ནུ་འབུར་སྤྲིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནུ་འབུར་སྤྲིན།
ནུ་འབུར་སྤྲིན་ལ་ནུ་ཏོག་དབྱིབས་ཀྱི་སྤྲིན་ཚོམ་ཡང་ཟེར་ལ། དེ་ནི་སྤྲིན་ཆར་གྱི་འོག་རིམ་དུ་གྲུབ་པའི་ནུ་ཏོག་དབྱིབས་ཀྱི་སྤྲིན་ཕུང་ཡིན་ཞིང་། མར་འབབ་པའི་རླངས་རྒྱུན་ཁྲོད་ཀྱི་དྲོད་ཚད་ཅུང་འཁྱག་པའི་མཁའ་དབུགས་དང་རླངས་རྒྱུན་ཁྲོད་ཀྱི་དྲོད་ཚད་ཅུང་དྲོ་བའི་མཁའ་དབུགས་གཉིས་ཕན་ཚུན་འཕྲད་པ་ན། ཁུག་མའི་དབྱིབས་དང་མཚུངས་པའི་ནུ་འབུར་སྤྲིན་གྲུབ་པ་ཡིན། ཡང་ནུ་འབུར་སྤྲིན་ནི་རང་བྱུང་ཁམས་ཀྱི་ཤིན་ཏུ་མཐོང་དཀོན་པའི་རང་བྱུང་སྣང་ཚུལ་རིགས་ཤིག་ཡིན་པ་དང་། མི་རྣམས་ཀྱིས་དེ་ནི་ཐོག་ཆར་དང་མེ་ལྕེ། གླིང་སྣེའི་འོད། རླབས་དམར། འཁྱག་རོམ་སོགས་དང་འདྲ་བར་འདོད་པ་ཡིན་ལ། དེའི་ཁྱད་མཚར་བའི་ཕྱིའི་རྣམ་པ་དེ་མི་རྣམས་ཀྱིས་མཐོང་བའི་རྗེས་སུ། མི་འགྱངས་པར་རླུང་འཚུབ་དྲག་པོའམ་ཐོག་ཆར་དྲག་པོ་ཐོན་པར་འདོད་ཅིང་། དྲ་ཚིགས་འགའ་ཤས་སུ་ནུ་འབུར་སྤྲིན་གྱི་བྱུང་བ་ར་སྤྲོད་བྱས་ཡོད་མོད། འོན་ཀྱང་དྲ་ཚིགས་མང་ཆེ་བས་དེ་ནི་སྤྱིར་བཏང་དུ་དྲག་ཆར་གྱི་རྗེས་སུ་འབྱུང་བ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
乳状云
ཕྱི་ཡིག་གི་མིང་།
Mammatus Clouds
རྣམ་པ།
རང་བྱུང་སྣང་ཚུལ།
1 གྲུབ་རྐྱེན།

སྤྱིར་བཏང་ལ་སྤྲིན་ཞབས་ནི་ངོས་སྙོམས་པ་ཡིན་ལ། དེ་ནི་བཞའ་ཚན་ཅན་གྱི་མཁའ་དབུགས་དྲོན་མོ་མཐོ་རུ་ཕྱིན་པའི་རྐྱེན་གྱིས། འཁྱག་པས་བསྡམས་པ་དང་དྲོད་ཚད་ག་གེ་མོ་དེ་ངེས་གཏན་གྱི་མཐོ་ཚད་ག་གེ་མོའི་འོག  གོང་བུ་གཅིག་ཏུ་དྲིལ་ནས་ཆུ་ཐིགས་སུ་གྱུར་བ་དང་། ཆུ་ཐིགས་སུ་གྱུར་རྗེས་མཁའ་དབུགས་དེ་དག་ཀྱང་འོད་ཕྱི་ལ་འཕྲོ་མི་ཐུབ་པའི་སྤྲིན་དུ་འགྱུར་བ་ཡིན་ཞིང་། དེའི་རྐྱེན་གྱིས་གནས་ཚུལ་ག་གེ་མོའི་འོག  ཆུ་ཐིགས་དེ་ཆུ་ཐིགས་ཆེན་པོའམ་སྤྲིན་གྱི་རིལ་བུ་ཡོད་པའི་སྤྲིན་ཚོམ་དུ་འགྱུར་བ་ཡིན་པར་མ་ཟད། ཆུ་ཐིགས་ཆེན་པོའམ་སྤྲིན་གྱི་རིལ་བུ་དེ་དག་མར་འབབ་པའི་གོ་རིམ་ཁྲོད་དུ། ཚ་དྲོད་མང་ཆེ་བ་ཟད་འགྲོ་བ་དང་། མར་འབབ་པའི་རླངས་རྒྱུན་འབྱུང་བ་ཡིན།

2 ལྟ་ཞིབ་ཟིན་ཐོ།

སྤྱི་ལོ2013ལོའི7པའི་ཚེས22ཉིན་གྱི་མཚན་མོར། ཨ་མེ་རི་ཁའི་སྨི་ཞེ་ཀིན་ཀྲོའུ་ཨའེ་ཨེན་ཉེ་འཁོར་གྱི་བར་སྣང་དུ་ཤིན་ཏུ་མཐོང་དཀོན་པའི་ནུ་འབུར་སྤྲིན་བྱུང་ཞིང་། དེ་ནི་ཧ་ཅང་མཛེས་སྡུག་ལྡན་པ་དང་མིག་དབང་རབ་ཏུ་འཕྲོག་པ་ཞིག་ཡིན།

སྤྱི་ལོ2014ལོའི་ཟླ11པར། ཨ་མེ་རི་ཁའི་ལ་སི་ཅ་ཀྲོའུ་ནས་ཐོན་པའི་དྲག་རླུང་མྱུལ་ཞིབ་པMike Hollingsheadཡིས་མི་རྣམས་ཀྱིས་རློམ་པར་དཀའ་བའི་སྤྲིན་གྱི་ཝུ་བའི་འདྲ་པར་ཁག་ཅིག་བརྒྱབ་ཡོད་ལ། རྒྱུས་ལོན་བྱུང་བ་ལྟར་ན། འཇའ་སྤྲིན་དེའི་རིགས་ལ་ནུ་འབུར་སྤྲིན་ཞེས་ཟེར་ཞིང་། དེ་ནི་ཐོག་ཆར་བབས་པའི་རྗེས་སུ་མ་གཏོགས་མི་འབྱུང་བའི་ཤིན་ཏུ་མཐོང་དཀོན་པའི་འཇའ་སྤྲིན་རིགས་ཤིག་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-27

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།