ཤེལ་གྱི་སྐར་རྡོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤེལ་གྱི་སྐར་རྡོ།
ཞིབ་འཇུག་བྱས་པ་ལྟར་ན། ཤེལ་གྱི་སྐར་རྡོ་ནི་རྡོ་རྒྱུའི་སྐར་རྡོ་གང་ཞིག་ས་རུ་ལྷུང་བའི་གོ་རིམ་ཁྲོད་ཞུན་མར་གྱུར་བའི་གཤེར་ཁུ་འཁྱག་པ་རུ་གྱུར་བ་དེ་ཡིན་ལ། ཤེལ་གྱི་སྐར་རྡོའི་མ་རྡོ་ཡི་ཁ་དོག་ནི་ལྗང་སྐྱ་དང་ནག་པོ་ཡིན། དེའི་རྐྱེན་གྱིས་ཤེལ་གྱི་སྐར་རྡོ་ནི་མ་རྡོ་དང་མཉམ་དུ་ས་རུ་ལྷུང་བ་ཞིག་ཡིན། ཤེལ་གྱི་སྐར་རྡོ་ནི་ཕྱེད་གསལ་གྱི་ཤེལ་གྱི་རྒྱུ་ཡིན་ལ། འཐེན་ཤུགས་ཅུང་ཟད་ཡོད་པ་ཞིག་ཡིན་ཞིང་། དེའི་ཁ་དོག་ལ་ལྗང་ནག་དང་ལྗང་གུ། ལྗང་སྐྱ། རྫ་མདོག ཁམ་མདོག སེར་ནག གཞན་ཁ་དོག་གི་རིགས་ལས་མཐོང་དཀོན་པ་སྟེ། རྒྱ་མཚལ་གྱི་མདོག་བཅས་ཡོད། ཤེལ་གྱི་སྐར་རྡོ་ནི་ནམ་མཁའི་དབྱིངས་ནས་མར་ལྷུང་བ་ཡིས། དྲོད་ཚད་མཐོ་བ་དང་མྱུར་ཚད་མགྱོགས་པའི་གནས་ཚུལ་འོག་གྲུབ་པ་ཡིན་པས། དེ་ལ་ཁྱད་ཆོས་མངོན་གསལ་བ་ཞིག་ཡོད་པ་ནི། ལྷད་མ་འདྲེས་པ་དང་ངོས་སུ་ཝུ་བའི་དབྱིབས་ལྟ་བུ་མང་བ། ཞུན་སྐོགས་ཡོད་པ། ཞུན་སྐོགས་ཀྱི་ངོས་སུ་གཉེར་རིས་ཡོད་པ་བཅས་ཡིན། ཤེལ་གྱི་སྐར་རྡོ་ནི་ས་རུ་ལྷུང་སྐབས་གཤེར་གཟུགས་ཡིན་པས་ས་རུ་ལྷུང་བའི་འགྲོས་ཧ་ཅང་མྱུར་བའི་གནས་ཚུལ་འོག དུམ་བུར་ཆད་འགྲོ་བའི་རྐྱེན་གྱིས་ཤེལ་གྱི་སྐར་རྡོ་ཆེན་པོ་ནི་ཡོད་མི་སྲིད་མོད། འོན་ཀྱང་ཤེལ་གྱི་སྐར་རྡོ་དང་དེའི་མ་རྡོ་མཉམ་དུ་སར་ལྷུང་བ་ཡིན་ན། བོངས་ཚད་ཅུང་ཆེན་པོ་ཡོད་པའང་སྲིད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
玻璃陨石
གསར་རྙེད་དུས་ཚོད།
སྤྱི་ལོ2015ལོའི་ཟླ12པའི་ཚེས18ཉིན།
1 ངོ་སྤྲོད།

ཤེལ་གྱི་སྐར་རྡོ་ནི་རྡོ་རྒྱུའི་སྐར་རྡོ་དང་མཉམ་དུ་བྱུང་བའི་སྐར་རྡོའི་རིགས་ཤིག་ཡིན། དེ་ཡང་དབྱིན་ཇིའི་དངོས་ལུགས་རིག་པ་བ་སྡར་ཝིན་ལ་སྤྱི་ལོ1844ལོར། ཨོ་སི་ཁྲུ་ལི་ཡ་རུ་སྒྲོག་གུའི་དབྱིབས་ཀྱི་ཤེལ་གྱི་རྒྱུའི་རྡོ་ཞིག་ཐོབ་པ་དང་། རྗེས་སུ་འཛམ་གླིང་སྟེང་ཤེལ་གྱི་རྒྱུའི་རྡོ་དེའི་རིགས་ལ་ཤེལ་གྱི་སྐར་རྡོ་ཞེས་ཐོགས་ཤིང་། དེ་ནི་རང་བྱུང་གོར་མའི་རིགས་ཤིག་ཡིན་ལ། དེའི་དབྱིབས་ལ་ཟླུམ་གཟུགས་དང་ཕྲ་ལ་རིང་བ། ཆུ་ཐིགས་ཀྱི་དབྱིབས། སྒྲོག་གུའི་དབྱིབས་སོགས་ཡོད།

ཤེལ་གྱི་སྐར་རྡོ་ནི་མང་བོ་ཕྱོགས་གཅིག་ཏུ་འདུས་ནས་སྐམ་ས་དང་རྒྱ་མཚོར་ལྷུང་བ་ཞིག་ཡིན་ལ། དེ་ཡི་ཁ་དོག་ལ་ནག་པོ་དང་ལྗང་ནག  ཁམ་སྨུག་བཅས་ཡོད་པ་དང་ངོས་སུ་ཝུ་བ་ཆེ་ཆུང་ཅི་རིགས་ཡོད་ཅིང་། ལ་ལ་ནི་ཟླ་བའི་གོ་ལའི་སྟེང་གི་རི་ཚོགས་དབྱིབས་ཀྱི་རི་མོ་ལྟ་བུ་ཡིན།

2 ཁྱད་ཆོས།

ཤེལ་གྱི་སྐར་རྡོ་མང་ཆེ་བའི་དབྱིབས་ནི་མིས་བཟོས་འཁོར་སྐར་གྱི་དབྱིབས་དང་མཚུངས་ལ། ཁ་དོག་ནི་ནག་པོ་དང་ལྗང་ནག  ཕྱེད་གསལ་བཅས་ཡིན་ལ། སྔོན་ཆད་མི་ཡོངས་ཀྱིས་དེ་ནི་སྐར་རྡོའི་དོན་རྐྱེན་ལས་སྐར་རྡོ་ཆེན་པོ་ས་རུ་བརྡབས་པ་དང་འགད་གཏོར་བྱུང་བའི་སྐར་རྡོ་མགྱོགས་མྱུར་སྒོས་ཞུན་མར་གྱུར་བ། མྱུར་བར་འཁྱག་པར་གྱུར་བ་བཅས་ཀྱིས་གྲུབ་པ་ཡིན་པར་འདོད་མོད། འོན་ཀྱང་མི་རྣམས་ཀྱིས་ཤེལ་ཀྱི་སྐར་རྡོ་རྙེད་པའི་གནས་སམ་དེའི་ཉེ་འགྲམ་དུ་སྐར་རྡོའི་གཞུས་ཀོང་མ་རྙེད་པ་དང་། སྐར་རྡོ་ཆེན་པོ་གཞན་པའང་མ་རྙེད། དེའི་རྐྱེན་གྱིས་མིག་སྔར་གྱི་ཞིབ་འཇུག་འབྲས་བུ་ལྟར་ན། ཤེལ་གྱི་སྐར་རྡོ་ནི་རྡོ་རྒྱུའི་སྐར་རྡོ་གང་ཞིག་ཞུན་མར་གྱུར་རྗེས་ཀྱི་དངོས་པོ་ཡིན་ལ། དེ་ནི་གས་སླ་བ་ཞིག་ཡིན་པར་མ་ཟད། གས་རྗེས་མགྲོན་བུའི་དབྱིབས་ཀྱི་གས་ཁ་ཡོད་པ་རེད།

སྐམ་སར་རྙེད་པའི་ཤེལ་གྱི་སྐར་རྡོའི་ཆེ་ཆུང་ནི་ཧོ་སྨི་འགའ་ནས་ལི་སྨི་བཅུ་ཙམ་གྱི་བར་ཡིན་ལ། འོད་ལྡོག་འཕྲོ་བྱས་ན་ཇེ་ནག་ཏུ་འགྲོ་བ་ཡིན་མོད། འོན་ཀྱང་མཐའ་སྲབ་པའི་སར་ཧ་ཅང་དྭངས་གསལ་ཡིན་པར་མ་ཟད། མདོག་མི་འདྲ་བ་སྣ་ཚོགས་ཡོད་ཅིང་། མདོག་སེར་པོ་ནས་ལྗང་གུར་འགྱུར་བ་ཡིན་པ་དང་། དམར་སྨུག་ནས་ཁམ་ནག་ཏུ་འགྱུར་བ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-30

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།