ཟླ་བའི་གོ་ལའི་སྐར་རྡོའི་གཞུས་ཀོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཟླ་བའི་གོ་ལའི་སྐར་རྡོའི་གཞུས་ཀོང་།
ཟླ་བའི་གོ་ལའི་སྐར་རྡོའི་གཞུས་ཀོང་ནི་རྒྱུ་སྐར་དང་འཁོར་སྐར། རྒྱུ་སྐར་ཆུང་ངུའི་རིགས་སམ་སྐར་མའི་གོ་ལ་གཞན་པའི་ངོས་ཀྱི་སྐར་རྡོ་ས་རུ་བརྡབས་པ་བརྒྱུད་ནས་གྲུབ་པའི་ཀོང་བུ་ཆེན་པོ་སྒོར་སྒོར་དེ་ཡིན་ལ། སྐར་རྡོའི་རིལ་བུའི་ཆེ་ཆུང་ཅི་རིགས་ཟླ་བའི་གོ་ལའི་ངོས་ལ་བརྡབས་པ་དང་བསྟུན་ནས། ཆེ་ཆུང་ཆ་མི་སྙོམས་པའི་སྐར་རྡོའི་གཞུས་ཀོང་གྲུབ་པ་ཡིན་མོད། སྣང་ཚུལ་ཡ་མཚན་ཅན་ཞིག་ཡོད་པ་ནི་སྐར་རྡོའི་གཞུས་ཀོང་དེ་དག་ནི་ཧ་ཅང་གཏིང་ཟབ་ཅིག་མིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
月球陨石坑
ཕྱི་ཡིག་གི་མིང་།
Moon craters
1 ངོ་སྤྲོད།

ཟླ་བའི་གོ་ལའི་སྐར་རྡོའི་གཞུས་ཀོང་ནི་རྒྱུ་སྐར་དང་འཁོར་སྐར། རྒྱུ་སྐར་ཆུང་ངུའི་རིགས་སམ་སྐར་མའི་གོ་ལ་གཞན་པའི་ངོས་ཀྱི་སྐར་རྡོ་ས་རུ་བརྡབས་པ་བརྒྱུད་ནས་གྲུབ་པའི་ཀོང་བུ་ཆེན་པོ་སྒོར་སྒོར་དེ་ཡིན་ལ། ཟླ་བའི་གོ་ལའི་སྐར་རྡོའི་གཞུས་ཀོང་གི་ལྟེ་བར་རི་བོ་ཆུང་ཆུང་ཞིག་ཡོད་པ་ཡིན་ཞིང་། སའི་གོ་ལའི་སྐར་རྡོའི་གཞུས་ཀོང་གི་ནང་དུ་ནི་ཆུ་ཡོད་པ་དང་། དེ་ཡིས་མཚེའུ་ཆུང་ཆུང་ཞིག་གྲུབ་པར་མ་ཟད། མཚེའུ་ཡི་དཀྱིལ་དབུས་སུ་གླིང་ཕྲན་ཆུང་ཆུང་ཞིག་ཀྱང་གྲུབ་ཡོད།

རླུང་གིས་ཟད་པ་དང་ས་ཤུན་འགུལ་སྐྱོད་ཀྱིས་སྐར་མའི་གོ་ལའི་སྟེང་གི་སྐར་རྡོའི་གཞུས་ཀོང་རྙིང་བའི་སྐོར་རིམ་བཞིན་མེད་པར་འགྱུར་བ་ནི། དཔེར་ན། སའི་གོ་ལའི་སྟེང་གི་རླུང་གིས་ཟད་པ་དང་བྱེ་མའི་ཕོན་པོ་སྤུངས་པ། བྲག་ཞུན་སོགས་ཀྱིས་བརྡབས་པའི་ཀོང་བུ་སོགས་མེད་པར་འགྱུར་བ་ལྟ་བུ་ཡིན། ཡང་སྐར་མའི་གོ་ལ་གཞན་པའི་སྟེང་གི་སྐར་རྡོའི་གཞུས་ཀོང་ནི་རྒྱུ་རྐྱེན་གཞན་པའི་དབང་གིས་མེད་པར་འགྱུར་བའང་སྲིད་ཅིང་། དཔེར་ན། སྐར་མའི་གོ་ལ་གང་དེའི་ངོས་ནི་འཁྱག་རོམ་ཡིན་མོད། འོན་ཀྱང་དུས་ཚོད་ཀྱི་དབང་གིས་རིམ་བཞིན་འགྱུར་བ་བྱུང་ནས། འཁོར་སྐར་དེའི་ངོས་ཀྱི་སྐར་རྡོའི་གཞུས་ཀོང་མེད་པར་འགྱུར་བ་ལྟ་བུ་ཡིན།

སའི་གོ་ལ་དང་ཟླ་བའི་གོ་ལའི་སྟེང་དུ་སྐར་རྡོའི་གཞུས་ཀོང་ཧ་ཅང་མང་བོ་ཡོད་པ་ཡིན་ལ། སའི་གོ་ལའི་སྟེང་དུ་ངོས་འཛིན་ཐོབ་པའི་སྐར་རྡོའི་གཞུས་ཀོང་ཆེན་པོ150ལྷག་ཡོད་པ་དང་། ས་གཤིས་རིག་པ་བ་ཡིས་སྐར་རྡོའི་གཞུས་ཀོང་དེ་དག་ལ་ཞིབ་འཇུག་བྱས་པ་བརྒྱུད་ནས་ད་ལྟ་ངོས་གཟུང་ཐབས་མེད་པའི་སྐར་རྡོའི་གཞུས་ཀོང་ཡང་མང་བོ་གསར་རྙེད་བྱུང་།

2 གྲུབ་སྟངས།

སྐར་རྡོའི་རིལ་བུའི་ཆེ་ཆུང་ཅི་རིགས་ཟླ་བའི་གོ་ལའི་ངོས་ལ་བརྡབས་པ་དང་བསྟུན་ནས་ཆེ་ཆུང་ཆ་མི་སྙོམས་པའི་སྐར་རྡོའི་གཞུས་ཀོང་གྲུབ་པ་ཡིན་ཞིང་། སྣང་ཚུལ་ཡ་མཚན་ཅན་ཞིག་ཡོད་པ་ནི་སྐར་རྡོའི་གཞུས་ཀོང་དེ་དག་ནི་ཧ་ཅང་གཏིང་ཟབ་ཅིག་མིན།

ཚན་རིག་པ་ཡིས་ཚོད་རྩིས་བྱས་པ་ལྟར་ན། ཚངས་ཐིག་ལ་སྤྱི་ལེ16ཡོད་པའི་རྒྱུ་སྐར་ཆུང་ངུའི་རིགས་ཤིག་ཆུ་ཚོད1གི་ནང་དུ་སྤྱི་ལེ5ཡི་མྱུར་ཚད་ཀྱིས་སའི་གོ་ལར་བརྡབས་པ་དང་། ཚངས་ཐིག་ལ་སྐར་མའི་གོ་ལ་རང་སྟེང་གི་ཚངས་ཐིག་གི་ལྡབ4-5ཡི་ཟབ་ཚད་ཀྱི་ཀོང་བུ་ཆེན་པོ་ཞིག་འགྲུབ་པ་ཡིན། ཟླ་བའི་གོ་ལའི་ངོས་ཀྱི་ཆེས་ཟབ་པའི་སྐར་རྡོའི་གཞུས་ཀོང་དེ་ནི་ཅ་ཀོ་ལིན་སྐར་རྡོའི་གཞུས་ཀོང་དེ་ཡིན་ལ། དེའི་ཚངས་ཐིག་ལ་སྤྱི་ལེ300ཡོད་པ་དང་། ཟབ་ཚད་ལ་སྤྱི་ལེ6.4མ་གཏོགས་ཡོད་པ་མ་ཡིན། གལ་ཏེ་ཚན་རིག་པ་ཡིས་ཚོད་རྩིས་བྱས་པར་ནོར་འཁྲུལ་བྱུང་མེད་ཚེ། སྐར་རྡོའི་གཞུས་ཀོང་དེ་འགྲུབ་བྱའི་སྐར་རྡོ་དེ་སའི་གོ་ལའི་སྟེང་དུ་བརྡབ་པ་ཡིན་ན། སྤྱི་ལེ1200ཡི་ཟབ་ཚད་ཀྱི་ཀོང་བུ་ཧ་ཅང་ཆེན་པོ་ཞིག་གཏད་ངེས་ཡིན།

སྐར་རྡོའི་གཞུས་ཀོང་གི་ཆེ་ཆུང་དང་ཟབ་ཚད་ནི་ཕལ་ཆེར་འདྲ་མཚུངས་ཡིན་དགོས་ལ། དེའི་དོན་ཡང་དག་པ་ནི་སྐར་རྡོ་ཅི་འདྲའི་ཆེན་པོ་ཞིག་ཡིན་ན། ས་རུ་བརྡབས་པ་ལས་བྱུང་བའི་ཀོང་བུ་ཡང་ཧ་ཅང་ཟབ་པ་ཡིན་ལ། ཚངས་ཐིག་ཀྱང་ཧ་ཅང་ཆེན་པོ་ཡོད་མོད། འོན་ཀྱང་ཟླ་བའི་གོ་ལའི་ངོས་ཀྱི་སྐར་རྡོའི་གཞུས་ཀོང་ནི་ཧ་ཅང་ཡ་མཚན་ཞིག་ཡིན་ཏེ། སྐར་རྡོའི་གཞུས་ཀོང་དེའི་ཆེ་ཆུང་ནི་ཅི་འདྲ་ཞིག་ཡིན་རུང་། ཟབ་ཚད་ནི་དབྱིན་ལེ4ལས་བརྒལ་མི་སྲིད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-29

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།