ཕོ་བ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཕོ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དོན་སྣོད་ཅིག)

ཕོ་བ།
ཕོ་བ་ནི་ཟས་འཇུ་སྦུ་གུ་ཆེ་རུ་ཕྱིན་པའི་ཆ་ཡིན་ལ། བྲང་ཁོག་སྨད་ཀྱི་ཆར་གནས་ཤིང་། འགོ་ནས་མིད་པར་མཐུད་པ་དང་། མཇུག་ཏུ་རྒྱུ་ནག་ལ་མཐུད་ཡོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
ཕྱི་ཡིག་གི་མིང་།
stomach
1 མཉམ་འཇོག་བྱ་ཡུལ།

ཕོ་བར་ཟུག་གཟེར་བསྐྱེད་བྱའི་ཟས་སོགས་མང་དུ་མི་བཟའ་བ་སྟེ། དཔེར་ན། ཆང་ངར་ཆེན་དང་འཚིག་ཇ་མངར་མོ། སྒོག་པ་རློན་པ་སོགས་ཕོ་བར་གནོད་པའི་ཟས་ཀྱི་རིགས་ལྟ་བུ། ཡང་སྲ་དྲགས་པ་དང་སྐྱུར་ཆེ་བ། ཁ་ཚ། འཁྱག་ཟས། ཚ་ཤས་ཆེ་བའི་ཟས་ཀྱི་རིགས་ཀྱང་ཉུང་དུ་བཟའ་བ།

འཚོ་བཅུད་འཛོམས་པའི་ཟས་ཀྱི་རིགས་ལ་སྤྱད་པ་དང་། སྤྲི་དཀར་བཅུད་ཅན་གྱི་ཟས་རིགས་སམ་ཟས་རིགས་སྙི་མོའི་སྐོར་མང་དུ་བཟའ་བ་ནི། དཔེར་ན། འོ་མ་དང་སྲན་ཞོ། ལ་སེར་ལ་སོགས་པ་ལྟ་བུ་ཡིན་ལ། ཟས་ཟ་སྐབས་ཞིབ་བུར་ལྡད་ནས་དལ་མོར་མིད་པར་གོམས་པ་བྱ་རྒྱུ།

ཟ་འཐུང་ཆོས་ཉིད་དང་ལྡན་པར་བྱ་དགོས་ལ། ཟས་ཟ་ཡུན་དང་ཟ་མའི་མང་ཉུང་ལ་ཚོད་འཛིན་བྱ་དགོས་པར་མ་ཟད། ཟས་ཟ་བའི་སྐབས་སུ་ཟས་ཚོད་ཕོ་བས་མི་ཟིན་པའི་ཚད་ཀྱིས་མི་བཟའ་བ་དང་། ལྷག་པར་དུ་དགོང་ཟས་ཉུང་ངུ་ལས་བཟའ་མི་རུང་ལ། དགོང་ཟས་ལ་རོལ་རྗེས་མྱུར་བར་མལ་དུ་མི་ཉལ་བ་བཅས་ལ་འབད་དགོས་ཤིང་། བཟའ་བཏུང་གི་གོམས་གཤིས་ལེགས་པོ་ཞིག་ཆགས་པར་བྱས་ན། ཕོ་བའི་གནོན་ཤུགས་ཀྱང་ཆུང་དུ་འགྲོ་བ་ཡིན།

2 སྔོན་འགོག

ཟ་འཐུང་ཆོས་ཉིད་དང་ལྡན་པར་བྱ་དགོས་ལ། ཟས་ཟ་ཡུན་དང་ཟ་མའི་མང་ཉུང་ལ་ཚོད་འཛིན་བྱ་དགོས་པར་མ་ཟད། ཟས་ཟ་བའི་སྐབས་སུ་ཟས་ཚོད་ཕོ་བས་མི་ཟིན་པའི་ཚད་ཀྱིས་མི་བཟའ་བ། ཡང་སྐྱུར་ཆེ་བ་དང་ཁ་ཚ་སོགས་ཕོ་བར་ཟུག་གཟེར་བསྐྱེད་བྱའི་ཟས་ཀྱི་རིགས་ཉུང་དུ་བཟའ་བ་དང་། ཟས་རློན་དང་ཟས་འཁྱག་སོགས་འཇུ་སྟོབས་ཞན་པའི་ཟས་ཀྱི་རིགས་མི་བཟའ་བ། གཞན་ཟས་ཟ་སྐབས་ཞིབ་བུར་ལྡད་ནས་དལ་མོར་མིད་པ་སྟེ། ཟ་མ་དང་མཆིལ་མ་འདྲེས་མར་མིད་པ་ཡིས་ཕོ་བའི་འཇུ་སྟོབས་ལ་ཕན་པར་མ་ཟད། ཕོ་བར་ཟུག་གཟེར་མི་བསྐྱེད་པ་ལ་ཡང་ཕན་པ་ཆེན་པོ་ཡོད།

དེ་ཡང་ཕོ་ནད་བྱུང་ཟིན་པའི་མི་ལ་མཚོན་ན། ཟ་འཐུང་གི་སྐོར་ནས་ལྷག་ཏུ་མཉམ་འཇོག་བྱ་དགོས་ལ། དུས་ཚོད་གཏན་འཁེལ་གྱིས་ཟ་མ་བཟའ་བ་དང་། ཉིན་རེར་དུས་ཚོད་གཏན་འཁེལ་བྱས་ནས་ཟ་མ་ཐེངས5-6ལ་ཟོས་ན་བཟང་ལ། ཟ་མ་ཉུང་ངུ་ཟོས་པ་ཡིས་ཕོ་བར་ཡང་གནོན་ཤུགས་ཆེན་པོ་ཡོད་པ་མ་ཡིན། ཡང་ཟ་མ་ཉུང་དུ་བཟའ་བ་དང་ཟས་ཐུན་མང་དུ་གཏང་དགོས་ཤིང་། ནད་པ་ལྕི་མོའི་སྐོར་གྱིས་རབ་ཡིན་ན་འཚོ་བཅུད་འཛོམས་པ་དང་འཇུ་སྟོབས་ཅན་གྱི་ཟས་བཟའ་བ་སྟེ། དཔེར་ན། ཕྱེ་ཐུག་དང་འབྲས་ཁུ། འོ་མ་ལ་སོགས་པ་ལྟ་བུ། གཞན་ཆ་རྐྱེན་འཛོམ་ན་སྦྲང་རྩི་མང་དུ་བཟའ་བ་སྟེ། དེ་ཡིས་བད་ཀན་སྨུག་པོའི་ནད་སོས་པར་ཤིན་ཏུ་ཕན།

ཕོ་བར་ཟུག་གཟེར་བསྐྱེད་བྱའི་སྨན་གྱི་རིགས་མང་དུ་མི་བཏུང་བ་དང་། རྒྱུན་པར་སྨན་དེའི་རིགས་མང་དུ་འཐུངས་པ་ཡིས་ཕོ་བའི་གཉན་ཚད་དང་བད་ཀན་སྨུག་པོའི་ནད་གཞི་བསྐྱེད་སྲིད་པ་ཡིན། ཡང་དུ་བའི་ཁྲོད་དུ་ཕོ་བར་ཟུག་གཟེར་བསྐྱེད་བྱའི་རྫས་འགྱུར་རིགས་ཤིག་ཡོད་པས། ཐ་མག་མང་དུ་བརྔུབས་ན་མཁྲིས་ཁུ་ཕྱིར་ཕོ་བ་ཡིན་ཞིང་། གཞན་ཆང་ངར་ཆེན་གྱི་རིགས་འཐུངས་པ་ཡིས་ཕོ་བར་ཁྲག་རྒྱས་པ་དང་ཆུ་སྐྲངས་སུ་འགྱུར་བ། ཐེད་ནས་རལ་བ་སོགས་རྒྱུན་རིང་རང་བཞིན་གྱི་ཕོ་བའི་གཉན་ཚད་ཀྱི་ཚད་མཐོ་རུ་འགྲོ་བ་ཡིན། དེ་བས་ཆང་དང་ཐ་མག་ལ་མི་སྤྱད་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན།

དུས་རྒྱུན་དུ་སེམས་ཁམས་སྐྱིད་པོ་ཡོང་བ་བྱ་དགོས་ཤིང་། ཕོ་བ་བདེ་ཐང་ཡིན་མིན་ནི་མིའི་སེམས་ཁམས་དང་འབྲེལ་བ་ཆེན་པོ་ཡོད་ལ། རྒྱུན་པར་འཚུབ་ཆ་ལངས་པ་དང་འཇིགས་སྣང་སྐྱེས་པ། སེམས་སྡུག་བྱས་པ་སོགས་ཀྱིས་ཀླད་པའི་སྐྱི་པགས་ཀྱི་བྱེད་ནུས་ཉམས་པར་འགྲོ་སྲིད་པས། དབང་རྩའི་བྱེད་ནུས་འཁྲུགས་པ་ཡིས་ཕོ་བའི་གཉན་ཚད་དང་བད་ཀན་སྨུག་པོའི་ནད་གཞི་བསྐྱེད་པ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-10-24

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།