གབ་ཚིག་གི་རྒྱན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གབ་ཚིག་གི་རྒྱན།
ཐུན་མོང་གི་རྒྱན་གྱི་ནང་གསེས་གསུམ་པ་གབ་ཚིག་གི་རྒྱན་ནི་རྩེད་མོ་སོགས་ཀྱི་མདུན་སར་བཞད་གད་སློང་བའི་ཆེད་དང་གབ་ཚིག་ཤེས་པ་རྣམས་ནང་ཕན་ཚུན་གསང་གཏམ་ཚིག་ཏུ་སྨྲ་བ་དང་། རང་དང་མི་མཐུན་པའི་ཕ་རོལ་པོ་རྣམས་མགོ་བོ་རྨོངས་པར་བྱེད་པའི་ཕྱིར་དུ་གབ་བྱ་སྣ་ཚོགས་ལ་གབ་བྱེད་སྣ་ཚོགས་སྦྱར་ཏེ་སྟོན་པའི་རྒྱན་ཞིག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
隐语修饰法
རྣམ་གྲངས།
ཀུན་ཏུ་ཚོགས་པའི་གབ་ཚིག་སོགས་ནང་གསེས་ཀྱི་རྣམ་གྲངས་བཅུ་དྲུག་འདུ།
1 ངོ་བོ།

གབ་བྱའི་དོན་གང་ཚིག་སྦྱོར་གྱིས།།

གབ་པར་བྱེད་པ་གབ་ཚིག་རྒྱན།།

གབ་ཅིང་སྦ་བར་བྱ་བའི་བརྗོད་བྱའི་དོན་གང་ཡང་རུང་བ་ཞིག་གབ་བྱེད་ཚིག་སྦྱོར་གཞན་ཞིག་གི་སྒོ་ནས་ཕ་རོལ་པོ་རྨོངས་པར་བྱེད་པ་ཞིག་ལ་གབ་ཚིག་གི་རྒྱན་ཞེས་བརྗོད་པ་ཡིན་།

2  དབྱེ་བ།

ཀུན་ཚོགས་སླུ་བྱེད་རིམ་པ་བྲལ།།

རབ་བཅོམ་མཐུན་གཟུགས་རྩུབ་མོ་དང་།།

གྲངས་དང་རབ་བཏགས་མིང་དུ་འདུས།།

བསྒྲིབས་དང་མཐུན་སྒྲ་རྨོངས་པ་དང་།།

ཡོངས་འཕྲོག་གཅིག་བསྒྲིབས་གཉིས་ཀ་བསྒྲིབས།།

ཡོངས་སུ་འདྲེས་དང་བཅུ་དྲུག་གོ།

གབ་ཚིག་གི་རྒྱན་དེ་ལ་ནང་གསེས་ཀྱིས་དབྱེ་ན་རྣམ་པ་བཅུ་དྲུག་ཡོད་དེ། ཀུན་ཏུ་ཚོགས་པའི་གབ་ཚིག་དང་།  སླུ་བྱེད་ཀྱི་གབ་ཚིག  རིམ་པ་བྲལ་བའི་གབ་ཚིག  རབ་བཅོམ་གྱི་གབ་ཚིག  མཐུན་པའི་གཟུགས་ཀྱི་གབ་ཚིག   རྩུབ་མོའི་གབ་ཚིག   གྲངས་ཀྱི་གབ་ཚིག རབ་བཏགས་ཀྱི་གབ་ཚིག   མིང་དུ་འདུས་པའི་གབ་ཚིག  བསྒྲིབས་པའི་གབ་ཚིག   མཐུན་སྒྲའི་གབ་ཚིག   རྨོངས་པའི་གབ་ཚིག  ཡོངས་འཕྲོག་གི་གབ་ཚིག   གཅིག་བསྒྲིབས་ཀྱི་གབ་ཚིག   གཉིས་ཀ་བསྒྲིབས་པའི་གབ་ཚིག  ཡོངས་སུ་འདྲེས་པའི་གབ་ཚིག་བཅས་སོ།།

བརྡ་འགྲེལ་གདོང་འཛར།

རྩོམ་རིག རྩོམ་རིག་གཞུང་ལུགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-22

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།