མིའི་རང་བཞིན་གྱི་རང་བྱུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མིའི་རང་བཞིན་གྱི་རང་བྱུང་།
མིའི་རང་བཞིན་གྱི་རང་བྱུང་གི་ཐད་ནས་མར་ཁེ་སིས་མི་དང་རང་བྱུང་གི་འབྲེལ་བ་རྒྱས་བཤད་ཀྱི་སྐབས་སུ། ཆེས་ཐོག་མར་བཀོལ་སྤྱོད་བྱས་པའི་བརྡ་ཆད་ཅིག་ཡིན་ལ། དེས་ནི་གོ་རིམ་ཤིག་མངོན་པའམ་དངོས་ཡོད་ཀྱི་རང་བྱུང་ཁམས་དེ་མིའི་རིགས་ཀྱི་བྱ་འགུལ་ཁྲོད་དུ་ཞུགས་པའི་བརྒྱུད་རིམ་ཡིན་ཞིང་། མི་རྣམས་འགུལ་སྐྱོད་ཀྱི་ཁོར་ཡུག་གིས་རང་བྱུང་གི་སྐྱེ་ཁམས་མ་ལག་མང་བོ་ཞིག་མིས་བཟོས་སྐྱེ་ཁམས་མ་ལག་ཏུ་བསྒྱུར་བའི་བརྒྱུད་རིམ་ཞིག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
人化自然
རྣམ་པ།
བརྡ་ཆད།
1 ངོ་སྤྲོད།

མིའི་རང་བཞིན་གྱི་རང་བྱུང་གི་ཐད་ནས་མར་ཁེ་སིས་མི་དང་རང་བྱུང་གི་འབྲེལ་བ་རྒྱས་བཤད་ཀྱི་སྐབས་སུ། ཆེས་ཐོག་མར་བཀོལ་སྤྱོད་བྱས་པའི་བརྡ་ཆད་ཅིག་ཡིན་ལ། དེས་ནི་གོ་རིམ་ཤིག་མངོན་པའམ་དངོས་ཡོད་ཀྱི་རང་བྱུང་ཁམས་དེ་མིའི་རིགས་ཀྱི་བྱ་འགུལ་ཁྲོད་དུ་ཞུགས་པའི་བརྒྱུད་རིམ་ཡིན་ཞིང་། མི་རྣམས་འགུལ་སྐྱོད་ཀྱི་ཁོར་ཡུག་གིས་རང་བྱུང་གི་སྐྱེ་ཁམས་མ་ལག་མང་བོ་ཞིག་མིས་བཟོས་སྐྱེ་ཁམས་མ་ལག་ཏུ་བསྒྱུར་བའི་བརྒྱུད་རིམ་ཞིག་ཀྱང་ཡིན། དེ་ཡང་མིའི་རང་བཞིན་གྱི་རང་བྱུང་ནི་མིའི་རིགས་ཀྱི་འགུལ་སྐྱོད་ཀྱིས་བཅོས་སྒྱུར་བྱ་ཐུབ་པའི་རང་བྱུང་ཁམས་དེ་ཡིན་ལ། དེ་ནི་མིས་བཟོས་རང་བྱུང་ཡིན། ཡང་རང་བྱུང་དེ་མིའི་རང་བཞིན་ཅན་དུ་གྱུར་བའམ་མིའི་རང་བཞིན་གྱི་རང་བྱུང་ནི་མིའི་རིགས་འགུལ་སྐྱོད་བྱས་པ་ལས་གྲུབ་པའི་རང་བྱུང་ཁམས་ཡིན་ལ། མིའི་རིགས་ཀྱི་གསར་སྐྲུན་བྱས་པའི་རང་བྱུང་ཁམས་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། རང་བྱུང་ཁམས་དེ་དོན་སྙིང་རྒྱ་ཆེན་པོའི་སྟེང་ནས་མིའི་རང་བཞིན་གྱི་རང་བྱུང་དུ་གྱུར་བའམ། མིས་བཟོས་སྐྱེ་ཁམས་མ་ལག་ཏུ་གྱུར་བ་དེའོ།།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-28

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།