རང་བྱུང་སྣང་ཚུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རང་བྱུང་སྣང་ཚུལ།
རང་བྱུང་སྣང་ཚུལ་ནི་རང་བྱུང་ཁམས་སུ་རང་བྱུང་ཁམས་ཆེན་པོའི་འཁོར་སྐྱོད་ཀྱི་ཆོས་ཉིད་རང་སྟེང་ནས་གྲུབ་པའི་གནས་ཚུལ་ག་གེ་མོ་ལ་བྱ་བ་ཡིན་ཞིང་། མིའི་རང་སྟོབས་ཀྱི་ནུས་པས་མ་ཟིན་པའི་རྒྱུ་རྐྱེན་གྱིས་ཤུགས་རྐྱེན་ཐེབས་མི་ཐུབ་པ་དེ་ཡིན་པ་ནི། དཔེར་ན། ཟླ་བ་ལ་འཕེལ་འགྲིབ་ཀྱི་ཁྱད་ཆོས་མངའ་བ་དང་དུས་བཞིར་འགྱུར་ལྡོག་ཡོད་པ། གནམ་གཤིས་ལ་དྲོད་འཁྱག་གི་རང་བཞིན་ལྡན་པ། རླུང་གཡུག་པ་དང་ཆར་འབབ་པ། ཉིན་དཀར་དང་མཚན་མོ་བཅས་པ་ལྟ་བུ། དེ་ལ་གཙོ་བོ་དངོས་ལུགས་སྣང་ཚུལ་དང་ས་ཁམས་སྣང་ཚུལ། རྫས་འགྱུར་སྣང་ཚུལ་སོགས་རིགས་ཆེན་པོ་དུ་མ་ཡོད་པ་དང་། དེ་ནི་མིའི་རིགས་ཀྱིས་བསྐྱེད་པའི་སྤྱི་ཚོགས་སྣང་ཚུལ་ལ་བལྟས་ནས་བཤད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
自然现象
ཕྱི་ཡིག་གི་མིང་།
natural phenomenon
རང་བྱུང་སྣང་ཚུལ།
དངོས་ལུགས་སྣང་ཚུལ་དང་རྫས་འགྱུར་སྣང་ཚུལ། ཚེ་སྲོག་སྣང་ཚུལ།
1 རྒྱུན་མཐོང་གི་དབྱེ་བ།

(1)ཆུ།

(2)ཁ་བ།

(3)འཇའ་ཚོན།

2 ལྐོག་གྱུར་གྱི་སྣང་ཚུལ།
2_1 བྱང་སྣེའི་འོད།

བྱང་སྣེའི་འོད་ནི་སྐར་མའི་གོ་ལའི་བྱང་སྣེ་ཡི་ཁབ་ལེན་གྱི་འཕྲེད་ཐིག་མཐོན་པོའི་ས་ཁུལ་གྱི་བར་སྣང་ནས་འཕྲོས་པའི་བཀྲག་མདངས་འཚེར་བའི་འོད་ཀྱི་སྣང་ཚུལ་རིགས་ཤིག་ཡིན་ལ། སའི་གོ་ལའི་གླིང་སྣེའི་འོད་ཟེར་ལ་ནི་སའི་གོ་ལའི་རྡོ་ཁབ་ལེན་གྱི་རིམ་པའམ་ཉི་མ་ནས་ཐོན་པའི་ནུས་ཚད་མཐོན་པོའི་གློག་ཡོད་པའི་ཉི་མའི་རླུང་གི་རིམ་པ་མཐོ་བའི་རླུང་ཁམས་ཆེན་པོའི་ཆ་རྡུལ་ལམ་མ་རྡུལ་ལ་ངར་བསླངས་པ་ལས་བྱུང་བ་ཡིན། གཞན་བྱང་སྣེའི་ཉེ་ལོགས་ཀྱི་ཨ་ལ་སི་ཅ་དང་ཁ་ན་ཏ་བྱང་མ་ནི་བྱང་སྣེའི་འོད་ལ་བལྟ་སའི་ས་ཆ་ཆེས་ལེགས་ཤོས་དེ་ཡིན།

2_2 ​ནུ་འབུར་སྤྲིན།

ནུ་འབུར་སྤྲིན་ལ་ནུ་ཏོག་དབྱིབས་ཀྱི་སྤྲིན་ཚོམ་ཡང་ཟེར་ལ། དེ་ནི་སྤྲིན་ཆར་གྱི་འོག་རིམ་དུ་གྲུབ་པའི་ནུ་ཏོག་དབྱིབས་ཀྱི་སྤྲིན་ཕུང་ཡིན་ཞིང་། མར་འབབ་པའི་རླངས་རྒྱུན་ཁྲོད་ཀྱི་དྲོད་ཚད་ཅུང་འཁྱག་པའི་མཁའ་དབུགས་དང་རླངས་རྒྱུན་ཁྲོད་ཀྱི་དྲོད་ཚད་ཅུང་དྲོ་བའི་མཁའ་དབུགས་གཉིས་ཕན་ཚུན་འཕྲད་པ་ན། ཁུག་མའི་དབྱིབས་དང་མཚུངས་པའི་ནུ་འབུར་སྤྲིན་གྲུབ་པ་ཡིན། ཡང་ནུ་འབུར་སྤྲིན་ནི་རང་བྱུང་ཁམས་ཀྱི་ཤིན་ཏུ་མཐོང་དཀོན་པའི་རང་བྱུང་སྣང་ཚུལ་རིགས་ཤིག་ཡིན་པ་དང་། མི་རྣམས་ཀྱིས་དེ་ནི་ཐོག་ཆར་དང་མེ་ལྕེ། གླིང་སྣེའི་འོད། རླབས་དམར། འཁྱག་རོམ་སོགས་དང་འདྲ་བར་འདོད་པ་ཡིན་ལ། དེའི་ཁྱད་མཚར་བའི་ཕྱིའི་རྣམ་པ་དེ་མི་རྣམས་ཀྱིས་མཐོང་བའི་རྗེས་སུ། མི་འགྱངས་པར་རླུང་འཚུབ་དྲག་པོའམ་ཐོག་ཆར་དྲག་པོ་ཐོན་པར་འདོད་ཅིང་། དྲ་ཚིགས་འགའ་ཤས་སུ་ནུ་འབུར་སྤྲིན་གྱི་བྱུང་བ་ར་སྤྲོད་བྱས་ཡོད་མོད། འོན་ཀྱང་དྲ་ཚིགས་མང་ཆེ་བས་དེ་ནི་སྤྱིར་བཏང་དུ་དྲག་ཆར་གྱི་རྗེས་སུ་འབྱུང་བ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད།

2_3 རླབས་དམར།

རླབས་དམར་ནི་ཁོར་ཡུག་གི་ཆ་རྐྱེན་ངེས་གཏན་འོག་རྒྱ་མཚོའི་ནང་གི་སྐྱེ་དངོས་དང་སྲོག་ཆགས་རིགས་མང་བོ་མཉམ་དུ་འདུས་སྡོད་བྱས་པའམ། མང་དུ་འཕེལ་བ་ཡིས་ཆུའི་ཁ་དོག་བསྒྱུར་བའི་སྐྱེ་ཁམས་སྣང་ཚུལ་རིགས་ཤིག་ཡིན་ལ། རླབས་དམར་ཞེས་པ་ནི་ངེས་པར་དུ་རླབས་དམར་པོ་ལ་གོ་བ་མ་ཡིན་ཞིང་། དེ་ལ་ཡང་ཁམ་མདོག་དང་ལྗང་གུ་སོགས་རིགས་མང་བོ་ཡོད་པ་ཡིན།

2_4 འཁྱག་རོམ་གྱི་ཀ་བ།

འཁྱག་རོམ་གྱི་ཀ་བ་ནི་བལྟས་ཚོད་ཀྱིས་འཁྱག་རོམ་གྱི་མདུང་དང་མཚུངས་ཤིང་། དེ་ནི་གཙོ་བོ་རི་སྒང་གི་འཁྱག་ཀླུང་དུ་ཡོད་པ་དང་། སྲབ་མཐུག་ལ་རིགས་རྣམ་པ་སྣ་ཚོགས་ཡོད།

2_5 ​འགུལ་སྐྱོད་ཐུབ་པའི་རྡོ།

ཨ་མེ་རི་ཁའི་ཅ་ལི་ཧྥུ་ཉི་ཡ་ཀྲུའུ་ཡི་ས་ཆ་ཞིག་ཏུ་འགུལ་སྐྱོད་ཐུབ་པའི་རྡོ་ཡོད་པ་དེ་ནི་ཚན་རིག་གི་རྩོད་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད་ལ། ཧ་ཅང་ངོ་མཚར་གྱི་རང་བྱུང་སྣང་ཚུལ་འདིའི་རིགས་ནི་ཚན་རིག་པ་མང་བོས་ཀྱང་གསེད་དཀྲོལ་དཀའ་བའི་གནས་སུ་གྱུར།

2_6 རླངས་རྒྱུན་གྱི་ཀ་བ།

རླངས་རྒྱུན་གྱི་ཀ་བ་ནི་ཆར་རླུང་དྲག་པོ་གཡུག་པའི་དུས་སུ་རྒྱུན་མཐུད་ཀྱི་ངང་ནས་འཁོར་སྐྱོད་བྱས་ཏེ། མཐོ་ནས་མཐོ་རུ་འཕགས་པའི་རླངས་རྒྱུན་རིགས་ཤིག་ཡིན་ཞིང་། རང་བྱུང་སྣང་ཚུལ་འདིའི་རིགས་ནི་བལྟས་ཚོད་ཀྱིས་འཇིགས་སྣང་སྐྱེ་བ་ཞིག་རེད།

2_7 ​མེ་ལྕེའི་རླུང་འཁོར།

མེ་ལྕེའི་རླུང་འཁོར་ལ་མེ་བདུད་དང་མེ་འཁོར་ཡང་ཟེར་ཞིང་། དེ་ནི་མེ་སྐྱོན་འབྱུང་བའི་སྐབས་སུ་མཁའ་དབུགས་ཀྱི་དྲོད་ཚད་དང་ཚ་ཤུགས་མཐོ་རུ་ཕྱིན་པ་ཡིས། མེ་ལྕེ་ནི་གྱེན་དུ་འཕྱུར་བའི་མེ་འཁྱིལ་དུ་གྲུབ་ཅིང་། རླུང་འཁྱིལ་བཞིན་དུ་བར་སྣང་ཡངས་པའི་ཁམས་སུ་ཟུག་པའི་རང་བྱུང་གི་སྣང་ཚུལ་རིགས་ཤིག་ཡིན། དེ་ཡང་མེ་འཁྱིལ་ནི་མང་ཆེ་བ་སྡོང་ཐུང་རིགས་ཀྱི་ནགས་ཚལ་དུ་འབྱུང་བ་ཡིན་ཞིང་། མེ་ལྕེའི་མཐོ་ཚད་ནི་དབྱིན་ཁྲེ30-200བར་ཡིན་ལ། མེ་ལྕེ་འཕྱུར་བའི་དུས་ཡུན་ལ་ཚད་བཀག་ཡོད་པར་མ་ཟད། སྤྱིར་བཏང་དུ་དུས་ཡུན་ཆུ་ཚོད་སྐར་མ་འགར་མ་གཏོགས་མེད་མོད། འོན་ཀྱང་རླུང་ཤུགས་ཧ་ཅང་ཆེན་པོ་ཡིན་ན། དུས་ཡུན་ཤིན་ཏུ་རིང་བོ་ཞིག་ལ་འཕྱུར་ནས་འདུག་པ་ཡིན།


2_8 ལྗིད་ཤུགས་རླབས་སྤྲིན།

རྦ་རླབས་དབྱིབས་ཀྱི་ལྗིད་ཤུགས་རླབས་སྤྲིན་གྱི་རིམ་པ་ནི་རྒྱུན་པར་མཐོ་རུ་ཕྱིན་པའི་རླངས་རྒྱུན་གྱི་རྒྱུན་བསྲིངས་ནས་རི་རྒྱུད་དུ་ཐོན་པའམ་ཐོག་རྒྱག་པའི་དྲག་ཆར་དང་འགྲོགས་ནས་འབྱུང་བ་ཡིན།

2_9 འུར་སྒྲ།

འུར་སྒྲ་ནི་སྒྲ་འདོན་དབང་བོ་འདར་བའི་སྐབས་སུ་བྱུང་བའི་སྒྲ་ལ་ཟེར་ཞིང་། སྒྲ་ནི་དངོས་པོ་གང་ཞིག་འདར་བ་ལས་བྱུང་བ་ཡིན་པས། རླབས་རིས་ཀྱི་ཚུལ་དུ་མཚམས་སྦྱོར་དངོས་པོ་ངེས་ཅན་གྱི་ཁྲོད་ཁྱབ་སྒྲོག་བྱ་བ་ཡིན། གསར་ལམ་དུ་བསྒྲགས་པ་ལྟར་ན། འུར་སྒྲ་དེའི་རིགས་ནི་ཁོར་ཡུག་མི་འདྲ་བ་རུ་བྱུང་བར་སྐད།

2_10 འཁྱག་རོམ་སྒོར་སྒོར།

ངོ་མཚར་ཅན་གྱི་རང་བྱུང་སྣང་ཚུལ་འདིའི་རིགས་ནི་རྒྱུན་པར་གྲང་ངར་ཤིན་ཏུ་ཆེ་བའི་རྒྱལ་ཁབ་དང་ས་ཁུལ་དུ་འབྱུང་བ་ཡིན་ལ། ཚན་རིག་པ་རྣམས་ཀྱིས་སྤྱི་ཁྱབ་ཏུ་འཁྱག་རོམ་སྒོར་སྒོར་ནི་ཆུ་ངོས་ཀྱི་འཁྱག་རོམ་ཆུའི་ལྟེ་བར་སྤུངས་པ་ལས་གྲུབ་པར་འདོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རང་བྱུང་ཁམས། རང་བྱུང་སྣང་ཚུལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-01

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།