ཀ་ཀོ་ལ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཀ་ཀོ་ལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དག་ཡིག)

ཀ་ཀོ་ལ།
རྒྱ་གར་ནག་དང་ལྷོ་མོན་ནས་ཐོན་པའི་རྩྭ་ལྡུམ་གྱི་འབྲས་བུ་དེའི་ལོ་སྡོང་ལྗང་གུ་དང་འབྲུའི་པགས་པ་མཐུག་ཅིང་སུལ་ཅན། དྲི་རོ་ག་བུར་དང་ཕྱོགས་མཚུངས་པ་འདིས་ཕོ་འཚེར་གྱི་གྲང་ནད་སེལ།
1 ལོ་ཙཱ།

རྒྱ་ཡིག  草果

དབྱིན་ཡིག amomion tsao-ko

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  རྩི་ཤིང་ཞིག་གི་འབྲས་བུའི་མིང་ཡིན། ཆེ་བ་སྟར་ཁ་ཙམ། དབྱིབས་འཇོང་ཟླུམ་དང་ཤུན་པར་གཉེར་མ་མང་ཞིང་ནང་ལ་ས་བོན་གྱིས་བཀང་ཡོད། རྒྱ་སྐད་དུ་ཚོ་ཀོ་ཟེར་ཞིང་། ཟས་ཀྱི་བྲོ་བ་འབྱིན་བྱེད་དང་སྨན་བྱེད་ཆོག

2.བརྡ་དག་མིང་ཚིག་གསལ་བ་ལས། ﹝梵﹞I.ཀཱ་ཀོ་ལ་སྟེ་དུག་གཅིག་གམ་སྨན་ཞིག་གམ་ཟླ་བའི་བྱེ་མའང་ཟེར། 即 ཀཱ་ཀོ་ལ། ①一种毒物。②一种药品,亦名“月砂”。【增】小豆蔻,益智子。﹝达﹞Ⅱ.བྱ་རོག་ཆེན་པོ་དང་ཟླ་བ་ལའང་། ①大鸦。②月亮。

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  རྩི་སྨན་གྱི་རིགས་ཤིག ནུས་པ་རྐྱང་སེལ་ལས།  ཀ་ཀོ་ལ་ཡིས་ཕོ་མཆེར་གྲང་བ་སེལ།   ཞེས་གསུང་པ་འདི་ལ་དཀར་པོ་དང་སྨུག་པོ་སྟེ་རིགས་གཉིས་ཡོད།

4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  རྒྱ་གར་ནག་དང་ལྷོ་མོན་ནས་ཐོན་པའི་རྩྭ་ལྡུམ་གྱི་འབྲས་བུ་དེའི་ལོ་སྡོང་ལྗང་གུ་དང་འབྲུའི་པགས་པ་མཐུག་ཅིང་སུལ་ཅན།  དྲི་རོ་ག་བུར་དང་ཕྱོགས་མཚུངས་པ་འདིས་ཕོ་མཚེར་གྱི་གྲང་ནད་སེལ།  草果,益智,土砂仁。菠荷科药用植物名。产于我国南方和印度等地,叶及枝千均绿色,果实坚厚有凹纹,气味略似樟脑,温补脾胃。མིང་གི་རྣམ་གྲངས་ལ་ཟླ་བའི་བྱེ་མ་དང༌།  ཟླ་བའི་གཞོན་ནུ་མའོ། ། 

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ཟུར་ཆག ལེགས་སྦྱར་སྐད་ཀྱི་ཀཀྐོ་ལ་ཀཾ་ཟུར་ཆག་པ་སྟེ། བོད་སྐད་དུ་སྦུབས་ཅན་འབྲས་བུ་དང་ཚོགས་སྲེད་ཅན་ཞེས་པའི་འགྱུར་ཚུལ་གཉིས་ཡོད་ཅིང་། ལོ་མང་སྐྱེ་བའི་རྩི་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན། སྡོང་པོ་ལྗང་སེར་སྐྱེས་དབྱིབས་མ་རྨོས་ལོ་ཏོག་ལྟར་སྐྱེ་བར་སྤྱིར་བཏང་ཡལ་ག་མེད་པ། ལོ་མ་སྔོ་ལྗང་སྲབ་ལ་རིང་བ་དང་། ཞེང་ཆེ་བའི་མཐའ་མཉམ་པར་རྩ་རིས་གཞུང་དུ་རྒྱུག་པ་ལོ་མའི་རྒྱབ་མདུན་གཉིས་ཀར་གསལ་པོར་མངོན་ཞིང་སྨད་ཆས་སྡོང་པོ་རེས་མོས་ཀྱིས་བཏུམ་པ། མེ་ཏོག་དཀར་པོ་མཆུ་དབྱིབས་ཅན་སྡོང་པོའི་རྩེར་བང་རིམ་དུ་འཆར་བ། གང་བུ་འཇོང་ནར་སྨིན་ན་དམར་པོར་གྱུར་པ། སྐམ་རྗེས་སུལ་གཉེར་འདུ་བ་ནང་དུ་འབྲས་བུ་ཡོད་པ་ཚོམ་བུར་སྐྱེ་བ་སྟེ། ཕྱིའི་གང་བུ་འཇོང་ནར། ཁ་དོག་ཁམ་དམར་རྩུབ་ལ་སུལ་རིས་མང་བ་ནང་དུ་འབྲས་བུ་ཁམ་སྨུག་ཟུར་མང་ཅན་མཉམ་དུ་འབྱར་བ་དྲི་ཞིམ་འཐུལ་བ་དེའོ། །གཡུང་བའང་སྡོང་པོ་དང་། ལོ་མ་སོགས་སྐྱེ་ལུགས་གོང་མ་ཇི་བཞིན་ལ། གང་བུ་གོང་ལས་ཆུང་ཞིང་མདོག་སྨུག་པོ་གློ་སུག་འདྲ་བའི་ཕྱིའི་པགས་པ་དང་། དྲི་རོ་སོགས་གོང་དང་མཚུངས། རྒྱ་ནག་གི་ཀོང་ཤིའི་དང་། ཡུན་ནན། ཀུའེ་ཀྲོའུ། དེ་མིན་རྒྱ་གར་དང་། བལ་ཡུལ། འབྲས་ལྗོངས། མེ་ཏོག་སོགས་སུ་སྐྱེ། འབྲས་བུ་སྨིན་མཚམས་སུ་བཏུས་ཏེ་སྐམ་ནས་གང་བུའི་ཕྱི་པགས་དོར་ཏེ་འབྲུ་གུ་སྨན་དུ་སྤྱོད་དགོས། རོ་ཚ་ལ་མངར་བ། ཞུ་རྗེས་ཁ་བ། ནུས་པ་ཡང་ལ་དྲོ་ཞིང་ཚ་བ་སྟེ། ངོ་བོའི་ནུས་པས་ཕོ་བའི་མེ་དྲོད་ཉམས་ཏེ་ཟས་ཀྱི་འཇུ་སྟོབས་ཞན་པ་དང་། མཆེར་ནུས་ཉམས་ནས་གྲོད་པ་སྦོས་བརྒྱངས་བྱེད་པ། མཆུ་ཏོར་རྨ་དོན་པ་སོགས་གྲང་བའི་ནད་རིགས་དང་མཆེར་ནད་ལ་ཕན་པ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-04-18

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།