སེང་གཤོང་བཟོ་རིག་སྒྱུ་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སེང་གཤོང་བཟོ་རིག་སྒྱུ་རྩལ།
བསྟན་པ་སྔ་དར་གྱི་དུས་སུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་དྲིན་ལས་གངས་རིའི་ལྗོངས་འདིར་རྒྱལ་བསྟན་དར་བ་ནས་བཟུང་བཟོ་རིག་རྒྱ་ཆེན་དར། ཡང་སྒོས་རེབ་གོང་སྒྱུ་རྩལ་གྱི་ལྟེ་གནས་སེང་གཤོང་སྒྱུ་རྩལ་ནི། སྟོད་དབུས་གཙང་གི་གདུང་རྒྱུད་འཁྲུལ་མེད་སེང་གཤོང་གི་མེས་པོ་སྐྱང་ཚའི་དམག་དཔོན་བསྟན་པ་ཕྱག་རྡོར་གྱི་ཡང་ཚ། སྙན་གྲགས་རྒྱ་མཚོ་དང་། གསེར་གཟུངས། མགོན་པོ་རྡོ་རྗེ་གསུམ་ནི་སེང་གཤོང་བཟོ་རིག་སྒྱུ་རྩལ་གྱི་ཐོག་མའི་ཤིང་རྟའི་སྲོལ་འབྱེད་ཡིན་ཏེ། གསེར་གཟུངས་ལ་སྲས་བརྒྱད་ཡོད་པ་ལས། རྒྱལ་མཚན་སེང་གེ དཔལ་ལྡན་སེང་གེ རྣལ་འབྱོར་སེང་གེ་གསུམ་གྱིས་བལ་བོའི་བཟོ་རྒྱུན་དང་། ཆོས་རྒྱལ་མེས་དབོན་སྐབས་ཀྱི་བོད་ཀྱི་ཕྱག་རྒྱུན་རྣམས་ཀྱི་ལེགས་ཆ་བླངས་པའི་ལག་རྒྱུན་ལ་སེང་གཤོང་སྒྱུ་རྩལ་ལམ་སེང་ལུགས་སུ་གྲགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
吾屯唐卡—泥塑艺术
སྤྱི་ཁྱབ་རྩོམ་སྒྲིག་པ།
བློ་བཟང་བསམ་བྷོ།
དཔེ་སྐྲུན་ཁང་།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2005ལོའི་ཟླ12པ།
1 བརྗོད་བྱ་གཙོ་བོ།

དེ་ཡང་འཇིག་རྟེན་ཡོངས་ལ་ཞི་བདེ་དང་རིག་གནས་ཀྱི་བང་རྩལ་འགྲན་བཞིན་པའི་སྐབས་འདིར། གངས་རིའི་མུ་ཁྱུད་ཀྱིས་ཡོངས་སུ་བཟླུམས་པའི་ལྗོངས་འདིའི་རིག་གནས་སྒྱུ་རྩལ་ཀྱང་འཛམ་གླིང་ཀུན་ཏུ་གྲགས་སྙན་གྱི་བ་དན་གཡོ་ཞིང་གདེང་འཇོག་ཚད་མེད་བྱེད་བཞིན་ཡོད། སྐབས་འདིར་གླེང་བར་བྱ་བ་ནི་བཟོ་རིག་ལ་ལུས་ངག་ཡིད་གསུམ་གྱི་བཟོ་གསུམ་དུ་བཤད་པ་ལྟར། ལུས་བཟོ་ལའང་བྲིས་འབུར་སོགས་ལག་རྩལ་ལས་ཐོན་པའི་བཟོ་རིག་ཐམས་ཅད་དང་། ངག་བཟོ་ལའང་བཀའ་བསྟན་བཅོས་དང་ཡི་གེ་མིང་ཚིག་གི་བརྗོད་པ་གདངས་དབྱངས་སམ་གྱེར་དབྱངས་ཐམས་ཅད་དོ། །ཡིད་བཟོ་ནི་ཐོས་བསམ་སྒོམ་གསུམ་དང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བརྟག་པ་བརྒྱད་དང་། ས་བཅུ་ལམ་ལྔ་ཐམས་ཅད་བཤད་དོ། །སྔོན་རྒྱ་གར་འཕགས་པའི་ཡུལ་དུ་མིའི་བཟོ་ལས་ཀྱི་འཕྲུལ་དང་ལྡན་པ་དག་གི་བཟོའི་གནས་ངོ་མཚར་བ་མང་དུ་བྱུང་སྟེ། སྐུ་གཟུགས་སོགས་རི་མོ་བྲིས་པས་ཀྱང་དངོས་དང་འཁྲུལ་བ་བསྐྱེད་ནུས་པ་འདུལ་བ་ལུང་ལས་གསུངས་པ་ལྟར་རྒྱ་གར་དང་བལ་བོ་སོགས་སུ་བཟོ་བ་རིག་པའི་ལོ་རྒྱུས་ཡུན་རིང་ལྡན་ནོ། །

བསྟན་པ་སྔ་དར་གྱི་དུས་སུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་དྲིན་ལས་གངས་རིའི་ལྗོངས་འདིར་རྒྱལ་བསྟན་དར་བ་ནས་བཟུང་བཟོ་རིག་རྒྱ་ཆེན་དར། ཡང་སྒོས་རེབ་གོང་སྒྱུ་རྩལ་གྱི་ལྟེ་གནས་སེང་གཤོང་སྒྱུ་རྩལ་ནི། སྟོད་དབུས་གཙང་གི་གདུང་རྒྱུད་འཁྲུལ་མེད་སེང་གཤོང་གི་མེས་པོ་སྐྱང་ཚའི་དམག་དཔོན་བསྟན་པ་ཕྱག་རྡོར་གྱི་ཡང་ཚ། སྙན་གྲགས་རྒྱ་མཚོ་དང་། གསེར་གཟུངས། མགོན་པོ་རྡོ་རྗེ་གསུམ་ནི་སེང་གཤོང་བཟོ་རིག་སྒྱུ་རྩལ་གྱི་ཐོག་མའི་ཤིང་རྟའི་སྲོལ་འབྱེད་ཡིན་ཏེ། སྔོན་ཕ་མེས་རྣམས་ཡི་དམ་ཆོས་སྐྱོང་དང་ཡར་ལྷ་ཤམ་པོས་ལུང་བསྟན་པ་ལྟར་དཀའ་བ་གྲངས་མེད་སྤྱད་ནས་བལ་བོར་ཕེབས་ཏེ་བཟོ་བོ་མཁས་ཅན་དྷརྨ་བཛྲ་གཙོ་བོ་བྱས། ཙཎྜ་བྷོ་དྷི་དང་། ཙཎྜ་ཀ་ར། ཧཱ་ས་བཛྲ། ཛྙ་ན་བྷུ་དུ།  ལི་ཙཱ་བྷོ་ཊ་སོགས་སློབ་དཔོན་དུ་བསྟེན་ནས་བཟོ་བོ་བི་ཤྭ་ཀརྨའི་བཟོ་ལུགས་བལ་བོའི་བཟོ་རྒྱུན་སོགས་བྱང་ཆུབ་པར་བྱས་ཏེ་མཁས་པའི་གོ་འཕང་བརྙེས། སླར་རྒྱ་བོད་ཧོར་གསུམ་དུ་ཕེབས་ཏེ་བཟོ་རིག་ལག་རྩལ་གྱི་སྒོ་ནས་སྙན་པའི་གྲགས་དཀར་ས་སྟེང་ཀུན་ལ་ཁྱབ། དེ་ཡང་གསེར་གཟུངས་ལ་སྲས་བརྒྱད་ཡོད་པ་ལས། རྒྱལ་མཚན་སེང་གེ  དཔལ་ལྡན་སེང་གེ  རྣལ་འབྱོར་སེང་གེ་གསུམ་གྱིས་བལ་བོའི་་བཟོ་རྒྱུན་དང་། ཆོས་རྒྱལ་མེས་དབོན་སྐབས་ཀྱི་བོད་ཀྱི་ཕྱག་རྒྱུན་རྣམས་ཀྱི་ལེགས་ཆ་བླངས་པའི་ལག་རྒྱུན་ལ་སེང་གཤོང་སྒྱུ་རྩལ་ལམ་སེང་ལུགས་སུ་གྲགས། རྒྱའི་སྐད་དུ་བུའུ་ཐུན་ཡེ་ཧྲུའུ(吾屯艺术)ཟེར། སེང་གཤོང་སྒྱུ་རྩལ་ད་ལྟའི་བར་ལོ་ངོ་སྟོང་ལྷག་ལ་མ་ཉམས་འཕེལ་རྒྱས་བྱུང་བ་དག་ཞིབ་པར་སེང་གཤོང་དེང་ཐེར་སོགས་ལས་ཤེས་པར་བྱའོ།  །རེབ་གོང་སྒྱུ་རྩལ་ལམ་སེང་གཤོང་སྒྱུ་རྩལ་ནི་ནང་བསྟན་ཆོས་ལུགས་ཀྱི་གྲུབ་ཆ་ཡིན་ལ། མེས་རྒྱལ་རིག་གནས་སྒྱུ་རྩལ་ཁྲོད་ཀྱི་གཅེས་ནོར་དང་། འཛམ་གླིང་ཤེས་རིག་གི་གྲུབ་ཆ་ཞིག་ཀྱང་ཡིན། སྒྱུ་རྩལ་འདི་ནི་མིའི་རིགས་ཀྱི་ཤེས་ཡོན་གྱི་ཤུལ་བཞག་རྒྱུ་ནོར་རྩ་ཆེན་ཞིག་ཡིན་ཕྱིར། ང་ཚོའི་སྒྱུ་རྩལ་ལྟེ་གནས་ཀྱི་དམིགས་ཡུལ་ཡང་འཇིག་རྟེན་འདི་རུ་འཚོ་སྡོད་བྱེད་པའི་འགྲོ་བ་མིའི་རིགས་ཀྱིས་སེང་གཤོང་སྒྱུ་རྩལ་གྱི་ཁྱད་ནོར་འདི་ལ་རྒྱུས་ལོན་དང་ཤེས་རྟོགས་བྱེད་དགོས་པར་མ་ཟད། ད་དུང་ཆེས་ལྷག་པར་རེབ་གོང་སྒྱུ་རྩལ་གྱི་ཐང་ག་དང་། གོས་དྲུབ། འཇིམ་བཟོ་སོགས་ཁྱད་འཕགས་ཐོན་རྫས་འཁོར་རྒྱུག་ཆེ་ཞིང་དར་སྤེལ་བྱེད་པ་དང་། དབྱིབས་ཆེ་འབྲིང་ཆུང་གསུམ་གྱི་ལྡེབས་རིས་འཇིམས་བཟོ་སོགས་བཟོ་རྩལ་ཕུན་སུམ་ཚོགས་པ་དང་ལེན་བྱ་རྒྱུ་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-27

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།