བྲག་རྡོའི་རྦ་རླབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྲག་རྡོའི་རྦ་རླབས།
ཨོ་སི་ཁྲུ་ལི་ཡའི་ནུབ་ཕྱོགས་སུ་ས་རྟགས་རིང་བཞིན་གྱི་རང་བྱུང་མཛེས་ལྗོངས་ཤིག་ཡོད། དེ་ནི་འཛམ་གླིང་གི་ངོ་མཚར་ཡུལ་ལྗོངས་ཆེན་པོ་བརྒྱད་པར་གྲགས་པའི་བྲག་རྡོའི་རྦ་རླབས་རེད། བྲག་རྡོའི་རྦ་རླབས་ནི་བྲག་རྡོ་ཡན་གར་བ་ཞིག་མིན་ཏེ། དེ་ནི་རྒྱ་མཚོ་ལས་བུད་པའི་བྲག་རྡོའི་ཆ་ཤས་ཤིག་ཡིན་པ་མ་ཟད། ཆེས་ངོ་མཚར་བའི་ཁག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
波浪岩
ཕྱི་ཡིག་གི་མིང་།
Wave Rock
གནས་ཡུལ།
ཨོ་སི་ཁྲུ་ལི་ཡའི་ནུབ་ཕྱོགས།
1 ཡུལ་གྱི་བཀོད་པ་དང་གྲུབ་ཚུལ།

ཨོ་སི་ཁྲུ་ལི་ཡའི་ནུབ་ཕྱོགས་སུ་ས་རྟགས་རིང་བཞིན་གྱི་རང་བྱུང་མཛེས་ལྗོངས་ཤིག་ཡོད།  དེ་ནི་འཛམ་གླིང་གི་ངོ་མཚར་ཡུལ་ལྗོངས་ཆེན་པོ་བརྒྱད་པར་གྲགས་པའི་བྲག་རྡོའི་རྦ་རླབས་རེད།

བྲག་རྡོའི་རྦ་རླབས་ནི་བྲག་རྡོ་ཡན་གར་བ་ཞིག་མིན་ཏེ། དེ་ནི་རྒྱ་མཚོ་ལས་བུད་པའི་བྲག་རྡོའི་ཆ་ཤས་ཤིག་ཡིན་པ་མ་ཟད། ཆེས་ངོ་མཚར་བའི་ཁག་ཀྱང་ཡིན། དེའི་མཐོ་ཚད་ལ་སྨི15དང་། རིང་ཚད་ལ་ཧ་ལམ་སྨི110ཡོད། བྲག་རྡོའི་སྟེང་དུ་ཁ་དོག་སྤེལ་མའི་ཁྲ་ཐིག་དང་།   མ་བཅོས་རང་བྱུང་གི་མཐོ་དམན་དོད་པའི་སྒང་གཤོང་གིས་བལྟས་མ་ཐག་ཏུ་རྒྱ་མཚོ་ཆེན་པོའི་ཀློང་དུ་འཕྱོ་བའི་རྦ་རླབས་ཆེན་པོ་ཞིག་དང་འདྲ་བས། ཤིན་ཏུ་བརྗིད་ཉམས་ལྡན་པ་ཞིག་རེད།

དུས་ཡུན་རིང་བོ་ཞིག་ལ་བྲག་རྡོའི་རྦ་རླབས་ཨོ་སི་ཁྲུ་ལི་ཡ་ནུབ་དབུས་ཀྱི་བྱེ་ཐང་དུ་ཡོད་པས། མི་སུས་ཀྱང་བྱེ་ཐང་དུ་དེ་ལྟ་བུའི་མཛེས་ཤིང་ཡིད་དུ་འོང་བའི་ཡུལ་ལྗོངས་ཤིག་ཡོད་པ་མ་ཤེས། སྤྱི་ལོ1963ལོར་པར་རྒྱག་མཁན་ཞིག་འདི་གར་གནས་སྐོར་བྱེད་དུས། བྱེ་ཐང་དུ་བྲག་རྡོའི་རྦ་རླབས་ཡོད་པ་མཐོང་བ་མ་ཟད། མཛེས་ལྗོངས་དེ་པར་དུ་བླངས། རྗེས་སུ་འདྲ་པར་དེར་ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་འདྲ་པར་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པ་དང་།  དེའི་རྗེས་ཨ་མེ་རི་ཁའི་རྒྱལ་ཁབ་ས་ཁམས་དུས་དེབ་ཀྱི་མདུན་ཤོག་ཏུ་བཀོད་པས། དུས་ཡུན་ཐུང་ངུའི་ནང་བྲག་རྡོའི་རྦ་རླབས་ལ་སྐད་གྲགས་ཆེན་པོ་བྱུང་ཞིང་། འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱས། 

བྲག་རྡོའི་རྦ་རླབས་ཀྱང་རང་བྱུང་ཁམས་ཆེན་པོས་རྨད་བྱུང་ལག་རྩལ་དང་འབྲལ་མི་ཐུབ་སྟེ། ཨོ་སི་ཁྲུ་ལི་ཡའི་ནུབ་ཕྱོགས་ཀྱི་མཐོ་སྒང་གི་གཏིང་རིམ་ནི་ལོ་དུང་ཕྱུར10ཡར་སྔོན་གྱི་གནའ་སྔ་མོའི་འཛེང་རྡོ་ཡིས་གྲུབ་པ་རེད། འཛེང་རྡོ་དེ་དག་ས་ངོས་སུ་བུད་རྗེས། དུས་ཡུན་རིང་བོར་རླུང་གིས་གཡོས་པ་དང་ཉི་འོད་ཀྱིས་བསྲེགས་པ། ཆར་རླུང་གིས་བརྡེག་ནས་བཤལ་མཐར། དབྱིབས་གཟུགས་ཁྱད་མཚར་བའི་བྲག་རྡོའི་རྦ་རླབས་དེ་བྱུང་བ་རེད་དོ༎


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-25

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།