ཨ་མེ་རི་ཁའི་འགྱུར་རྡོའི་ཚལ་རྒྱལ་ཁབ་སྤྱི་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་མེ་རི་ཁའི་འགྱུར་རྡོའི་ཚལ་རྒྱལ་ཁབ་སྤྱི་གླིང་།
གནའ་ནས་ད་ལྟའི་བར། ལོ་ངོ་དུང་ཕྱུར་མང་པོའི་འགྱུར་ལྡོག་ཁྲོད། སའི་གོ་ལའི་སྟེང་དུ་རིམ་གྱིས་གྲུབ་ཅིང་རང་སོར་ཡོད་པའི་སྲོག་ཆགས་དང་རྩི་ཤིང་གི་འགྱུར་རྡོ་མང་བོ་ཡོད་ཀྱང་། ཨ་མེ་རི་ཁའི་འགྱུར་རྡོའི་ཚལ་རྒྱལ་ཁབ་སྤྱི་གླིང་ལྟ་བུ་འགྱུར་རྡོ་མང་པོ་ཕྱོགས་གཅིག་ཏུ་འདུ་བའི་གནས་ནི་ཤིན་ཏུ་ཉུང་། འགྱུར་རྡོའི་ཚལ་རྒྱལ་ཁབ་སྤྱི་གླིང་ནི་ཨ་མེ་རི་ཁའི་མངའ་སྡེ་ཡཱ་ལི་སང་ནའི་བྱང་ཕྱོགས་སུ་ཡོད་པ་དང་། དེ་ནི་འཛམ་གླིང་སྟེང་དུ་ཆེས་ཆེ་བ་དང་ལྟ་ན་སྡུག་པའི་འགྱུར་རྡོའི་ཚལ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
美国化石林国家公园
ཕྱི་ཡིག་གི་མིང་།
Petrified Forest
གནས་ཡུལ།
ཨ་མེ་རི་ཁའི་མངའ་སྡེ་ཡཱ་ལི་སང་ནའི་བྱང་ཕྱོགས།
1 ཡུལ་གྱི་བཀོད་པ་དང་གྲུབ་ཚུལ།

གནའ་ནས་ད་ལྟའི་བར། ལོ་ངོ་དུང་ཕྱུར་མང་པོའི་འགྱུར་ལྡོག་ཁྲོད། སའི་གོ་ལའི་སྟེང་དུ་རིམ་གྱིས་གྲུབ་ཅིང་རང་སོར་ཡོད་པའི་སྲོག་ཆགས་དང་རྩི་ཤིང་གི་འགྱུར་རྡོ་མང་བོ་ཡོད་ཀྱང་།   ཨ་མེ་རི་ཁའི་འགྱུར་རྡོའི་ཚལ་རྒྱལ་ཁབ་སྤྱི་གླིང་ལྟ་བུ་འགྱུར་རྡོ་མང་པོ་ཕྱོགས་གཅིག་ཏུ་འདུ་བའི་གནས་ནི་ཤིན་ཏུ་ཉུང་།   

འགྱུར་རྡོའི་ཚལ་རྒྱལ་ཁབ་སྤྱི་གླིང་ནི་ཨ་མེ་རི་ཁའི་མངའ་སྡེ་ཡཱ་ལི་སང་ནའི་བྱང་ཕྱོགས་སུ་ཡོད་པ་དང་། དེ་ནི་འཛམ་གླིང་སྟེང་དུ་ཆེས་ཆེ་བ་དང་ལྟ་ན་སྡུག་པའི་འགྱུར་རྡོའི་ཚལ་ཞིག་ཡིན། སྤྱི་གླིང་དུ་བསླེབས་པ་ན། ཁྱོད་ཀྱིས་གྲངས་འབོར་ཆིག་སྟོང་ལྷག་ཡོད་པའི་སྡོང་རྐང་འགྱུར་རྡོ་གཡས་འགྱེལ་གཡོན་འགྱེལ་ཡོད་པ་མཐོང་ཐུབ་པ་དང་། དེ་དག་གི་ཚངས་ཐིག་ལ་ཆ་སྙོམས་སྨི1ཡས་མས་དང་། རིང་ཚད་ལ་ཆེས་རིང་བ་ནི་ཧ་ལམ་སྨི40ལྷག་ཡོད། དེ་ལས་གཞན།  ད་དུང་གས་ཆག་ཏུ་གྱུར་པའི་ཤིང་གི་འགྱུར་རྡོ་དུམ་བུ་མང་པོ་སྡོང་རྐང་འགྱུར་རྡོའི་ཉེ་འཁོར་དུ་ཐར་ཐོར་དུ་ཡོད། ཉེ་སར་བཅར་ནས་ཞིབ་ཏུ་བལྟས་ན། ཁྱོད་ཀྱིས་འགྱུར་རྡོའི་སྡོང་རྐང་དག་གི་ལོ་རིས་གསལ་བོ་མཐོང་ཐུབ་པ་མ་ཟད། ཤིང་རིས་ཀྱང་མིག་ལམ་དུ་གསལ་བོར་མངོན་ཡོང་བས། ལྟ་བས་ཆོག་མི་ཤེས་པ་ཞིག་ཡིན།

འགྱུར་རྡོའི་ཚལ་ཡོད་སའི་ས་ཁུལ་དུ་ཤིན་ཏུ་སྟུག་པོའི་འགྱུར་རྡོའི་ཚལ་དྲུག་ཡོད་དེ།   ཁ་དོག་ལ་གཞིགས་ཏེ་དབྱེ་ན་གཡང་ཊི་ལྗང་གུ་དང་། ཆུ་ཤེལ། འཇའ་ཚོན། མ་ན་ཧོ། མདོག་ནག་པོ་དང་སྔོན་པོའི་ནགས་ཚལ་བཅས་ཡོད། མིང་གི་ཐོགས་ཚུལ་ལ་བལྟས་ན། འཇའ་ཚོན་ནགས་ཚལ་ནི་ཆེས་མཛེས་ཤིང་ཡིད་དུ་འོང་བ་དེ་ཡིན་ཞིང་། དོན་དངོས་སུ་ཡང་དེ་བཞིན་ནོ།།   གདོད་མའི་དུས་སུ་འགྱུར་རྡོའི་ཚལ་དེ་དག་ནགས་ཚལ་དངོས་ཞིག་ཡིན་ལ། ཧ་ལམ་ལོ་ངོ་དུང་ཕྱུར1.5སྔོན་དུ་ཆུ་ལོག་རྒྱུགས་ནས་ནགས་ཚལ་འདམ་དང་རྡོ་ཟེགས། མེ་རིའི་ཐལ་བ་སོགས་ཀྱིས་བསྣུབས། རྗེས་སུ་ས་ཁུལ་དེའི་ས་གཤིས་ལན་འགའ་སྤོ་འགྱུར་བྱུང་ཞིང་། སའི་འོག་རིམ་དུ་ཡོད་པའི་སྡོང་རྐང་དག་གིས་བསྐྱར་དུ་ཉི་འོད་མཐོང་། དེ་དུས་སུ། སྡོང་རྐང་འདི་དག་གི་ཕྲ་ཕུང་ལ་གཏེར་སྒྱུར་ནུས་པ་ཐོན་པ་མ་ཟད། ད་དུང་སེར་པོ་དང་དམར་པོ། སྨུག་པོ། ནག་པོ། སྐྱ་བོ་སོགས་མདོག་སྣ་ཚོགས་ཀྱང་ཞུགས་པས། ད་གཟོད་དེ་རིང་གི་ཁ་དོག་རྣམ་པར་བཀྲ་བའི་འགྱུར་རྡོའི་ཚལ་དག་བྱུང་བ་རེད།

འགྱུར་རྡོའི་ཚལ་རྒྱལ་ཁབ་སྤྱི་གླིང་གི་མཛེས་ལྗོངས་མང་པོའི་ཁྲོད་དུ་ཆེས་མིང་གྲགས་ཆེ་བ་ནི་ཚོན་ལྡན་བྱེ་ཐང་ཡིན། བསམ་བློ་ཐོངས་དང་། ཁྱོད་རང་སྐྱ་ཐང་ཐིང་དུ་ཡོད་པའི་བྱེ་སྒང་དུ་འགྲོ་དུས། སྣ་གཅིག་ཅན་གྱི་བྱེ་མ་སེར་པོའི་ཁ་དོག་གིས་ཁྱོད་ཀྱི་མིག་ཟུང་ལ་གཙེས་མོད། གློ་བུར་དུ། ཁ་དོག་སྣ་ལྔའི་འཇའ་ཚོན་དང་གཉིས་སུ་མེད་པའི་འགྱུར་རྡོའི་ཚལ་ཁྱོད་ཀྱི་མཐོང་ལམ་དུ་མངོན་དུས། མྱ་ངན་ཐང་ཆེན་པོ་དེ་ཡང་སྐད་ཅིག་ཙམ་ལ་ལྟ་ན་སྡུག་པ་དང་འོད་མདངས་ལྡན་པ་ཞིག་ཏུ་འགྱུར། དེ་ལྟ་བུའི་ཚོར་བ་གློ་བུར་བ་དེས་ཁྱོད་ལ་དགའ་བ་དཔག་མེད་སྟེར་ངེས། དེ་བས་ཚོན་ལྡན་བྱེ་ཐང་ཞེས་མིང་དུ་གྲགས་སོ༎


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-25

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།