རང་བྱུང་ཁམས། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

རང་བྱུང་ཁམས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(རང་བྱུང་། )

རང་བྱུང་ཁམས།
རང་བྱུང་ནི་ཕྱི་རོལ་ཡུལ་གྱི་དངོས་པོའི་འཇིག་རྟེན་གཅིག་གྱུར་བར་ཟེར་བ་ཡིན་ཞིང་། འདུ་ཤེས་མ་ཡིན་པ་དང་འདུ་ཤེས་ལ་བརྟེན་ནས་གནས་པ་མ་ཡིན་པའི་དངོས་ཡོད་དེ་ཡིན་ལ། དེ་ནི་མིའི་རིགས་ཀྱིས་སྔ་མོ་ནས་ཤེས་རྟོགས་བྱུང་བ་དང་མིའི་རིགས་ཀྱིས་ཤེས་རྟོགས་མ་བྱུང་བའི་དངོས་པོའི་འཇིག་རྟེན་ཡིན། ཆུང་བ་ནས་རྡུལ་ཕྲ་རབ་དང་ཆེ་བ་ནས་འཇིག་རྟེན་གྱི་ཁམས་ཡིན། དེ་ཡང་རང་བྱུང་ནི་དུས་གཏན་གྱི་འགུལ་སྐྱོད་དང་འཕོ་འགྱུར། འཕེལ་རྒྱས་བཅས་ཀྱི་ཁྲོད་དུ་གནས་པ་ཡིན་ལ། དེ་ལ་ནི་མ་ལག་རང་བཞིན་དང་རྙོག་དྲ་རང་བཞིན། སྣ་མང་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་ཞིང་། མིའི་འདུ་ཤེས་ལ་ཤེས་རྟོགས་འབྱུང་དུ་འཇུག་པར་མ་ཟད་མིའི་རིགས་ཀྱི་སྒྱུར་བཀོད་ཀྱང་ཐེབས་པ་ཡིན། གཞན་རང་བྱུང་ཁམས་ཀྱི་འགྲེལ་རྒྱག་སྟངས་ལ་སྒྲ་དོག་འཇུག་དང་སྒྲ་ཡངས་འཇུག་རིགས་གཉིས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
自然界
1 གོ་དོན།
1_1 སྒྲ་ཡངས་འཇུག

སྒྲ་ཡངས་འཇུག་གི་རང་བྱུང་གི་གོ་དོན་ནི་ཕྱི་རོལ་ཡུལ་གྱི་དངོས་པོའི་འཇིག་རྟེན་ཧྲིལ་བོ་ཡིན་ཞིང་།  དེ་ལ་ནི་རང་བྱུང་ཚན་རིག་གིས་ཞིབ་འཇུག་བྱ་ཡུལ་གྱི་སྐྱེ་མེད་ཁམས་དང་སྐྱེ་ལྡན་ཁམས་གཉིས་འདུ་བར་མ་ཟད། སྤྱི་ཚོགས་ཚན་རིག་གི་ཞིབ་འཇུག་བྱ་ཡུལ་ཏེ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱང་འདུ་བ་ཡིན་ལ། མི་དང་མིའི་འདུ་ཤེས་ནི་རང་བྱུང་འཕེལ་རྒྱས་ཀྱི་ཆེས་མཐོའི་ཐོན་རྫས་ཡིན།

1_2 སྒྲ་དོག་འཇུག

སྒྲ་དོག་འཇུག་གི་རང་བྱུང་ལ་རང་བྱུང་ཁམས་ཆེན་པོ་ཡང་ཟེར་ལ། དེ་ནི་རང་བྱུང་ཚན་རིག་གི་ཞིབ་འཇུག་བྱ་ཡུལ་གྱི་སྐྱེ་མེད་ཁམས་དང་སྐྱེ་ལྡན་ཁམས་ཡིན་པ་ལས། མིའི་རིགས་ཀྱི་སྤྱི་ཚོགས་ནི་ནང་དུ་འདུ་བ་མ་ཡིན།

2 མིའི་གདོང་ཅན་གྱི་སྣང་ཚུལ།

(1)རི་བྲག་མིའི་གདོང་ཅན།

(2)འབུ་སྲིན་མིའི་གདོང་ཅན།

(3)ཉ་མོ་མིའི་གདོན་ཅན།

3 རང་བྱུང་སྣང་ཚུལ།

(1)བྱང་སྣེའི་འོད།

(2)ནུ་འབུར་སྤྲིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-09

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།