རང་བྱུང་ཆོས་ཉིད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རང་བྱུང་ཆོས་ཉིད་ནི་རང་བྱུང་སྣང་ཚུལ་རང་སྟེང་དུ་གྲུབ་པའི་ངོ་བོའི་འབྲེལ་བ་ཡིན་ལ། ཆ་རྐྱེན་ག་གེ་མོའི་འོག་ངོ་བོ་མི་འགྱུར་བའི་རང་བཞིན་མངོན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
自然规律
ཕྱི་ཡིག་གི་མིང་།
the order of nature
མིང་གཞན།
རང་བྱུང་ངེས་ལུགས།
1 གོ་དོན།

རང་བྱུང་ཆོས་ཉིད་ནི་མིའི་ཐེ་གཏོགས་བརྒྱུད་པ་མ་ཡིན་ལ། ཕྱི་རོལ་ཡུལ་གྱི་དངོས་པོ་རང་སྟེང་གི་འགུལ་སྐྱོད་དང་འཕོ་འགྱུར། འཕེལ་རྒྱས་བཅས་ཀྱི་ལྡོག་མེད་ཀྱི་འབྲེལ་བ་ཡིན་ཞིང་།  དེ་ལ་རང་བྱུང་ངེས་ལུགས་ཀྱང་ཟེར།

དེ་ཡང་རང་བྱུང་ཆོས་ཉིད་ནི་རང་བྱུང་ཁམས་ཀྱི་དངོས་ཡོད་བྱ་དངོས་ནང་ཁུལ་དུ་གནས་པའི་ཆོས་ཉིད་ལ་གོ་བ་ཡིན་ཞིང་། དེ་ལ་མིའི་འདོད་བློ་དང་བསྟུན་ནས་འགྱུར་བ་འབྱུང་བ་མ་ཡིན་པའི་དངོས་ཡོད་རང་བཞིན་ལྡན་ལ། དེ་ནི་མིའི་སྒྱུར་བཀོད་དང་གསར་གཏོད། རྩ་རླག་བཅས་བྱ་མི་ཐུབ་མོད། འོན་ཀྱང་བེད་སྤྱོད་བྱས་ཆོག་པ་དང་། མིའི་ལག་ལེན་གྱི་བྱ་འགུལ་དང་ཁ་བྲལ་ཡང་ནུས་པ་ཐོན་ཐུབ་པ་མ་གཏོགས། གྲལ་རིམ་གྱི་ཁེ་ཕན་ལ་ཐད་ཀར་རག་ལས་པ་མ་རེད། དེང་རབས་རང་བྱུང་ཚན་རིག་ལ་གསེད་དཀྲོལ་གྱི་ཆོས་ཉིད་རིགས་ཆེན་པོ་གཉིས་ཡོད་པ་ནི། འཕྲུལ་ཆས་ཐག་གཅོད་གཞུང་ལུགས་ཀྱི་ཆོས་ཉིད་དང་སྡོམ་རྩིས་རིག་པའི་ཆོས་ཉིད་གཉིས་ཡིན།

2 ཆོས་ཉིད་དང་བྱ་དངོས་ཀྱི་འབྲེལ་བ།
2_1 ངོ་བོའི་འབྲེལ་བ།

ཆོས་ཉིད་གང་ཞིག་ཡིན་རུང་ཚང་མ་དངོས་པོ་རང་སྟེང་གི་ཁུངས་ལུང་དང་ངོ་བོའི་འབྲེལ་བ་ཡིན།

2_2 ལྡོག་མེད་ཀྱི་འབྲེལ་བ།

ཆོས་ཉིད་གང་ཞིག་ཡིན་རུང་ཚང་མ་བྱ་དངོས་རང་སྟེང་གི་དགོས་ངེས་རང་བཞིན་དང་གཏན་འཇགས་རང་བཞིན་གྱི་འཕེལ་རིམ་ཡིན།

2_3 གཏན་འཇགས་ཀྱི་འབྲེལ་བ།

ཆོས་ཉིད་གང་ཞིག་ཡིན་རུང་ཚང་མ་སྣང་ཚུལ་རིགས་གཅིག་པའི་ལྟག་རྒྱབ་ཀྱི་སྤྱི་གཤིས་ཡིན་ལ། ཕུན་སུམ་ཚོགས་པའི་སྣང་ཚུལ་གང་དེའི་ལྟག་རྒྱབ་ཀྱི་གཏན་འཇགས་རང་བཞིན་གྱི་འབྲེལ་བ་ཡིན།

3 མངོན་སྟངས་གཙོ་བོ།

རང་བྱུང་ཆོས་ཉིད་ནི་མིའི་ལག་ལེན་གྱི་བྱ་འགུལ་དང་ཁ་བྲལ་ཡང་ནུས་པ་ཐོན་ཐུབ་པ་ནི། དཔེར་ན། ཉི་འཛིན་དང་ས་འགུལ་ལ་སོགས་པ་ལྟ་བུ། སྤྱི་ཚོགས་ཆོས་ཉིད་ཀྱི་ནུས་པ་ནི་མིའི་དམིགས་ཡུལ་ཡོད་པ་དང་འདུ་ཤེས་ཡོད་པའི་བྱ་འགུལ་བརྒྱུད་ནས་མངོན་པ་ཡིན།

རང་བྱུང་ཆོས་ཉིད་ཀྱི་ནུས་པ་ཐོན་པའི་དུས་ཡུན་ཅུང་རིང་བ་དང་སྤྱི་ཚོགས་ཆོས་ཉིད་ཀྱི་ནུས་པ་ཐོན་པའི་དུས་ཡུན་ནི་སྤྱིར་བཏང་དུ་ཐུང་བ་ཡིན།

རང་བྱུང་ཆོས་ཉིད་ནི་གྲལ་རིམ་གྱི་ཁེ་ཕན་ལ་ཐད་ཀར་རག་ལས་པ་ནི་མིན་པ་དང་། བེད་སྤྱོད་ཀྱི་དམིགས་ཡུལ་དང་ཁ་ཕྱོགས་ཀྱི་སྟེང་དུ་ད་གཟོད་གྲལ་རིམ་གྱི་རང་བཞིན་ངེས་ཅན་ཞིག་ཡོད་པ་མ་གཏོགས། གྲལ་རིམ་དང་ཚོགས་པ་མི་འདྲ་བ་ཚང་མས་རང་བྱུང་ཆོས་ཉིད་བེད་སྤྱོད་བྱས་ནས་རང་ཉིད་ལ་ཞབས་འདེགས་ཞུས་ཆོག་མོད། སྤྱི་ཚོགས་ཆོས་ཉིད་ནི་དེ་དང་མཚུངས་པ་མ་ཡིན་ལ། དེའི་རྒྱུ་མཚན་ནི་གྲལ་རིམ་གྱི་སྤྱི་ཚོགས་ཁྲོད་དུ། སྤྱི་ཚོགས་ཆོས་ཉིད་མང་ཆེ་བ་གྲལ་རིམ་མི་འདྲ་བའི་ཁེ་ཕན་ལ་ཐད་ཀར་རག་ལས་པར་མ་ཟད། དེ་དག་གི་བེད་སྤྱོད་ཀྱང་གྲལ་རིམ་འཐབ་རྩོད་ཁྲོད་མངོན་འགྱུར་བྱུང་བ་ཡིན་ཞིང་། རང་བྱུང་ཆོས་ཉིད་ལ་གྲལ་རིམ་གྱི་རང་བཞིན་མི་ལྡན་པས་གྲལ་རིམ་གྱི་ཁེ་ཕན་ལ་ཐད་ཀར་རག་ལས་པ་མ་རེད། དེའི་རྐྱེན་གྱིས་ཆོས་ཉིད་འདིའི་རིགས་མངོན་པའི་རང་བྱུང་ཚན་རིག་གི་ཤེས་བྱ་ལ་གྲལ་རིམ་རང་བཞིན་དང་མི་རིགས་རང་བཞིན། ཆབ་སྲིད་རང་བཞིན་བཅས་མི་ལྡན་པ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-27

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།