རང་བྱུང་ཚན་རིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རང་བྱུང་ཚན་རིག
རང་བྱུང་ཚན་རིག་ནི་སྐྱེ་མེད་རང་བྱུང་ཁམས་དང་མིའི་སྐྱེ་ཁམས་ཀྱི་ཁྱད་ཆོས་འཛོམས་པའི་སྐྱེ་ལྡན་རང་བྱུང་ཁམས་ལ་ཞིབ་འཇུག་གི་ཚན་རིག་སྣ་སོ་སོའི་སྤྱི་མིང་ཡིན་ལ། ངོས་འཛིན་ས་གཙོ་བོ་ནི་རང་བྱུང་ཁམས་ཧྲིལ་བོའམ་རང་བྱུང་ཁམས་ཀྱི་དངོས་པོའི་རིགས་མཐའ་དག་དང་རྣམ་པ། ཁྱད་ཆོས། འགུལ་སྐྱོད་ཀྱི་རྣམ་པ་བཅས་ཡིན་ཞིང་། ངོས་འཛིན་གྱི་འགན་ཁུར་གཙོ་བོ་ནི་རང་བྱུང་ཁམས་སུ་བྱུང་བའི་སྣང་ཚུལ་དང་རང་བྱུང་སྣང་ཚུལ་བྱུང་བའི་གོ་རིམ་དངོས་གསེད་དཀྲོལ་བྱ་བ་དེ་ཡིན་པར་མ་ཟད། གོམ་གང་མདུན་སྤོས་སྒོས་སྣང་ཚུལ་དེ་རིགས་དང་སྣང་ཚུལ་དེའི་རིགས་ཀྱི་གོ་རིམ་གྱི་ཆོས་ཉིད་རང་བཞིན་དམ་འཛིན་བྱས་པ་ཡིས། དེ་དག་གསེད་དཀྲོལ་བྱེད་བདེ་བ་དང་སྣང་ཚུལ་གསར་བ་དང་གོ་རིམ་གསར་བ་སྔོན་དཔག་ལ་ཤིན་ཏུ་ཕན་ཞིང་། སྤྱི་ཚོགས་ལག་ལེན་ཁྲོད་ཀྱི་ལུགས་མཐུན་དང་དམིགས་ཡུལ་ཡོད་པའི་སྒོ་ནས་རང་བྱུང་ཁམས་ཀྱི་ཆོས་ཉིད་ཀྱི་བེད་སྤྱོད་ལ་བྱེད་ཐབས་སྣ་ཚོགས་གསར་གཏོད་བྱ་ཆེད་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
自然科学
ཕྱི་ཡིག་གི་མིང་།
Natural Science
ཞིབ་འཇུག་ཁྱབ་ཁོངས།
དངོས་ལུགས་རིག་པ་དང་རྫས་འགྱུར་རིག་པ། སྐྱེ་དངོས་རིག་པ། གནམ་དཔྱད་རིག་པ་སོགས།
1 ངོ་སྤྲོད།

རང་བྱུང་ཚན་རིག་ནི་སྐྱེ་མེད་རང་བྱུང་ཁམས་དང་མིའི་སྐྱེ་ཁམས་ཀྱི་ཁྱད་ཆོས་འཛོམས་པའི་སྐྱེ་ལྡན་རང་བྱུང་ཁམས་ལ་ཞིབ་འཇུག་གི་ཚན་རིག་སྣ་སོ་སོའི་སྤྱི་མིང་ཡིན་ལ། ངོས་འཛིན་ས་གཙོ་བོ་ནི་རང་བྱུང་ཁམས་ཧྲིལ་བོའམ་རང་བྱུང་ཁམས་ཀྱི་དངོས་པོའི་རིགས་མཐའ་དག་དང་རྣམ་པ། ཁྱད་ཆོས། འགུལ་སྐྱོད་ཀྱི་རྣམ་པ་བཅས་ཡིན་ཞིང་། ངོས་འཛིན་གྱི་འགན་ཁུར་གཙོ་བོ་ནི་རང་བྱུང་ཁམས་སུ་བྱུང་བའི་སྣང་ཚུལ་དང་རང་བྱུང་སྣང་ཚུལ་བྱུང་བའི་གོ་རིམ་དངོས་གསེད་དཀྲོལ་བྱ་བ་དེ་ཡིན་པར་མ་ཟད། གོམ་གང་མདུན་སྤོས་སྒོས་སྣང་ཚུལ་དེ་རིགས་དང་སྣང་ཚུལ་དེའི་རིགས་ཀྱི་གོ་རིམ་གྱི་ཆོས་ཉིད་རང་བཞིན་དམ་འཛིན་བྱས་པ་ཡིས། དེ་དག་གསེད་དཀྲོལ་བྱེད་བདེ་བ་དང་སྣང་ཚུལ་གསར་བ་དང་གོ་རིམ་གསར་བ་སྔོན་དཔག་ལ་ཤིན་ཏུ་ཕན་ཞིང་། སྤྱི་ཚོགས་ལག་ལེན་ཁྲོད་ཀྱི་ལུགས་མཐུན་དང་དམིགས་ཡུལ་ཡོད་པའི་སྒོ་ནས་རང་བྱུང་ཁམས་ཀྱི་ཆོས་ཉིད་ཀྱི་བེད་སྤྱོད་ལ་བྱེད་ཐབས་སྣ་ཚོགས་གསར་གཏོད་བྱ་ཆེད་ཡིན།

རང་བྱུང་ཚན་རིག་གི་གཞི་རྩའི་དམིགས་ཡུལ་ནི་རང་བྱུང་སྣང་ཚུལ་ལྟག་རྒྱབ་ཀྱི་ཆོས་ཉིད་ཤེས་རྟོགས་འབྱུང་བ་དེ་ཡིན་པ་དང་། རང་བྱུང་ཚན་རིག་གིས་རང་བྱུང་ཁམས་ལས་འདས་པའི་སྣང་ཚུལ་དང་རང་དགར་གྱི་སྣང་ཚུལ། ཕན་ཚུན་རྒྱབ་འགལ་གྱི་སྣང་ཚུལ་ནི་མེད་པར་འདོད་ལ། རང་བྱུང་ཚན་རིག་གི་སྲོག་ཤིང་གཙོ་ཆེ་བ་གཉིས་ནི་ལྟ་ཞིབ་དང་གཏན་ཚིགས་ཀྱི་རིགས་འདེད་ཡིན། རང་བྱུང་གི་ལྟ་ཞིབ་དང་གཏན་ཚིགས་རིགས་འདེད་ཀྱི་རང་བྱུང་ཚན་རིག་གིས་རང་བྱུང་ཁམས་ཆེན་མོའི་ཁྲོད་ཀྱི་ཆོས་ཉིད་ལ་སྣེ་ཁྲིད་ཀྱི་ནུས་པ་ཐོན་པ་ཡིན་ཞིང་། གལ་ཏེ་ལྟ་ཞིབ་ཀྱི་སྣང་ཚུལ་དང་ཆོས་ཉིད་ཀྱི་སྔོན་དཔག་གཉིས་མ་འདྲ་བ་ཡིན་ན། ལྟ་ཞིབ་ཁྲོད་ནོར་འཁྲུལ་ཡོད་པའི་རྐྱེན་ཡིན་སྲིད་ལ། ཡང་ན་ད་ལྟའི་བར་དུ་མི་རྣམས་ཀྱིས་ཡང་དག་པར་རློམ་པའི་ཆོས་ཉིད་གང་དེ་ནོར་འཁྲུལ་ཡིན་སྲིད་པས། རང་བྱུང་ལས་འདས་པའི་རྒྱུ་ནི་ཡོད་པ་མ་ཡིན། གཞན་སྲོལ་རྒྱུན་གྱི་སྤྱོད་སྟངས་ལྟར་ན། རང་བྱུང་ཚན་རིག་ནི་སྐྱེ་ཁམས་ཚན་རིག་ཡིན་པར་འགྲེལ་ཆོག་པར་མ་ཟད། དངོས་ལུགས་ཚན་རིག་དང་རྫས་འགྱུར་ཚན་རིག་རིང་དུ་བཀར་ཆོག

2 ཁྱབ་ཁོངས།

(1)དངོས་ལུགས་རིག་པ།

(2)རྫས་འགྱུར་རིག་པ།

(3)སྐྱེ་དངོས་རིག་པ།

(4)གནམ་དཔྱད་རིག་པ།

(5)སའི་གོ་ལའི་ཚན་རིག

3 རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག
3_1 ཁྱད་པར།

རང་བྱུང་ཚན་རིག་ནི་དངོས་ཡོད་ཡིན་པ་དང་སྤྱི་ཚོགས་ཚན་རིག་ལ་ནི་ཁ་གཏད་ས་མི་འདྲ་བ་ཡོད་ལ། རང་བྱུང་ཚན་རིག་ལ་ཞིབ་འཇུག་གི་ཁྱབ་ཁོངས་རྒྱ་ཆེན་པོ་ལྡན་ཞིང་། དེས་ནི་རྒྱུན་པར་འཇིག་རྟེན་ནི་རང་བྱུང་གི་གོ་རིམ་དང་བསྟུན་ནས་འཁོར་སྐྱོད་བྱ་བ་ཡིན་པ་གསལ་བཤད་བྱས་ཡོད།

སྤྱི་ཚོགས་ཚན་རིག་ནི་སྤྱི་ཚོགས་བྱ་དངོས་ཀྱི་ངོ་བོ་དང་དེའི་ཆོས་ཉིད་དང་འབྲེལ་ཡོད་ཀྱི་ཚན་རིག་ལ་བྱ་བ་ཡིན་ཞིང་། ཚན་རིག་ཅན་གྱི་མིའི་རིགས་ཀྱི་སྤྱི་ཚོགས་སྣང་ཚུལ་ལ་ཞིབ་འཇུག་གི་ཚན་རིག་ཀྱང་ཡིན་པ་ནི། དཔེར་ན། སྤྱི་ཚོགས་རིག་པས་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཞིབ་འཇུག་བྱ་བ་དང་ཆབ་སྲིད་རིག་པས་ཆབ་སྲིད་དང་སྲིད་ཇུས་ལ་ཞིབ་འཇུག་བྱ་བ་ཡིན། དཔལ་འབྱོར་རིག་པས་ཐོན་ཁུངས་ཀྱི་བགོ་བཤའ་ལ་ཞིབ་འཇུག་བྱ་བ་བཅས་ཡིན་ལ། སྒྲ་ཡངས་འཇུག་གི་སྤྱི་ཚོགས་ཚན་རིག་ནི་མི་ཇུས་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་སྤྱི་མིང་ལ་གོ་བ་ཡིན།

3_2 འབྲེལ་བ།

དེང་རབས་ཚན་རིག་གི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད། ཚན་རྩལ་གསར་བརྗེ་གསར་བས་སྤྱི་ཚོགས་ཚན་རིག་གི་ཞིབ་འཇུག་ལ་ཐབས་ལམ་གསར་བ་འདོན་སྤྲོད་བྱས་པ་ཡིན་ལ། སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་ནི་ཕན་ཚུན་སིམ་པ་དང་ཕན་ཚུན་འབྲེལ་བའི་འཕེལ་རིམ་ནི་ཉིན་བཞིན་ཇེ་དྲག་ཏུ་ཕྱིན་པ་ཡིན།

4 ཞིབ་འཇུག་ཐབས་ལམ།

(1)ཚན་རིག་ཚོད་ལྟའི་ཐབས་ལམ།

(2)གྲངས་རིག་ཐབས་ལམ།

(3)མ་ལག་རང་བཞིན་གྱི་ཚན་རིག་ཐབས་ལམ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-27

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།