སྒྲ་རྒྱན།

སྒྲ་རྒྱན།
ཐུན་མོང་གི་རྒྱན་གྱི་ནང་གསེས་གཉིས་པ་སྒྲ་རྒྱན་ནི་སྒྲའི་ཡི་གེ་ལྕི་ཡང་ལ་སོགས་པ་སྡེབ་སྦྱོར་ལས་འབྱུང་བ་བཞིན་དུ་སྦྱར་ཏེ་རྒྱ་གར་ལྷོ་ཤར་གྱི་འདོད་ཚུལ་མི་འདྲ་བ་སོ་སོའི་རང་ལུགས་བཞིན་སྟོན་པའི་རྒྱན་ཡིན།
གཞི་རྩའི་གནས་ཚུལ།
རྒྱ་ཡིག་གི་མིང་།
字音修饰法
རྣམ་གྲངས།
ཡི་གེ་བསྐོར་བའི་ཟུང་ལྡན་དང་། བྱ་དཀའ་བའི་རྣམ་གྲངས་གཞན། དབྱངས་སོགས་ངེས་པའི་བྱ་དཀའ་བ།
1
ངོ་བོ།
རྗོད་བྱེད་ཚིག་གང་ཡིག་གཟུགས་དང་།།
སྒྲ་གདངས་མཚུངས་པར་སྦྱར་བ་ལས།།
ཚིག་སྦྱོར་མཛེས་ཤིང་བརྗོད་དོན་ཡང་།།
ལེགས་པར་སྟོན་ནུས་སྒྲ་ཡི་རྒྱན།།
རྗོད་བྱེད་ཀྱི་ཚིག་གང་དུ་ཡི་གེའི་གཟུགས་དང་སྒྲ་གདངས་སྔོན་རྗེས་ཡོད་མེད་སོགས་མཚུངས་པར་སྦྱར་བ་ལས་ཚིག་སྦྱོར་མཛེས་ཤིང་བརྗོད་བྱའི་དོན་ཡང་འགལ་བ་དང་འབྲེལ་མ་ཆགས་པ་སོགས་མིན་པའི་སྒོ་ནས་ལེགས་པར་སྟོན་ནུས་པ་ཞིག་ལ་སྒྲ་རྒྱན་ཞེས་བརྗོད་པ་ཡིན་ནོ།།
2
དབྱེ་བ།
རྩ་བའི་དབྱེ་བ་རྣམ་གསུམ་སྟེ།།
ཡི་གེ་བསྐོར་བའི་ཟུང་ལྡན་དང་།།
བྱ་དཀའི་རྣམ་གྲངས་གཞན་དང་ནི།།
དབྱངས་སོགས་ངེས་པའི་བྱ་དཀའ་འོ།།
སྒྲ་རྒྱན་དེ་ལ་རྩ་བའི་དབྱེ་བ་རྣམ་པ་གསུམ་ཡོད་དེ། ཡི་གེ་བསྐོར་བའི་ཟུང་ལྡན་དང་། བྱ་དཀའ་བའི་རྣམ་གྲངས་གཞན་དང་། དབྱངས་སོགས་ངེས་པའི་བྱ་དཀའ་བ་བཅས་སོ།།
དཔྱད་གཞིའི་ཡིག་ཆ།
བརྡ་འགྲེལ་གདོང་འཛར།
སྡུད་པ།
འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2016-01-22
གསར་སྤེལ་མཁན། :བདེ་ཆེན་མཚོ།
བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།