུར་ཚད་ཀྱིས་རླུང་ཁམས་ཆེན་པོའི་ཆགས་རིམ་བརྒྱུད་ནས་སའི་གོ་ལའི་ཐོག་སླེབས་ཤིང་། དེ་ཡི་གོ་རིམ་ཁྲོད་དུ་སའི་གོ་ལའི་རླུང་ཁམས་ཆེན་པོའི་ཆགས་རིམ་དང་གཙུབ་བརྡར་བྱུང་བ་ཡིས། རབ་ཏུ་ཚ་བའི་དབང་གིས་སྐར་རྡོའི་ངོས་བཞུས་པར་གྱུར་བ་དང་། འབར་མ་ཚར་བའི་སྙིགས་རོ་ས་རུ་ལྷུང་བ་དེ་ལ་སྐར་རྡོ་ནག་པོ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黑陨石
ཕྱི་ཡིག་གི་མིང་།
Tektite
1 བྱེད་ནུས།

(1)སྐར་རྡོ་ཁྲ་ཁྲ་དང་གནག་ཅིང་སྣུམ་པའི་རིགས་ནི་མིག་ལ་དེ་འདྲའི་མཛེས་པའི་གྲས་མིན་ཡང་། ནུས་ཚད་ཧ་ཅང་དྲག་པོ་ཡིན་ཞིང་། མིའི་ལུས་ཁམས་ཀྱི་འཐེན་ཤུགས་དྲག་ཏུ་གཏང་ཐུབ་པ་དང་ནུས་ཚད་མཐོ་རུ་འགྲོ་ཐུབ། ཡང་བུ་ག་བརྟོལ་བ་དང་ཐུ་གུར་བརྒྱུ་བ། བསླེ་བ་སོགས་བྱས་ན་ཆོག་ལ། དེ་ཡིས་སླས་པའི་བྲང་རྒྱན་ནམ་བརྡར་བའི་མགུལ་རྒྱན་སོགས་རྒྱུན་པར་ལུས་དང་མ་བྲལ་བ་བྱས་ན། སྲུང་འཁོར་དང་བར་ཆད་སེལ་བའི་གོ་ཆོད་པ་ཡིན།

(2)ཤ་གནད་དམ་རུས་པ་ན་བའི་སྐབས་སུ་སྐར་རྡོ་ནག་པོ་ན་བའི་སར་གླན་ན། ཆུ་ཚོད1གི་ནང་དུ་ན་ཟུག་འཇགས་འགྲོ་བ་ཡིན།

(3)སྐྱེས་པའི་ཆགས་སྲེད་ཀྱི་ནུས་པ་ཞན་པའི་སྐོར་གྱིས་སྐར་རྡོ་ནག་པོ་ལྟེ་བའི་གོང་གི་སར་སྦྱར་ན། བློ་ཡུལ་ལས་འགོངས་པའི་ཕན་ནུས་ལྡན་པ་ཡིན།

(4)སྐྱེས་མར་མོ་ནད་བྱུང་བའམ་ཆགས་སྲེད་ཆེན་པོ་མེད་པའི་སྐོར་ལ། སྐར་རྡོ་ནག་པོ་གསུས་ཆུང་སྨད་དུ་སྦྱར་ན་ཕན་པ་ཆེན་པོ་ཡོད།

(5)མཁལ་མའི་ནུས་པ་ཞན་པའི་སྐོར་ཀྱིས་སྐར་རྡོ་ནག་པོ་སྐེད་པའི་ཕྱོགས་གཉིས་སུ་སྦྱར་ན་མཁལ་མ་གསོ་བར་ཕན།

(6)འགུལ་སྐྱོད་ཀྱི་སྐབས་སུ་ལག་པ་གཉིས་ཀྱི་ནང་དུ་སྐར་རྡོ་ནག་པོ་རེ་རེ་བཟུང་ན། ལུས་སྟོབས་རྒྱས་པ་དང་ཁྲག་གི་འཁོར་རྒྱུག་ལ་ཕན།

(7)རྒྱུན་པར་སྐར་རྡོ་ནག་པོ་རིལ་བོས་རྐང་མཐིལ་ཕུར་ཕུར་བྱས་ན། རྐང་བ་ན་བ་དང་སྐྲངས་པ། ཐང་ཆད་པ་སོགས་ལ་ཕན།

(8)བྱིས་པ་ཆུང་ངུའི་རིགས་སྐྲག་ནས་གཉིད་མི་བདེ་བའི་སྐོར་ལ། སྐར་རྡོ་ནག་པོ་སྔས་འགྲམ་དུ་བཞག་ཚེ་ཕན་པ་ཆེན་པོ་ཡོད།

(9)རྒྱུན་པར་ལུས་སྟེང་དུ་སྐར་རྡོ་ནག་པོ་ཐོགས་ན། བཤང་བ་ཕྱིར་གདོན་པར་ཡང་ཕན།

(10)རླུང་རྟ་མི་རྒྱུག་པའི་མི་དང་བགེགས་བར་ཆད་ཀྱིས་གཙེས་པའི་མི། ཡང་རྒྱུན་པར་ཁ་ལས་མི་དགེ་བའི་མི་དང་དོན་དག་ངན་པ། དངོས་པོ་མི་གཙང་བ་སོགས་ལ་འཕྲད་པའི་མི་ཡིས་སྐར་རྡོ་ནག་པོ་ལུས་སྟེང་དུ་ཐོགས་ན། བགེགས་དང་བར་ཆད་སོགས་ཅི་ཡང་སེལ་བ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-30

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།