བོད་གངས་ཅན་གྱི་ཡུལ་དུ་ཡི་གེ་བྱུང་འཕེལ་གྱི་རིམ་པ་བརྗོད་པ་རིག་པའི་སྒྲོན་མེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་གངས་ཅན་གྱི་ཡུལ་དུ་ཡི་གེ་བྱུང་འཕེལ་གྱི་རིམ་པ་བརྗོད་པ་རིག་པའི་སྒྲོན་མེ།
དཔེ་ཆ་འདིའི་ནང་དུ་རྩོམ་པ་པོས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་གཞིར་བཟུང་ནས། བོད་ཀྱི་ཡི་གེ་ཇི་ལྟར་དར་ཚུལ། བོད་ཀྱི་སྔར་བྱུང་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་དུ་བོད་གངས་ཅན་གྱི་ཡིག་རིགས་དག་གི་འཕེལ་འགྲིབ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་གླེང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
藏文文字发展简史
རྩོམ་པ་པོ།
ལྕགས་ཐར་རྒྱལ།
དཔེ་སྐྲུན་ཁང་།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2005ལོའི་ཟླ12པ།
1 རྩོམ་པ་པོ།

ལྕགས་ཐར་རྒྱལ།  ལྕགས་ཐར་རྒྱལ་ལགས་ནི།སྤྱི་ལོ1963ལོར་མཚོ་སྔོན་ཁྲི་ཀ་རྫོང་སྟག་རི་སྡེ་བར་སྐྱེས།སྤྱི་ལོ1981ལོའི་དབྱར་ཟླ་དྲུག་པར་མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་ཏེ་སློབ་གྲྭ་དེ་གའི་བོད་ཡིག་དགེ་རྒན་གྱི་འགན་འཁུར་ཞིང་།སྔ་ཕྱིར་བོད་ཡིག་ཁྲིད་དཔྱོད་ཁང་གི་ཀྲུའུ་རིན་དང་།སློབ་གཉེར་ཁྲུའུ་ཡི་ཀྲུའུ་རིན་རྒན་གཞོན་གྱི་འགན་འཁུར།སྤྱི་ལོ1989ལོར་མཚོ་ལྷོ་ཁུལ་གྱི་ཀུན་སྤྱོད་སློབ་གསོ་དཔེ་ལེགས་ཅན་དང་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་བྱ་བ་སྒྲུབ་མཁན་དཔེ་ལེགས་ཅན།སྤྱི་ལོ1995ལོར་མཚོ་སྔོན་ཞིང་ཆེན་གྱི་དགེ་རྒན་དཔེ་ལེགས་ཅན་དུ་བདམས་པ་སོགས་རྫོང་རིམ་པ་ཡན་ཆད་ཀྱི་བྱ་དགའ་མང་པོ་ཐོབ།

བརྩམས་ཆོས་ལ། ལོ་ཟླ་དེ་གའི་ནང་བོད་གངས་ཅན་གྱི་ཡུལ་དུ་ཡི་གེ་བྱུང་འཕེལ་གྱི་རིམ་པ་བརྗོད་པ་དང་སྤུ་རྒྱལ་ཞེས་པའི་ཐ་སྙད་ཀྱི་ཐོག་མའི་འབྱུང་ཁུངས་ལ་རགས་ཙམ་དཔྱད་པ།   བོད་དང་མྱ་ནག་པོའི་རིག་གནས་འབྲེལ་བ་རགས་ཙམ་གླེང་བ་སོགས་དཔྱད་རྩོམ་སུམ་ཅུ་ལྷག་དང་སྟག་རི་ཐིས་པ་དགོན་གྱི་ལོ་རྒྱུས་མདོར་བསྡུས།《སུམ་རྟགས་ཀྱི་དཀའ་གནས་ལས་བཏོན་པའི་དྲིས་ལན》 《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད》   བོད་ཀྱི་སྐད་ཡིག་ལ་འཇུག་པའི་སྒོ་བཅས་བརྩམས་དེབ་བཞི་དང་ཀུན་སྤྱོད་ཀྱི་མ་ལག་རྣམ་པར་བཤད་པ་ཞེས་པའི་བསྒྱུར་ཆོས་གཅིག་སྤེལ། ད་ལྟ་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་དགུ་པའི་འཐུས་མི་བཅས་ཀྱི་འགན་གཅིག་ལྕོགས་འཁུས་མུས་སུ་མཆིས་སོ།།

2 བརྗོད་བྱ་གཙོ་བོ།

དཔེ་ཆ་འདིའི་ནང་དུ་རྩོམ་པ་པོས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་གཞིར་བཟུང་ནས། བོད་ཀྱི་ཡི་གེ་ཇི་ལྟར་དར་ཚུལ་རྣམས་གོ་རིམ་དང་ལྡན་པའི་སྒོ་ནས་ཞིབ་འབྲི་བྱས་ཡོད་ལ། བོད་ཀྱི་སྔར་བྱུང་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་དུ་བོད་གངས་ཅན་གྱི་ཡིག་རིགས་དག་གི་འཕེལ་འགྲིབ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་གླེང་ཡོད་པར་མ་ཟད།  དེ་དག་ཐོག་མར་ཇི་ལྟར་བཀོལ་སྤྱོད་གནང་ཚུལ་ནས་མཐའ་མར་ཇི་ལྟར་ཉམས་རྒུད་དུ་གྱུར་ཚུལ་སོགས་ལུང་རིགས་ཞིབ་མོའི་སྒོ་ནས་བསྒྲུབས་ཤིང་། ད་ལྟ་སྤྱོད་བཞིན་པའི་བོད་ཡིག་འདིའི་སྐད་གདངས་ཀྱི་བཀླག་ཚུལ་དང་ཡིག་གཟུགས་ཀྱི་འགྱུར་བ་རྣམས་གོ་སླ་ཞིང་ཆ་ཚང་བའི་སྒོ་ནས་ངོ་སྤྲོད་དང་ཕྱོགས་བསྡོམས་གནང་ཡོད་པས།  འདི་ནི་བོད་ཀྱི་རིག་གཞུང་སྤྱི་དང་ཁྱད་པར་དུ་བོད་ཡིག་བྱུང་འཕེལ་གྱི་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་གྱི་རྒྱལ་ཁབ་ཕྱི་ནང་གི་མཁས་པ་རྣམས་ལ་ཕན་སླེབས་ཆེ་བའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཡིན་པར་སེམས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-28

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།