བསམ་བསེའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བསམ་བསེའུ།
བསམ་བསེའུ་ལ་ཁམས་དཀར་སྣོད་ཀྱི་གཤེར་རྨེན་ཡང་ཟེར་ཞིང་། དབྱིབས་ནི་འཇོང་འཇོང་དང་སྣོད་ཀྱི་ཚུགས་ཀའི་དབང་བོ་ཞིག་ཡིན་ལ། ལྒང་བའི་ཞབས་ཀྱི་རྒྱབ་ལོགས་སུ་གནས་པ་དང་ཁམས་དཀར་འདྲེན་སྦུག་གི་ཕྱི་ངོས་སུ་ཡོད་ཅིང་། གཡས་གཡོན་གཉིས་སུ་གཅིག་རེ་ཡོད། དེ་ཡང་བསམ་བསེའུ་ནས་ཟགས་པའི་གཤེར་ཁུས་ཁམས་དཀར་གྱི་ཆ་ཤས་གྲུབ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
精囊
ཕྱི་ཡིག་གི་མིང་།
seminal vesicle
1 ངོ་སྤྲོད།

མི་དར་མའི་བསམ་བསེའུ་ཡི་གཤེར་རྨེན་ནི་འཆུས་ཀྱོག་གི་རྨེན་སྣོད་དམ་རྨེན་སྦུག་དེ་ཡིན་ལ། ཁམས་དཀར་འདྲེན་སྦུག་དང་སྦྲེལ་ཡོད་ཅིང་། གཤེར་རྨེན་རེ་རེ་ནི་ཧ་ཅང་ཀྱག་ཀྱོག་ཡིན། ཡང་བསམ་བསེའུ་ཡི་གཤེར་རྨེན་ནི་འབྱར་སྐྱི་དང་སྐྱི་པགས། ཕྱིའི་སྐྱི་པགས་བཅས་ཀྱིས་གྲུབ་པ་ཡིན།

2 ནད་གཞི།
2_1 བསམ་བསེའུ་སྟོང་བ།

སྤྱིར་བཏང་ལ་ལྷན་སྐྱེས་ཀྱི་བསམ་བསེའུ་སྟོང་བའི་ནད་ནི་ནད་དེ་རྐྱང་བར་འབྱུང་བ་ཞིག་མ་ཡིན་པར། རྒྱུན་པར་ཁམས་དཀར་འདྲེན་སྦུག་སྟོང་བའི་ནད་དང་བསྡོངས་ནས་འབྱུང་བའམ། ཁམས་དཀར་འདྲེན་སྦུག་གི་མཇུག་ཁ་གདང་པ་དེ་ཡིན། ཡང་ཕྱོགས་གཉིས་ཀྱི་བསམ་བསེའུ་སྟོང་བའི་མི་ལ་ཕྲུ་གུ་བསྐྱེད་པའི་ནུས་པ་མི་ལྡན་པ་དང་། ཕྱོགས་གཅིག་གི་བསམ་བསེའུ་སྟོང་བའི་མི་ནི་ནད་ཐོག་སྨན་བཅོས་ཀྱི་མངོན་སྟངས་ཁྲོད་རྙོག་འཛིང་ཆེ་བར་སྣང་ལ། བརྟག་དཔྱད་གསལ་བོ་བྱས་པ་ལས་གཏན་འཁེལ་བྱ་དགོས་ཤིང་། དེ་ལའང་ཕྲུ་གུ་བསྐྱེད་པའི་ནུས་པ་མི་ལྡན་པ་ཡོད་སྲིད།

2_2 བསམ་བསེའུ་ཤ་སྐྲན།

བསམ་བསེའུ་ཤ་སྐྲན་གྱིས་ཕྲུ་གུ་མི་བསྐྱེད་པའི་སྣང་ཚུལ་འབྱུང་བ་ཡིན་ལ། དུས་ཡུན་རིང་བོའི་རྒྱུན་རིང་རང་བཞིན་གྱི་བསམ་བསེའུ་ཤ་སྐྲན་གྱིས་བསམ་བསེའུ་རྙིད་པའི་ནད་གཞིའང་བསྐྱེད་སྲིད་ཅིང་། དེའི་བྱེད་ནུས་ཞན་པར་འགྱུར་བ་ཧ་ཅང་ཚབས་ཆེན་ཡིན་པར་མ་ཟད། ཕྲུ་གུ་བསྐྱེད་པའི་ནུས་པ་ཡང་ཞན་པར་འགྱུར་བ་ཡིན། ཡང་ནད་པ་ལ་ལར་རྒྱུན་རིང་རང་བཞིན་གྱི་རླིག་རིལ་ཟུར་མའི་གཉན་ཚད་བྱུང་ནས། ཁམས་དཀར་ཕྱིར་འདྲེན་པར་གནོད་སྐྱོན་ཐེབས་པ་ཡིན། གཞན་གཅིན་གཏང་དཀའ་བ་ནི་ཤ་སྐྲན་གྱིས་ལྒང་བའི་སྐེ་དང་གཅིན་ལམ་མནན་པ་ཡིས་བསྐྱེད་པ་ཡིན་ལ། གཅིན་གཏང་དཀའ་བའི་ཚད་ནི་ཤ་སྐྲན་གྱི་ཆེ་ཆུང་དང་གནས་ཡུལ་ལ་འབྲེལ་བ་དམ་པོ་ཡོད།

2_3 བསམ་བསེའུ་གཉན་ཚད།

བསམ་བསེའུ་གཉན་ཚད་ཀྱིས་སྐྱེས་པར་ཕྲུ་གུ་བསྐྱེད་མི་ཐུབ་པའི་ནད་འབྱུང་བ་ཡིན་ལ། གཙོ་བོ་གཤམ་གསལ་གྱི་ཕྱོགས་འགའ་ཡིན།

ཁམས་དཀར་ཁྲོད་དུ་འཚོ་བཅུད་ཀྱི་ཆ་ངེས་ཅན་ཞིག་ལྡན་པས། ཁུ་བ་གསོ་བ་དང་ཁུ་བའི་འགུལ་སྐྱོད་ཀྱི་རམ་འདེགས་ལ་ཕན་པར་མ་ཟད། སྐྱུར་རྫས་ཉུང་ངུ་ཞིག་ཀྱང་འདུ་བ་ཡིན་ཞིང་། གལ་ཏེ་བསམ་བསེའུ་ལ་གཉན་ཚད་རྒྱས་པ་ཡིན་ན། ཁམས་དཀར་ཁྲོད་དུ་འབུ་ཕྲ་འབྱུང་སྲིད་པ་དང་། ཡང་འབུ་ཕྲས་ཁམས་དཀར་ཁྲོད་ཀྱི་འཚོ་བཅུད་ཀྱི་ཆ་ཁྱུར་མིད་གཏང་སྲིད་པ་ཡིན་ལ། ལུས་ཀྱི་དབྱང་རླུང་བཅོམ་ནས་ཕྲུ་གུ་བསྐྱེད་པའི་ནུས་པ་ཞན་པར་འགྱུར་བ་ཡིན།

ཁམས་དཀར་རྒྱུན་ལྡན་ཡིན་ན་སྐྱུར་རྫས་ཀྱི་ཚད་ནི7-9ཡི་བར་ཡིན་པ་དང་། ཁུ་བ་ནི་དེ་འདྲའི་ཁོར་ཡུག་ཏུ་འགུལ་སྐྱོད་བྱ་བ་ཡིན་ལ། བསམ་བསེའུ་གཤེར་རྨེན་གྱི་གཉན་ཚད་རྒྱས་པའི་སྐབས་སུ་སྐྱུར་རྫས་རིགས་དེ་མང་དུ་སོང་ནས་ཁུ་བ་སྔ་མོ་ནས་ནུས་མེད་དུ་འགྱུར་བ་ཡིན།

བསམ་བསེའུ་གཉན་ཚད་རྒྱས་པའི་སྐབས་སུ་ཁུ་བའི་ཁྲོད་དུ་འབུ་ཕྲ་ཡོད་ལ། ཁྲག་རིལ་དཀར་བོ་ཡང་མང་དུ་ཡོད་པར་མ་ཟད། དེའི་ནང་དུ་རྣག་ཀྱང་འདྲེས་ཡོད།

བསམ་བསེའུ་གཉན་ཚད་རྒྱས་པའི་སྐབས་སུ་ཁམས་དཀར་ཟགས་པའི་ཚད་ཉུང་དུ་སོང་བ་དེ་ཡིས། ཁུ་བ་འཚོ་བར་གནོད་པ་ཐེབས་པ་ཡིན་ལ། སྐབས་ལ་ལར་ཁམས་དཀར་ཀྱི་ཚད་མང་དུ་སོང་བ་ཡིས་ཁུ་བའི་ཚད་ཉུང་དུ་ཕྱིན་ནས། ཕྲུ་གུ་བསྐྱེད་པ་ལ་ཡང་གནོད་སྐྱོན་ཐེབས་པ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-25

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།