བྱེ་ཐང་སྐར་རྡོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྱེ་ཐང་སྐར་རྡོ།
བྱེ་ཐང་སྐར་རྡོ་ནི་སའི་གོ་ལའི་ས་རྒོད་ཐང་སྟོང་དུ་རྙེད་པའི་སྐར་རྡོ་ཡིན་ལ། དེ་རུ་རྙེད་པའི་སྐར་རྡོ་ཡིན་ན། བྱེ་ཐང་ནི་མི་མེད་ཐང་སྟོང་ཡིན་པའི་རྐྱེན་གྱིས་མིས་གནོད་པ་ཐེབས་པ་སོགས་ནི་མེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沙漠陨石
ཕྱི་ཡིག་གི་མིང་།
Desert Meteorite
1 ངོ་སྤྲོད།

བྱེ་ཐང་སྐར་རྡོ་ནི་སའི་གོ་ལའི་ས་རྒོད་ཐང་སྟོང་དུ་རྙེད་པའི་སྐར་རྡོ་ཡིན་ལ། དེ་རུ་རྙེད་པའི་སྐར་རྡོ་ཡིན་ན། བྱེ་ཐང་ནི་མི་མེད་ཐང་སྟོང་ཡིན་པའི་རྐྱེན་གྱིས་མིས་གནོད་པ་ཐེབས་པ་སོགས་ནི་མེད། དེ་བས་སྐར་རྡོ་ཉར་ཚགས་ཡང་ལེགས་པོ་བྱ་ཐུབ་ལ། དེ་དང་མཉམ་དུ་བྱེ་ཐང་དུ་སྐྱེ་དངོས་ཉུང་བའི་རྐྱེན་གྱིས་སྐར་རྡོ་རྙེད་སླ་བ་ཡིན། ཡང་གནའ་བོའི་བྲག་རྡོ་ཡོད་པའི་ས་ཁུལ་རྡིབ་པ་སོགས་མིན་ན། སྐར་རྡོ་སར་ལྷུང་ནས་དུས་ཡུན་རིང་བོ་འགོར་བ་ཡིས། སྐར་རྡོ་ལྷང་ལ་བུད་ནས་རྙེད་པར་སླ་བ་ཡིན།

ད་ལྟའི་བར་དུ། ཡོ་རོབ་གླིང་དང་ཨོ་སི་ཁྲུ་ལི་ཡ། ཨ་མེ་རི་ཁ་སོགས་ཀྱི་སྐར་རྡོ་རྩ་འཛུགས་ཀྱིས་བྱེ་ཐང་སྐར་རྡོ4000ལྷག་རྙེད་ཡོད་ཅིང་། དེའི་ནང་དུ་ཟླ་བའི་གོ་ལའི་སྐར་རྡོ་དང་མིག་དམར་སྐར་རྡོ་གཉིས་ཀྱང་འདུ་བ་ཡིན།

བྱེ་ཐང་སྐར་རྡོ་ནི་གཙོ་བོ་ཨ་ཧྥེ་རི་ཁ་གླིང་གི་ས་ཧ་ར་ས་ཁུལ་དང་ཨོ་སི་ཁྲུ་ལི་ཡའི་ལྷོ་ནུབ་བྱེ་ཐང་ས་ཁུལ། ཨ་མེ་རི་ཁའི་ཞིན་མོ་ཞི་ཁོ་ཀྲོའུ་བཅས་སུ་གསར་རྙེད་བྱུང་བ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-29

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།