དྲང་སྲོང་དྲག་དཔོན་སྐར་ཚོམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲང་སྲོང་དྲག་དཔོན་སྐར་ཚོམ།
སྐར་ཚོམ་འདི་ནི་ནམ་མཁའ་བྱང་མའི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན་པ་དང་། དེ་གནམ་འབྲུག་སྐར་ཚོམ་གྱི་ལྷོ་ཕྱོགས་དང་། པི་ཝང་སྐར་ཚོམ་དང་ཅོད་པན་སྐར་ཚོམ་བྱང་མ་གཉིས་ཀྱི་བར་ན་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
武仙座
ལ་ཏིང་གི་སྐད།
Hercules
མཚོན་བྱེད་དངོས་པོ།
ཧའེ་ཀོ་ལི་སི།
གཞུང་ཚད།
17h
འཕྲེད་ཚད།
32°
རྒྱ་ཁྱོན།
ཏུའུ་གྲུ་བཞི་མ1225
ལྟ་ཞིབ་ལེགས་ཤོས་ཀྱི་དུས།
ཟླ3པ།
1 ངོ་སྤྲོད།

སྐར་ཚོམ་འདི་ནི་ནམ་མཁའ་བྱང་མའི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན་པ་དང་།     དེ་གནམ་འབྲུག་སྐར་ཚོམ་གྱི་ལྷོ་ཕྱོགས་དང་།     པི་ཝང་སྐར་ཚོམ་དང་ཅོད་པན་སྐར་ཚོམ་བྱང་མ་གཉིས་ཀྱི་བར་ན་གནས་ཡོད།  སྐར་ཚོམ་འདིའི་རྒྱ་ཁྱོན་ལ་ཏུའུ་གྲུ་བཞི་མ1225ཡོད་ལ།   ནམ་མཁའ་ཡོངས་ཀྱི་རྒྱ་ཁྱོན་ལས2.97%ཟིན།  ནམ་མཁའ་ཡོངས་ཀྱི་སྐར་ཚོམ་བརྒྱད་ཅུ་གྱ་བརྒྱད་ཁྲོད་སྐར་ཚོམ་འདིའི་རྒྱ་ཁྱོན་ཨང་རིམ་ལྔ་པ་ཡིན།

2 ངག་རྒྱུན། 

འདོད་པའི་རྩེ་དགར་མྱོས་པའི་ཀྲོའུ་སི་ཀེ་རི་སེའི་དམག་དཔོན་གྱི་ཆུང་མ་ཨའེ་ཁོ་མེ་ན་ལ་ཆགས་པ་དང་།      དམག་དཔོན་དམག་འཁྲུག་རྒྱག་ཏུ་སོང་ཤུལ་ནས་ཀྲོའུ་སི་ཨའེ་ཁོ་མེ་ནའི་སྐྱེས་པ་རུ་བརྫུས་ནས་མོ་དང་ཉེ་པོ་བྱེད་དུ་སོང་།     དུས་ཡུན་རིང་པོ་ཞིག་འགོར་རྗེས་ཀྲོའུ་སི་དང་ཨའེ་ཁོ་མེ་ན་གཉིས་བར་བརྩེ་དུང་ཆགས་པ་དང་།     ཨའེ་ཁོ་མེ་ནས་ཀྲོའུ་སི་ལ་བུ་ཞིག་སྐྱེས་པ་དང་མིང་ལ་ཧའེ་ཀོ་ལི་སི་ཟེར།    ངག་རྒྱུན་ལ་ཧའེ་ཀོ་ལི་སི་ནི་མི་མིན་ལྷ་མིན་ཡིན་པས།       ཁོ་ལ་ལྷན་སྐྱེས་ཀྱི་ནུས་ཤུགས་ཡ་མཚན་པ་ཞིག་ལྡན།     ཁོ་ཆུང་དུས་ལག་གཉིས་ཀྱིས་དུག་སྦྲེལ་ཆེན་པོ་གཉིས་བཙིར་ནས་བསད་པ་དང་དེ་མ་ཟད་ལག་གཉིས་ཀྱིས་ཀྲི་པུའུ་ལུའོ་ཐུའོ་མཚོ་འགག་བརྐོས་པ་ཡིན།

ཧའེ་ཀོ་ལི་སི་ལོ་ན་བཅོ་བརྒྱད་ལོན་དུས།   ཁོ་རྟ་རྩལ་དང་མདའ་རྩལ།     མདུང་རྩལ།     ཆུ་རྐྱལ།     གྲི་རྩལ་སོགས་ཕྱོགས་གང་ལའང་བྱང་ཆུབ་པ་ཞིག་ཡིན་ཞིང་།     ཁོས་ཚེ་གང་བོར་བྱས་རྗེས་རླབས་ཆེན་མང་པོ་བཞག་པས་ཀུན་གྱིས་གཟེངས་བསྟོད་བྱེད་བཞིན་ཡོད།      འཇིག་རྟེན་ཐོག་ཁོས་སྒྲུབ་མི་ཐུབ་པའི་བྱ་བ་གང་ཡང་མེད་པ་དང་།     ལྷའི་འཁོར་གྱིས་ཀྱང་ཁོའི་རོགས་རམ་ལ་བརྟེན་ནས་ད་གཟོད་མི་ཆེན་རིགས་ཕམ་པར་བྱས་པ་ཡིན།      འོན་ཀྱང་།      ཀྲོའུ་སིའི་ཆུང་མ་ཧོ་ལ་རང་གི་སྐྱེས་པའི་རྒྱབ་འགལ་ལ་ཁོང་ཁྲོ་ལངས་ནས་དུས་དང་རྣམ་པ་ཀུན་ཏུ་ཧའེ་ཀོ་ལི་སི་ལ་འཁོན་ལན་སློག་པ་དང་ངན་སྔགས་གཏོང་རྩིས་བྱས།    མོས་ཐབས་ཅི་བཀོལ་ཀྱང་ཧའེ་ཀོ་ལི་སི་གསོད་མ་ཐུབ་པ་ཡིན་ཡང་།     རྗེས་སུ་ཧའེ་ཀོ་ལི་སི་རང་གི་དགའ་རོགས་ཀྱི་ལག་ནས་ཤི་བ་ཡིན།     ཁོ་ཤི་རྗེས་ལྷ་ཡུལ་དུ་དྲངས་ནས་དྲང་སྲོང་དྲག་དཔོན་སྐར་ཚོམ་དུ་བསྒྱུར།

ཧའེ་ཀོ་ལི་སི་ནི་ཀེ་རི་སེའི་ལྷ་སྒྲུང་ཁྲོད་ཀྱི་མི་སྣ་གལ་ཆེན་ཞིག་ཡིན་པ་དང་།    ངག་རྒྱུན་ལ་ཁོས་རྗེས་རབས་རྣམས་ལ་བཞག་པའི་བྱས་རྗེས་ཆེན་པོ་བཅུ་གཉིས་ཡོད་པ་དང་།  དེ་དག་ནི།

བྱས་རྗེས་དང་པོ།      མོ་ཉེ་ཡ་ནགས་ཚལ་ཁྲོད་ཀྱི་སེང་གེ་ཆེན་པོ་དེ་བསད་པ།

བྱས་རྗེས་གཉིས་པ།      སྦྲུལ་མགོ་དགུ་ཅན་གྱི་གདོན་འདྲེ་ཧེ་ཏེ་ལ་བསད་པ་དང་།     དེ་རྗེས་ཧོ་ལས་མངགས་པའི་ཀརྐ་ཊ་ཡང་བསད་པ་ཡིན།

བྱས་རྗེས་གསུམ་པ།      ཤྭ་བ་སེར་ཆེན་གསོན་བཟུང་བྱས་པ།     ཤྭ་བ་སེར་ཆེན་འདི་ལ་ལིའི་རྨིག་པ་དང་གསེར་གྱི་རྭ་ཡོད་པ་ཡིན།      ཧའེ་ཀོ་ལི་སིས་ལོ་གཅིག་གི་རིང་ལ་ཤྭ་བ་སེར་ཆེན་འདི་བདའ་བ་དང་མཐར་མཇུག་དེ་གཉིད་དུ་ཡུར་བའི་སྐབས་གསོན་བཟུང་བྱས་ནས་རྔོན་པའི་ལྷ་ཨ་ཨེར་ཐེ་སྨི་སི་ལ་བྱིན།

བྱས་རྗེས་བཞི་པ།      འཇིགས་སུ་རུང་བའི་ཕག་རྒོད་གསོན་བཟུང་བྱས་པ།     ཧའེ་ཀོ་ལི་སིས་ཕག་རྒོད་དེ་ནགས་ཚལ་ལས་བདའ་ནས་ཁ་བས་གཡོགས་ཡོད་པའི་གྲོག་རོང་དོག་པོ་ཞིག་གི་ནང་ནས་གསོན་བཟུང་བྱས།

བྱས་རྗེས་ལྔ་བ།     Augiaཡི་ཕྱུགས་ར་ལ་གཙང་སྦྲ་བྱས་པ།     Elisརྒྱལ་པོAugiaལ་ཕྱུགས་ཟོག་ཧ་ཅང་མང་པོ་ཡོད་པ་དང་།      Augiaཡིས་ཧའེ་ཀོ་ལི་སི་ལ་ཉིན་གཅིག་གི་ནང་ཧ་ཅང་ཆེ་བའི་ཕྱུགས་ར་འདི་ལ་གཙང་སྦྲ་བྱས་ཚར་དགོས་བཤད།       ཧའེ་ཀོ་ལི་སིས་ཕྱུགས་ར་འདི་ལ་ཁ་ཤོ་གཉིས་སུ་བཏང་བ་དང་།     ཉེ་འགྲམ་གྱི་ཆུ་དྲངས་ནས་གཙང་སྦྲ་བྱས།      གཙང་སྦྲ་བྱས་ཚར་རྗེས་ཧའེ་ཀོ་ལི་སིསAugiaཡི་ལག་ནས་གླ་ཆ་བླངས་འདོད་ཀྱངAugiaཡིས་མ་བྱིན།

བྱས་རྗེས་དྲུག་པ།      ཐན་བྱ་བསད་པ།     Stimphalན་འདམ་གྱི་ཉེ་སར་ཐན་བྱ་ཡོད་པ་དང་།     དེ་ལ་ལིའི་སྡེར་མོ་དང་མཆུ་ཏོ་ཡོད་ལ།     དེ་ཚོས་ལམ་འགྲོ་བ་རྣམས་ཁ་ཟས་སུ་བྱེད་པ་ཡིན།      ཧའེ་ཀོ་ལི་སིས་ལྷ་མོ་ཡ་ཏེན་ན་ཡིས་ཁོར་བྱིན་པའི་ལྷའི་ཅོང་གིས་ཐན་བྱ་དེ་རྣམས་འཕུར་དུ་བཅུག་པ་དང་དེ་རྗེས་ཁོས་མདའ་བླངས་ནས་ཐན་བྱ་དེ་ཚོ་བསད།

བྱས་རྗེས་བདུན་པ།     བག་ཕེབས་ངང་གླང་ཡ་མཚན་ཅན་བཏུལ།

བྱས་རྗེས་བརྒྱད་པ།     Diomedesདང་ཁོའི་གདོན་འདྲེ།       DiomedesནིBistonsརྒྱལ་ཁབ་ཀྱི་རྒྱལ་བོ་ཡིན་པ་དང་།      ཁོར་ཁ་ཟས་སུ་མི་ཤ་ཡིན་པའི་གདོན་འདྲེ་བཞི་ཡོད།      ཧའེ་ཀོ་ལི་སིས་གདོན་འདྲེ་དེ་བཞི་བོ་ཆམ་ལ་ཕབ་ཏེ་གྲུའི་ནང་དུ་བཅུག་ནས་ཕྱིར་ལོག་པའི་སྐབས།      Diomedesཡིས་དམག་ཁྲིད་ཏེ་རྗེས་བདའ་ནས་ཡོང་།    ཧའེ་ཀོ་ལི་སིསDiomedesཕམ་པར་བྱས་པ་མ་ཟདDiomedesཁོའི་གདོན་འདྲེ་རྣམས་ལ་ཁ་ཟས་སུ་བྱིན།

བྱས་རྗེས་དགུ་བ།      Hyppolitaཡི་གསེར་གྱི་སྐེ་རགས་བླངས་པ།

བྱས་རྗེས་བཅུ་བ།     Jerionདང་ཁོའི་ཕྱུགས་ཟོག     ཧའེ་ཀོ་ལི་སིས་དབུ་གསུམ་ཅན་གྱིJerionབསད་པ་མ་ཟད་དེའི་ཕྱུགས་ཟོག་སྒེར་ལ་བཟུང་།

བྱས་རྗེས་བཅུ་གཅིག་པ།     གསེར་གྱི་ཀུ་ཤུ་བླངས་པ།

བྱས་རྗེས་བཅུ་གཉིས་པ།     གཤིན་རྗེའི་ཡུལ་དུ་སོང་ནས་གཤིན་རྗེའི་རྒྱལ་པོ་ཧ་ཏི་སི་ཕམ་པར་བྱས་ནས་དེའི་དབུ་གསུམ་ཅན་གྱི་ཁྱི་ཐུ་པོ་དེ་ས་ཁར་ཁྲིད་ནས་ཡོང་།     ཧའེ་ཀོ་ལི་སིས་བྱས་རྗེས་ཅན་གྱི་བྱ་བ་བཅུ་གཉིས་འདི་སྒྲུབ་རྗེས་ཁོར་རང་དབང་ཐོབ་པ་དང་།     རྗེས་སུ་ཁོ་ལ་དོན་དག་མང་པོ་བྱུང་བ་དང་མཐའ་མར་རང་གི་ཆུང་མ་ཏེ་དབྱི་ཨ་ཉེ་ལ་ཡི་ལག་ནས་རང་སྲོག་ཤོར།      ཧའེ་ཀོ་ལི་སི་ཤི་རྗེས་ཁོ་རང་ཨོ་ལིན་ཕི་སིའི་ལྷ་རུ་གྱུར་ལ།    རྒྱལ་མོ་ཧོ་ལ་ཁོ་དང་འགྲིག་མཐུན་བྱུང་བར་འཐད་པ་བྱུང་བ་མ་ཟད།     ལང་ཚོའི་ལྷ་མོ་ཧོ་པོ་ཁོའི་ཆུང་མ་བྱེད་དུ་བཅུག   


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-27

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།