གནམ་ལྕགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནམ་ལྕགས།
སྐར་རྡོ་ནི་སྐར་མའི་གོ་ལ་ས་རུ་ལྷུང་བའི་རྣམ་པ་གཞན་ཞིག་ཡིན་ལ། གོ་ལ་གཞན་ནས་ཐོན་པའི་སའི་གོ་ལའི་མགྲོན་པོ་ལྟ་བུ་ཡང་ཡིན། དེའི་ནང་དུ་སྐར་མདའ་མང་བོ་ཡོད་པས་ན་སྐར་རྡོ་ཞེས་ཐོགས་པ་དང་། ལྕགས་རིགས་ཀྱི་རྒྱུ་ཕུན་སུམ་ཚོགས་པ་ཡིས་གནམ་ལྕགས་སུ་འབོད། དེ་ཡང་གནམ་ལྕགས་ཀྱི་དབྱིབས་ནི་རྣམ་པ་སྣ་ཚོགས་ཡིན་ལ། སྐར་རྡོ་ཆེས་ཆེ་བ་ནི་ལྗིད་ཚད་ལ་སྤྱི་རྒྱ་ཆིག་སྟོང་བདུན་བརྒྱ་བདུན་ཅུ་ཡོད་པའི་ཅི་ལིན་ཨང་རྟགས་དང་པོའི་སྐར་རྡོ་དེ་ཡིན་ཞིང་། གནམ་ལྕགས་ཆེས་ཆེ་བ་ནི་ལྗིད་ཚད་ལ་ཏུན་དྲུག་ཅུ་ལྷག་ཡོད་པའི་ན་སྨི་པི་ཡའི་གནམ་ལྕགས་ཀོ་པ་ཞེས་པ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陨铁
1 ངོ་སྤྲོད།

སྐར་རྡོ་རང་སྟེང་གི་རྫས་འགྱུར་གྲུབ་ཆ་མི་འདྲ་བའི་དབང་གིས་རིགས་ཆེན་པོ་གསུམ་དུ་བཀར་ཡོད་དེ། དང་པོ་ནི་ལྕགས་རྒྱུའི་སྐར་རྡོའམ་གནམ་ལྕགས་ཡིན་ལ། དེའི་གྲུབ་ཆ་གཙོ་བོ་ནི་ལྕགས་རིགས་དང་ནིག་ཡིན་ཞིང་། ལྕགས་ཀྱི་གྲུབ་ཆས98%ཀྱི་ཡན་ཟིན་ཡོད་པ་དང་། ནིག་གིས4%-20%ཡི་བར་གྱི་གྲངས་ཀ་ཟིན་ཡོད་པའི་རྐྱེན་གྱིས་གསལ་འབྱེད་བྱ་སླ་བ་ཞིག་ཡིན། གཉིས་པ་ནི་རྡོ་ལྕགས་འདྲེས་མའི་སྐར་རྡོ་ལ་སྐར་ལྕགས་རྡོ་ཡང་ཟེར་ལ། སྐར་རྡོ་འདིའི་རིགས་ནི་ཧ་ཅང་ཉུང་བ་དང་། དེའི་ཁྲོད་དུ་ནིག་ལྕགས་དང་སྭེལ་སོན་ཡན་གཉིས་ཀྱིས50%རེ་ཟིན་པ་ཡིན། གསུམ་པ་ནི་རྡོ་རྒྱུའི་སྐར་རྡོ་ཡིན་ལ། དེ་ལ་སྐར་རྡོ་ཟེར་བ་ཡིན་ཞིང་། དེའི་གྲུབ་ཆ་གཙོ་བོ་ནི་སྭེལ་སོན་ཡན་ཡིན་པར་མ་ཟད། སྐར་རྡོ་དེའི་རིགས་ནི་ཧ་ཅང་མང་བོ་ཡོད་པ་ཡིན།

སྔ་མའི་དུས་སྐབས་སུ་མིའི་རིགས་ཀྱི་རྣོ་ལྕགས་བཙོ་སྦྱང་གི་ལག་རྩལ་དེ་འདྲའི་སྔོན་ཐོན་མིན་པས། ལྕགས་རིགས་ཀྱི་གཏེར་ཁར་ལྕགས་བཏོན་ནས་བཙོ་སྦྱང་བྱ་བའི་ཐབས་རྩལ་མེད་པར་མ་ཟད། སའི་གོ་ལའི་རང་བྱུང་ཁམས་སུ་ཡང་ལྕགས་ཁོ་ན་མེད་པའི་རྐྱེན་གྱིས་གནམ་ལྕགས་ནི་ལྕགས་ཀྱི་འབྱུང་ཁུངས་འབའ་ཞིག་ཡིན།

སྔོན་ཞིག་ལ་མི་ལ་ཤས་ཀྱིས་ལོ་ངོ་བྱེ་བ4ཡི་སྔ་རོལ་གྱི་ཉི་ལུའོ་གཙང་བོའི་བཞུར་རྒྱུན་དང་ཡིའུ་ཧྥ་ལ་ཏི་གཙང་བོའི་བཞུར་རྒྱུན་གྱི་ལྕགས་རིལ་དང་གློ་གྲི་རྙེད་ཅིང་། དེ་ནི་གནམ་ལྕགས་གིས་བརྡུངས་པ་ཡིན་པར་ངེས་ལ། མིའི་རིགས་ཀྱིས་ཆེས་སྔ་མའི་དུས་སུ་ལྕགས་རིགས་སམ་གནམ་ལྕགས་ལག་ལེན་བྱས་པ་དེ་ཡིན་པར་བགྲངས་ཆོག

མ་ལའེ་གླིང་ཚོམ་ས་ཁུལ་གྱི་མ་ལའེ་ཁེ་ལི་ཧྲི་ཞེས་པའི་རལ་གྲི་དེའི་རྒྱུ་ནི་སྔར་བཞིན་གནམ་ལྕགས་ཡིན་ལ། མ་ལའེ་ཡི་མི་ཡིས་ཁེ་ལི་ཧྲི་ཞེས་པའི་རལ་གྲི་དེ་བརྡུང་བྱ་ལ་གནམ་ལྕགས་བཀོལ་བར་ཤིན་ཏུ་དགའ་ཞིང་། དེའི་རྒྱུ་མཚན་ནི་མ་ལའེ་གླིང་ཚོམ་སྟེང་དུ་ལྕགས་ཀྱི་གཏེར་ཁ་འཛོམས་པོ་མིན་པ་དང་རྣོ་ལྕགས་བཙོ་སྦྱང་གི་ཐབས་རྩལ་ཞན་པ་དེ་ཡིན། རྒྱུ་མཚན་གཞན་ཞིག་ནི་གནམ་ལྕགས་ཁྲོད་དུ་ནིག་གི་གྲུབ་ཆ་འདུ་བས། རལ་གྲིར་རྣོ་ངར་ཆེན་པོ་ལྡན་པ་ཡིན།

2 ཨ་ལེ་ཐའེ་ཡི་གནམ་ལྕགས།

གནམ་ལྕགས་ཆེན་པོའི་རིགས་ཀྱི་ལྗིད་ཚད་ནི་ཏུན30ལས་བརྒལ་ཡོད་ཅིང་། སྤྱི་ལོ2011ལོའི་ཟླ7པའི་ཚེས19ཉིན་བསྒྲགས་པའི་གསར་འགྱུར་དུ། ཨ་ལེ་ཐའི་ཡི་གནམ་ལྕགས་ཆེན་པོ་དེ་ཡིས་འཛམ་གླིང་ཡོངས་ཚ་ཚ་འུར་འུར་དུ་གཏང་ཁོ་ཐག་ཡིན་ཞེས་བརྗོད་པ་དང་བསྟུན་ནས། ཤིན་ཏུ་མཐོང་དཀོན་པའི་གནམ་ལྕགས་ཆེན་པོ་དེ་ཐོག་དང་པོར་གཞན་ལ་གྲགས་པ་དང་། ས་དེ་རུ་དངོས་སུ་རྟོག་ཞིབ་ཏུ་ཕེབས་པའི་ཀྲང་པའོ་ལིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ལྕགས་རྒྱུའི་སྐར་རྡོ་དེའི་ལྗིད་ཚད་ལ་ཏུན25ལྷག་ཡོད་པ་དང་ཏུན30ཡི་ཡན་ལ་བརྒལ་བའང་སྲིད་པའི་ཚོད་དཔག་བྱས་ཤིང་། ཀྲུང་གོའི་གནམ་ལྕགས་ཁྲོད་ཀྱི་ཆེས་ཆེན་པོ་རུ་འགྱུར་སྲིད་པའི་ངེས་པའང་ཆེན་པོ་ཡོད་པར་མ་ཟད། གནམ་ལྕགས་དེའི་ཕྱིའི་རྣམ་པའམ་དབྱིབས་དང་ཁྱད་ཆོས་ནི་གཞན་དང་མི་མཚུངས་པ་ཞིག་ཡིན་ལ། ཚན་རིག་གི་རིན་ཐང་ཆེན་པོ་ལྡན་པ་དང་སའི་གོ་ལའི་སྟེང་ནས་རྙེད་པའི་འཇིག་རྟེན་ཁམས་ཀྱི་དངོས་དཔེ་འགངས་ཆེན་ཞིག་ཏུ་བགྲངས་ཆོག

ཨ་ལེ་ཐའི་ཡི་གནམ་ལྕགས་ཆེན་པོ་དེ་ནི་ཞིན་ཅང་ཨ་ལེ་ཐའེ་ས་ཁུལ་གྱི་མི་མེད་ལུང་སྟོང་ཞིག་ཏུ་ཡོད་པ་དང་། ཀྲང་པའོ་ལིན་གྱིས་གསར་འགོད་པར་བཤད་པ་ལྟར་ན། ཁོས་ཨ་ལེ་ཐའི་ཡི་གནམ་ལྕགས་ཆེན་པོ་དེ་བཙལ་བའི་སླད་དུ་ཞིན་ཅང་ལ་ཐེངས་གཉིས་བསྐྱོད་པ་ཡིན་ལ། ཐེངས་འདིར་གོང་རིམ་གྱི་རྒྱབ་སྐྱོར་འོག་མི་རྟ10ལྷག་དང་རྔ་མོང1བཅས་ཀྱི་དཔུང་ཁག་གནམ་ལྕགས་རྙེད་པའི་ས་དེར་བསྐྱོད་པ་ཡིན་ཞིང་། དཀའ་ཁག་རབས་དང་རིམ་པ་གདོང་གིས་བསུས་ནས་མདུན་དུ་བསྐྱོད་པ་ན། སྤྱི་ལོ2011ལོའི་ཟླ7པའི་ཚེས་16ཉིན་གྱི་ཕྱི་དྲོའི་ཆུ་ཚོད2ཀྱི་སྟེང་དུ་གནམ་ལྕགས་དེ་ཡོད་པའི་སར་བསླེབས་ཞེས་བརྗོད།

གནམ་ལྕགས་དེའི་དབྱིབས་ནི་སྙུང་གཟུགས་ཆ་མི་སྙོམས་པ་ཞིག་ཡིན་ལ། མཐོ་ཚད་ལ་སྨི2.3ཡོད་པ་དང་ཞབས་ངོས་ཀྱི་ཚངས་ཐིག་ལ་སྨི1.5ཡོད་ཅིང་། དེའི་ངོས་ནི་དངུལ་མདོག་འོད་དང་ལྡན་པ་ཞིག་ཡིན་པར་མ་ཟད། ནིག་ལྕགས་ཀྱི་གྲུབ་ཆ་ཡོད་པའང་གསལ་བོར་མཐོང་ཐུབ། ཡང་དེ་ལ་གནམ་ལྕགས་ལ་མངའ་བའི་དྲ་རྒྱ་ལྟ་བུའི་གཉེར་རིས་ཡོད་པ་དང་ཡང་མོར་བརྡུངས་ན་ལྕགས་རིགས་ཀྱི་སྒྲ་གྲགས་པ་ཡིན་ལ། ཆེས་ངོ་མཚར་ཆེ་བ་ཞིག་ནི་ཨ་ལེ་ཐའེ་ཡི་གནམ་ལྕགས་དེ་ནི་འཛེང་རྡོ་ལེབ་མོ་ཞིག་གིས་མནན་ཡོད་ཅིང་། འཛེང་རྡོ་དེར་ད་དུང་གས་ཁ་ཆེན་པོ་ཞིག་ཀྱང་ཡོད།

འབྲེལ་ཡོད་ཀྱི་རྒྱུ་ཆ་ལྟར་ན། གནམ་ལྕགས་ཆེན་པོ་དེ་རྙེད་པའི་གནས་ནི་མཚོ་འཕགས་ཅུང་མཐོ་བའི་རི་ལྡེབས་ཤིག་ཡིན་ལ། དེའི་མཐའ་འཁོར་ཐམས་ཅད་འཛེང་རྡོ་ཡིས་བཀང་ཡོད་པ་དང་། གནམ་ལྕགས་ཀྱི་སྨད་ཀྱི་ཆ་ནི་ས་ནང་དུ་ཟུག་ནས་ཡོད་པས་ལྗིད་ཚད་གཞལ་བར་དཀའ་ཞིང་། བལྟས་ཚོད་ཀྱིས་དེའི་ལྗིད་ཚད་ལ་ཏུན25ལྷག་ཡོད་པར་འདོད་པ་དང་། ཏུན30ཡི་ཡན་ལ་བརྒལ་བའང་སྲིད། གཞན་ཀྲུང་གོའི་གནམ་ལྕགས་ཆེས་ཆེ་བ་དེའི་ལྗིད་ཚད་ལ་ཏུན30ཡོད་པ་དང་། དེ་ནི་ཞིན་ཅང་གི་ཨ་ལེ་ཐའེ་གྲོང་ཁྱེར་གྱི་ཉེ་འགྲམ་གྱི་ཆིང་ཧོ་རྫོང་དུ་གསར་རྙེད་བྱུང་བ་ཡིན།

གནམ་ལྕགས་དེ་ཡིས་ས་དེའི་མང་ཚོགས་ལ་མཚར་སྣང་བསྐྱེད་པ་ནི་སྨོས་མ་དགོས་པ་ཞིག་རེད་ལ། གནམ་ལྕགས་ཀྱི་སྟེང་དུ་སོག་ལེའི་ཤུལ་ཡོད་པ་དང་། ལ་ལས་རང་གི་མིང་ཡང་གནམ་ལྕགས་ཀྱི་སྟེང་དུ་བརྐོས་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-29

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།