ཟླ་བའི་གོ་ལའི་སྐར་རྡོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཟླ་བའི་གོ་ལའི་སྐར་རྡོ།
ཟླ་བའི་གོ་ལའི་སྐར་རྡོ་ནི་རྒྱུ་སྐར་ཆུང་ངུའི་རིགས་དེ་ཟླ་བའི་གོ་ལར་བརྡབས་པ་ན། ཟླ་བའི་གོ་ལའི་དངོས་རྫས་སའི་གོ་ལ་དང་ཟླ་བའི་གོ་ལའི་བར་སྟོང་དུ་ཞུགས་པ་དང་། དེའི་རྗེས་སུ་བར་སྣང་ནས་ས་རུ་ལྷུང་ནས་གྲུབ་པའི་སྐར་རྡོ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
月球陨石
ཕྱི་ཡིག་གི་མིང་།
Lunar Meteorite
1 ངོ་སྤྲོད།

ཟླ་བའི་གོ་ལའི་སྐར་རྡོ་ནི་ཟླུམ་རིལ་མེད་པའི་སྐར་རྡོའི་རིགས་ཤིག་ཡིན་ལ། ཟླ་བའི་གོ་ལ་ནི་ཟླ་བའི་གོ་ལའི་མ་གཟུགས་ཁྲོད་གནས་པའི་ཡུལ་མི་འདྲ་བ་ལ་གཞིགས་ནས་རིགས་ཆེན་པོ་གསུམ་དུ་བཀར་ཡོད་དེ། ཟླ་བའི་གོ་ལའི་བྲག་རྡོ་གསེག་རིང་མ་དང་ཟླ་བའི་གོ་ལའི་མེ་གྲུབ་བྲག་རྡོ་ནག་པོ། ཟླ་བའི་གོ་ལའི་མཚོ་འཇགས་བྲག་རྡོ། བྲག་རྡོ་འདྲེས་མ་བཅས་ཡིན་ཞིང་། དེ་དག་སོ་སོ་ནས་ཟླ་བའི་གོ་ལ་དང་ཟླ་བའི་གོ་ལའི་རྒྱ་མཚོ། དེ་གཉིས་ཀྱི་བསྣོལ་མཚམས་བཅས་ནས་ཐོན་པ་ཡིན། དེ་ཡང་ཟླ་བའི་གོ་ལའི་སྐར་རྡོ་དེ་མིའི་རིགས་ཀྱིས་ཟླ་བའི་གོ་ལའི་སྟེང་ནས་ཁྱེར་ཡོང་བའི་དངོས་དཔེ་དང་བསྡུར་ནས་དཔྱད་པ་བཏང་རྗེས་ཐག་གིས་བཅད་པ་རེད།

ཟླ་བའི་གོ་ལའི་སྟེང་ནས་ས་རུ་ལྷུང་བའི་སྐར་རྡོའི་ཤུན་སྐོགས་ནི་ཤེལ་ཡིན་ལ། གལ་ཏེ་སྐར་རྡོ་ཞིག་ལ་སྐར་རྡོ་སྤྱིའི་ཁྱད་ཆོས་ཡོད་ཀྱང་། ཤུན་སྐོགས་ནག་པོ་དེ་མེད་པ་ཡིན་ན། དེ་ལ་ཐོ་བས་བརྡུངས་ཚེ་ཧོ་སྨི1ལྷག་གི་ཤེལ་གྱི་ཤུན་སྐོགས་ཤིག་མངོན་ཡོང་བ་ཡིན་ཞིང་། དེ་ཡིས་ཟླ་བའི་གོ་ལའི་སྟེང་ནས་སར་ལྷུང་བའི་སྐར་རྡོ་ཡིན་པ་ཐག་གིས་ཆོད། དེ་ཡང་ཟླ་བའི་གོ་ལའི་སྐར་རྡོའི་གསར་རྙེད་དང་ཞིབ་འཇུག་གིས་མིག་དམར་སྐར་རྡོའི་གསལ་འབྱེད་དང་ཞིབ་འཇུག་ལ་སྐུལ་འདེད་བཏང་ཡོད།

2 འབྱུང་ཁུངས།

དངོས་པོ་གང་ཞིག་གིས་ཟླ་བའི་གོ་ལར་ཤུགས་ཀྱིས་བརྡབས་པ་ན་ཧྲོབ་པོ་རྣམས་ཟླ་བའི་གོ་ལ་དང་ཁ་བྲལ་འགྲོ་བ་ཡིན།

སྐར་རྡོའི་སྟེང་གི་འོད་དང་རླུང་སོགས་ལ་དཔྱད་ན། ཟླ་བའི་གོ་ལའི་སྐར་རྡོ་ནི་འདས་པའི་ལོ་ངོ་དུང་ཕྱུར2ཀྱི་ཡར་སྔོན་ནས་རིམ་བཞིན་གྲུབ་པ་ཞིག་ཡིན་ལ། ཟླ་བའི་གོ་ལའི་སྐར་རྡོ་མང་ཆེ་བ་ནི་སྤྱིར་བཏང་ལ་ལོ་ངོ་འབུམ1ནས་ས་ཡ1གི་ཡར་སྔོན་ལ། ད་གཟོད་ཟླ་བའི་གོ་ལ་དང་ཁ་བྲལ་བ་ཡིན་པ་ཤེས་རྟོགས་བྱུང་། ཡང་སྐར་རྡོ་དེ་དག་ཟླ་བའི་གོ་ལ་དང་ཁ་བྲལ་རྗེས། མྱུར་མོར་སའི་གོ་ལའི་སྟེང་ཐོན་པ་མ་ཡིན་པར། སའི་གོ་ལའི་རྒྱུ་སྐར་འཁོར་ལམ་དུ་དུས་ཡུན་རིང་བོ་ཞིག་ལ་འཁོར་སྐྱོད་བྱས་རྗེས། གཞི་ནས་སའི་གོ་ལའི་འཐེན་ཤུགས་ལ་མགོ་མི་སྒུར་རང་སྒུར་གྱིས་སའི་གོ་ལའི་སྟེང་དུ་ཐོན་པ་ཡིན། གཞན་སྐར་རྡོ་ལ་ལ་ཟླ་བའི་གོ་ལའི་སྟེང་གི་ལྡེམ་ཤུགས་ཀྱིས་ཉི་མར་སྐོར་བ་རྒྱག་པའི་རྒྱུ་སྐར་འཁོར་ལམ་དུ་ཞུགས་ཤིང་། སྐར་རྡོ་དེ་དག་མཁའ་དབྱིངས་སུ་རྒྱུ་བའི་དུས་ཡུན་ཅུང་རིང་མོད། མཐའ་མཇུག་སའི་གོ་ལའི་རྒྱུ་སྐར་འཁོར་ལམ་དང་སྐམ་སར་ལྷུང་བ་ཡིན།

3 ཚན་རིག་དོན་སྙིང་།

སྤྱི་ལོ1981ལོར། ཟླ་བའི་གོ་ལའི་སྐར་རྡོ་ཞེས་པ་ཞིག་ཡོད་པ་ཁྱབ་སྒྲོག་གི་སྐབས་སུ། མི་རྣམས་ཀྱིས་སྐར་རྡོ་ནི་མིག་དམར་ནས་བྱུང་བ་ཡིན་སྲིད་པར་འདོད་པ་དང་། ཡང་མི་ཁ་ཤས་ཀྱིས་ཟླ་བའི་གོ་ལའི་སྟེང་དུ་ཡང་སའི་གོ་ལ་ནས་ཐོན་པའི་སའི་གོ་ལའི་སྐར་རྡོ་ཞེས་པ་ཞིག་ཡོད་པར་འདོད་ཅིང་། སའི་གོ་ལའི་སྟེང་ལོ་ངོ་དུང་ཕྱུར39ཡི་སྔ་རོལ་དུ་གྲུབ་པའི་བྲག་རྡོ་ཡོད་ཚད་ས་གཤིས་ཀྱི་འགྱུར་བ་སྣ་ཚོགས་ཀྱི་དབང་གིས་ཤུལ་མེད་དུ་གྱུར་བ་ཡིན་ལ། གལ་ཏེ་སའི་གོ་ལའི་སྐར་རྡོ་ཟེར་བ་ཞིག་ཡོད་པར་གྱུར་ན། དེའི་སྟེང་དུ་སའི་གོ་ལའི་ས་གཤིས་ཀྱི་བརྡ་རྟགས་མང་བོ་ཡོད་སྲིད་པས། ཚན་རིག་པ་ཡིས་ཟླ་བའི་གོ་ལའི་སྟེང་དུ་སོང་ནས་སའི་གོ་ལའི་སྐར་རྡོ་བཙལ་རྒྱུའི་བསམ་འཆར་བཏོན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-29

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།