གསེར་མདོག་བཅུ་གཅིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གསེར་མདོག་བཅུ་གཅིག
འདི་ནི་བོད་ཀྱི་གསོ་རིག་ལས་མཁྲིས་ནད་གསོ་བའི་སྨན་ཞིག་ཡིན་ཏེ། ཨ་རུ་གསེར་མདོག སེ་འབྲུ། གསེར་གྱི་མེ་ཏོག བྲག་ཞུན་ཁཎྜ། ག་བུར་ནག་པོ་ནུས་བསྲེགས་ཀྱི་ཐལ་བ། གླ་རྩི། བོང་ང་དཀར་པོ་སོགས་ལས་གྲུབ་པ་དང་། མཁྲིས་སྲིན་མཁྲིས་སྐྲན་དང་བད་མཁྲིས་མགོ་ནད། ཁྲག་མཁྲིས། མ་ཞུ་བ་སོགས་ལ་ཕན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
十一味金色散
ཕྱི་ཡིག་གི་མིང་།
Sartok 11
1 སྨན་སྦྱོར།

ཨ་རུ་གསེར་མདོག སེ་འབྲུ། གསེར་གྱི་མེ་ཏོག བྲག་ཞུན་ཁཎྜ། ག་བུར་ནག་པོ་ནུས་བསྲེགས་ཀྱི་ཐལ་བ། གླ་རྩི། བོང་ང་དཀར་པོ། བྱི་ཏང་ག། པརྤ་ཏ། འཛིན་པ། སེ་བའི་མེ་ཏོག་སོགས་སྨན་སྣ་བཅུ་གཅིག་ལས་གྲུབ་པ་ཡིན།

2 ཕན་ནུས།

ཆུ་བསྐོལ་འཕུལ་བ་མཁྲིས་སྐྲན་དུག་ཐབས་དང་། །བད་མཁྲིས་མགོ་ནད་ཕོ་བ་རྒྱུ་མར་རྒྱུ། །ཁྲག་མཁྲིས་ལྷུང་དང་སྣོད་ཀྱི་མཁྲིས་སྐྲན་དང་། །མ་ཞུ་མིག་སེར་ཁྱད་པར་ཡ་མ་ཡི། །ཚད་པ་འཇོམས་ཤིང་ཤ་སེར་མིག་སེར་དང་། །ཀྵ་ཡ་ནག་པོ་སོགས་ཀྱི་ནས་རྣམས་ལ། །དྲི་བྲོ་ཙམ་གྱིས་ཐེ་ཚོམ་མི་དགོས་སོ། །

3 བསྟེན་ཚུལ།

ཉིན་རེར་ཐེངས1དང་།  ཐེངས་རེར་ཐུན1རེ་བསྟེན།

4 ངོ་བོ།

རང་བཞིན་ཅུང་བསིལ་ལ་བཟི་ཅུང་ཙམ་ཡོད།

5 འཛེམ་བྱ།

གྲང་རླུང་ནད་ཀྱིས་འཛེམ།

6 རྣམ་པ།

ཕྱེ་མ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-23

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།