སྙིང་། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

སྙིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(རང་བྱུང་ཁམས།)

སྙིང་།
སྙིང་ནི་མི་དང་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་གཟུགས་པོའི་ཁྲོད་ཀྱི་དབང་བོ་ཆེས་གལ་ཆེ་བ་དེ་ཡིན་ལ། བྱེད་ནུས་གཙོ་བོ་ནི་གནོན་ཤུགས་མཁོ་འདོན་བྱ་བ་དེ་ཡིན་ཞིང་། ཁྲག་གི་རྒྱུ་བ་ལུས་ཀྱི་ཆ་ཤས་ཡོངས་སུ་འཁོར་རྒྱུག་གི་ཕན་ནུས་ཐོན་པ་ཡིན། མིའི་རིགས་ཀྱི་སྙིང་ནི་བྲང་ཁོག་དཀྱིལ་གྱི་གཡོན་གྱི་ཆར་གནས་པ་དང་། རྒྱ་ཁྱོན་ནི་མི་ཞིག་གི་ཁུ་ཚུར་གྱི་ཆེ་ཆུང་ཙམ་ཞིག་ཡིན་ལ། ལྗིད་ཚད་ནི་ཕལ་ཆེར་ཁེ350ཙམ་ཡིན་མོད། འོན་ཀྱང་སྐྱེས་མའི་སྙིང་ནི་སྐྱེས་པའི་སྙིང་ལས་ཆུང་ཞིང་། ལྗིད་ཚད་ཀྱི་ཆ་ནས་ཀྱང་སྐྱེས་པའི་སྙིང་ལས་ཡང་བ་ཡིན། ཡང་མིའི་སྙིང་ནི་ཁམ་བུའི་དབྱིབས་དང་མཚུངས་ལ། གློ་བ་གཉིས་བར་གྱི་གཡོན་གྱི་ཆར་གནས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
心脏
ཕྱི་ཡིག་གི་མིང་།
heart
རིང་ཚད།
ལི་སྨི་བཅོ་ལྔ།
ལྗིད་ཚད།
ཁེ་སུམ་བརྒྱ།
1 སྙིང་ཁམས་མི་བདེ་བ།

(1)དབུགས་ཀྱི་འབྱིན་རྔུབ་ལ་དཀའ་ཁག་ཆེན་པོ་ཡོད་ཅིང་། དང་ག་ན་བ་དང་ཟུག་གཟེར་དྲག་པོ་ལངས་པར་མ་ཟད། ཟུག་གཟེར་ལངས་པའི་དུས་ཡུན་ནི་ཧ་ཅང་ཐུང་ལ། ཟུག་གཟེར་ལངས་པ་ན་སྐར་ཆ་འགའི་དུས་ཡུན་ནང་དུ་ན་ཟུག་འཇགས་འགྲོ་བ་དང་། དུས་ཡུན་ཆེས་རིང་ན་ཡང་སྐར་མ1གི་དུས་ཡུན་བརྒལ་མི་སྲིད།

(2)ཧ་ཅང་ཚབས་ཆེ་བའི་སྐབས་སུ་བྲང་ཁོག་ན་བ་ནས་སྒལ་གཞུང་ངམ་སོག་པའི་སར་ན་བ་ཡིན་ལ། དུས་ཡུན་ནི་ཟླ་ཕྱེད་ཙམ་གྱི་ནང་དུ་ཐེངས་རེར་ན་ཞིང་། ན་བའི་དུས་ཡུན་ཅི་འདྲའི་ཐུང་ན་དེ་བཞིན་དུ་ཚབས་ཇེ་ཆེ་རུ་འགྲོ་བ་ཡིན།

(3)སྙིང་ཁམས་མི་བདེ་བ་ཡིས་ལག་པ་གཡོན་པ་ན་བ་དང་སྦྲིད་པ་སོགས་ཀྱི་སྣང་ཚུལ་འབྱུང་བ་ཡིན་ལ། རྒྱུ་མཚན་སྙིང་རྩ་དང་ལག་པའི་དབང་རྩ་ནི་ཕན་ཚུན་སྦྲེལ་ནས་ཡོད་པས་ཡིན།

(4)སྙིང་ཁམས་མི་བདེ་བ་ཡིས་སྐེ་ཚིགས་ན་ནས་རེངས་པར་འགྱུར་བ་ཡིན།

2 དབུགས་འཚང་བ།

དབུགས་འཚང་བ་ནི་སྙིང་ཤུགས་ཞན་པར་གྱུར་བའི་རྒྱུན་མཐོང་གི་ནད་རྟགས་རིགས་ཤིག་ཡིན་ཞིང་། དེ་ནི་གཤེར་ཁུ་ཕྱི་རུ་བལྟམས་ནས་གློ་བར་ཞུགས་པའི་འབྲས་བུ་ཡིན་པ་དང་། གློ་བ་ཁྲག་རྒྱས་དང་གློ་བ་ཆུ་སྐྲངས་སུ་འབོད་པ་ཡིན།  

སྙིང་ཤུགས་ཞན་པར་གྱུར་བའི་སྔ་མའི་དུས་སྐབས་སུ་ལུས་ཤུགས་ངལ་རྩོལ་གྱི་སྐབས་ཁོ་ནར་དབུགས་འཚང་བ་ཡིན་མོད། འོན་ཀྱང་སྙིང་ཤུགས་ཞན་པར་གྱུར་བ་ཚབས་ཇེ་ཆེ་རུ་ཕྱིན་པ་ན། འགུལ་སྐྱོད་ཅུང་ཙམ་བྱས་ཀྱང་དབུགས་འཚང་སྲིད་པ་ཡིན།

3 ཐང་ཆད་པ།

སྙིང་གི་ཁྲག་འདོན་གྱི་ནུས་པ་ཞན་པར་གྱུར་བའི་ཚེ་ན། འགུལ་སྐྱོད་ཀྱི་སྐབས་སུ་ཁྲག་གི་འཁོར་རྒྱུག་གིས་མ་འདང་བས། ཐང་ཆད་པའི་ཚོར་བ་འབྱུང་བ་ཡིན་མོད། འོན་ཀྱང་ནད་རྟགས་དེའི་རིགས་ནི་རྒྱུན་པར་ཤེས་རྟོགས་འབྱུང་དཀའ་བ་ཞིག་ཡིན།

4 མགོ་ཡོམ་འཁོར་བ།

སྙིང་གི་ལྡིང་ཚད་རྒྱུན་ལྡན་མ་ཡིན་པ་དང་མཚམས་ཚིགས་འཁྲུགས་པ། ཁྲག་འདོན་གྱི་ནུས་པ་ཞན་པར་གྱུར་བའི་རྐྱེན་གྱིས་མགོ་ཡོམ་འཁོར་བ་ཡིན། ནད་རྟགས་དེའི་རིགས་ཀྱིས་ ཀླད་པའམ་རྒྱུངས་པའི་ནད་གཞི་བསྐྱེད་པ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-08

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།