ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་སྒོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་སྒོ།
དེབ་འདི་ནི་གཏན་ཚིགས་རིག་པས་རིགས་འདེད་བྱེད་པའི་གཞུང་ལུགས་ལ་དོན་བརྗོད་བྱེད་པའི་དཔེ་དེབ་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
因明学入门
རྩོམ་པ་པོ།
དམུ་དགེ་བསམ་གཏན་རྒྱ་མཚོ།
དཔེ་སྐྲུན་ཁང་།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2002ལོའི་ཟླ6པ།
1 རྩོམ་པ་པོ།

དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་ནི་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཟུང་ཆུ་རྫོང་གི་ཁོངས་སུ་གཏོགས་པ་དགེ་བཅུ་ཚང་བའི་ཡུལ་དམུ་དགེ་ཞེས་བྱ་བའི་དགོན་འོག་སོག་པོ་རུ་ཟེར་བའི་རོང་སྡེ་དང་པོ་དེར་གྱོང་སྨད་ཚང་། ཞེས་ཁྱིམ་ཚང་གསུམ་ཡོད་པའི་ཡ་གྱལ་གྱོང་སྨད་འཁོར་ལོ་ཚང་དུ་ཡབ་བསོད་དར་དང་ཡུམ་ཨ་ཚེ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་སྟག་སྤྱི་ལོ1914ལོའི་བོད་ཟླ་བཅུ་གཅིག་པའི་ཡར་ངོ་ཞིག་ཏུ་སྐུ་བལྟམས། ཐལ་དགེ་བཤེས་རྗེ་བློ་བཟང་ཆོས་ལྡན་དཔལ་བཟང་པོའི་མདུན་ནས་ཀ་ཁ་སློབ་པའི་མགོ་བཟུང་སྟེ་སྐུ་ཞང་བདེ་ཆེན་དང་ཡབ་ཀྱི་དྲུང་ནས་ཀློག་དང་སྐྱབས་འགྲོ་ལྟུང་བཤགས་སོགས་སྦྱངས་པ་མཛད།  དགུང་གྲངས་བཅུ་གཅིག་ཐོག་བདེ་ཚང་ཁྲི་རྒན་བློ་བཟང་བསྟན་པའི་ཉི་མ་ལས་རབ་ཏུ་བྱུང་སྟེ་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་ལ་བློ་བཟང་བསམ་གཏན་ཞེས་གསོལ། དེ་མཚུངས་དམུ་དགེ་བཀྲ་ཤིས་འཁོར་ལོ་དགོན་དུ་ཆོས་གྲྭ་དང་ཚོགས་ལ་ཞུགས། དགེ་བཤེས་ཆེན་པོ་རྗེ་དཀོན་མཆོག་དགེ་འདུན་ཚང་བསྟེན་ནས་སློབ་གཉེར་མཛད།  ཨ་ཁུ་བློ་བཟང་བཀྲ་ཤིས་ཞུ་བའི་མཁས་པ་ཞིག་ཡོད་པ་དེའི་མདུན་ནས་ཡི་གེ་དཀར་ནག་དང་དག་ཡིག་སོགས་ལ་སྦྱངས་པ་མཛད།  དགུང་ལོ་བཅུ་དགུར་གཞུང་རྒྱུགས་འབུལ་གནང་མཛད་པ་དང་ཅིག་འཛིན་གྲྭའི་སྐྱོར་དཔོན་དུ་བསྐོས་པ་སོགས་དང་། མཐར་རབ་གནས་ཆུ་བྱ་ལོའི་བོད་ཟླ།  གསུམ་པ་ཕྱི་མ་ཤོལ་ཟླའི་ཚེས་བཅོ་ལྔ་སྤྱི་ལོ1993ལོའི་ཟླ5ཚེས6ཉིན་ཏེ་རེས་གཟའ་ཕུར་བུ། རྒྱུ་སྐར་ས་རི། ནམ་ལངས་ཀྱི་དུས་སུ་ཆུ་ཚོད་བདུན་དང་སྐར་མ་ཉེར་ལྔའི་ཐོག་སྐུ་གཤེགས་སོ། །

2 ནང་དོན་གཙོ་བོ།

དེབ་འདི་ནི་གཏན་ཚིགས་རིག་པས་རིགས་འདེད་བྱེད་པའི་གཞུང་ལུགས་ལ་དོན་བརྗོད་བྱེད་པའི་དཔེ་དེབ་ཅིག་ཡིན། འདིའི་ནང་དུ་སྐབས་དང་པོ་གཟུགས་ཀྱི་རྣམ་གྲངས་བཤད་པ་དང་སྐབས་གཉིས་པ་ཤེས་པ་བཤད་པ། སྐབས་གསུམ་པ་ལྡན་མིན་འདུ་བྱེད་བཤད་པ། སྐབས་བཞི་བ་རྒྱུ་འབྲས་བཤད་པ། སྐབས་ལྔ་བ་ཤེས་བྱ་ལ་རང་སྤྱི་གཉིས་སོགས་སུ་དབྱེ་བ་བཤད་པ། སྐབས་ལྔ་བ་ཤེས་བྱ་ལ་རང་སྤྱི་གཉིས་སོགས་སུ་དབྱེ་བ་བཤད་པ། སྐབས་དྲུག་པ་མཚན་མཚོན་བཤད་པ། སྐབས་བདུན་པ་སྤྱི་བྱེ་བྲག་བཤད་པ། སྐབས་བརྒྱད་པ་འགལ་འབྲེལ་བཤད་པ། སྐབས་དགུ་བ་དགག་སྒྲུབ་གཉིས་བཤད་པ། སྐབས་བཅུ་བ་གཅིག་ཐ་དད་བཤད་པ། སྐབས་བཅུ་གཅིག་པ་ཡུལ་དང་ཡུལ་ཅན་བཤད་པ་སོགས་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-28

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།