གྲོ་ཞིང་རིས་མཚར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲོ་ཞིང་རིས་མཚར།
གྲོ་ཞིང་རིས་མཚར་ནི་གྲོ་ཞིང་ངམ་ནས་ཞིང་སོགས་ཀྱི་སྟེང་དུ་ཡོད་པའི་རི་མོའི་རིགས་ཤིག་ཡིན་ལ། དེ་ནི་རྒྱུ་རྐྱེན་གང་ཞིག་གི་དབང་གིས་གྲོ་ཞིང་གི་སྟེང་དུ་རི་མོ་བཏོད་པ་ལྟ་བུ་དེ་ལ་ཟེར་ཞིང་། གྲོ་ཞིང་གི་སྟེང་དུ་ཡོད་པའི་རི་མོའི་སར་གཞུང་རྟ་ཡོད་ཚད་ཕྱོགས་གཅིག་ཏུ་འགྱེལ་བ་དང་། གཞུང་རྟའི་ཚིགས་ཀྱི་མཚམས་སུ་མེས་ཚིག་པའི་རྗེས་ཤུལ་ཡོད་པ་དེ་ནི་མི་རྣམས་ཀྱིས་རྒྱུ་རྐྱེན་གང་རུང་ལ་བརྟེན་ནས་བཟོ་ཐུབ་པ་ཞིག་མ་ཡིན། མ་ཧྲན་ལི་ཀུང་སློབ་གླིང་གི་སློབ་མ་སྐོར་ཞིག་གིས་རང་གིས་གསར་གཏོད་བྱས་པའི་ལག་ཆ་བེད་སྤྱོད་བྱས་ནས། སྣང་ཚུལ་འདིའི་རིགས་ཇི་ལྟར་བྱུང་བར་ཞིབ་འཇུག་བྱས་པ་ཡིན་མོད། འོན་ཀྱང་དེའི་ཐད་ནས་གྲུབ་འབྲས་བཟང་བོ་ཞིག་མ་ལོན་པར་མ་ཟད། ད་ལྟའི་བར་དུ་སྣང་ཚུལ་དེ་ནི་ཇི་ལྟར་བྱུང་བའམ་ལག་ཆ་གང་ཞིག་བེད་སྤྱད་ནས་བཟོས་པར་བདེན་ཁ་རྙེད་མེད། གཞན་གྲོ་ཞིང་རིས་མཚར་གྱིས་ནི་གོ་ལ་གཞན་པའི་མི་ཡོད་པར་སྨྲ་བའི་མི་དག་ལ་རྒྱུ་ཆ་མི་ཉུང་བ་མཁོ་སྤྲོད་བྱས་ཡོད་པར་མ་ཟད། གློག་བརྙན་ཞིག་གི་ནང་དུ་གྲོ་ཞིང་རིས་མཚར་དང་གོ་ལ་གཞན་པའི་མི་གཉིས་གཞི་གཅིག་ཏུ་སྦྲེལ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
麦田怪圈
ཕྱི་ཡིག་གི་མིང་།
Crop Circle
1 གྲུབ་རྐྱེན།
1_1 མིས་བཟོས།

མི་མང་ཆེ་བ་ཞིག་གིས་གྲོ་ཞིང་རིས་མཚར་ཞེས་པ་དེ་ནི་མི་ལ་ལ་ཞིག་གིས་བཟོས་པར་འདོད་དེ། དབྱིན་ཇིའི་ཚན་རིག་པ་ཨན་ཏེ་ལུའོ་ཡིས་ལོ་ངོ17རིང་གི་བརྟག་དཔྱད་ཞིབ་འཇུག་བརྒྱུད་ནས། གྲོ་ཞིང་རིས་མཚར10%ནི་མིས་བཟོས་ཀྱི་ཁོངས་སུ་གཏོགས་པར་འདོད།

1_2 གོ་ལ་གཞན་པའི་མིས་བཟོས་པ།

མི་མང་ཆེ་བས་གྲོ་ཞིང་རིས་མཚར་ཕལ་ཆེ་བ་ནི་ཞག་གཅིག་གི་ནང་དུ་གྲུབ་པ་ཡིན་པས། དེ་ནི་གོ་ལ་གཞན་པའི་མིས་བཟོས་པ་ཡིན་པར་འདོད།

1_3 རང་བྱུང་གིས་གྲུབ་པ།

མི་ལ་ལ་ཞིག་གིས་གྲོ་ཞིང་རིས་མཚར་ནི་རང་བྱུང་གི་སྣང་ཚུལ་ཞིག་ཡིན་པར་འདོད་པ་ལས། མིག་སྔར་དེའི་གྲུབ་རྐྱེན་ཅི་ཞིག་ཡིན་པ་ནི་ཤེས་རྟོགས་བྱུང་མེད་ཅིང་།  དེ་ལ་ཡང་བཤད་ཚུལ་མི་འདྲ་བ་ཁ་ཤས་ཡོད་པ་ནི།  འབྲུག་རླུང་འཁོར་སྨྲ་བ་དང་རྡོ་ཁབ་ལེན་གྱི་ནུས་ཤུགས་ཁྱབ་ཡུལ་སྨྲ་བ། སྔོན་བརྡ་སྨྲ་བ། འགྱེད་འཕྲོ་མཐོན་པོ་སྨྲ་བ་བཅས་ཡིན།

2 དབྱེ་བ།

(1)རྩྭའི་རིས་མཚར།

(2)པད་ཁའི་རིས་མཚར།

(3)གྲོའི་རིས་མཚར།

(4)སོ་བའི་རིས་མཚར།

(5)མ་རྨོས་ལོ་ཏོག་གི་རིས་མཚར།

(6)འཁྱག་རོམ་གྱི་རིས་མཚར།

(7)བྱེ་ཐང་གི་རིས་མཚར།

3 ཁྱབ་ཁོངས།

(1)དབྱིན་ཇི།

(2)འཇར་མན།

(3)ཧོ་ལན།

(4)ཧིན་རྡུ་ཉི་ཞི་ཡ།

(5)ཀྲུང་གོ།

(6)ཨ་ཧྥེ་རི་ཁ་ལྷོ་མ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-27

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།